མ་ཡུམ་སློབ་གྲྭ། ཉི་མ་ཚེ་རིང་།

རྩོམ་པ་པོ།: 2014-12-25

རུས་མིང་། ཉི་མ་ཚེ་རིང་།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་དང་པོ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

མ་ཡུམ་སློབ་གྲྭ་ལགས།
ཤེས་རིག་བང་མཛོད་ཀྱི་རིག་པའི་ཞིང་ཁམས་ཏེ།
འདི་རུ། རིན་བྲལ་གྱི་རིག་པའི་གཞུང་ལུགས་མུན་སེལ་གྱི་སྒྲོན་མེ་ཡོད་ལ།
གནས་འདིར། ཤེས་རིག་གི་ཐང་ཆེན་སྟེང་དུ།
རིག་ལྡན་གྱི་སློབ་བུ་ཚོགས་ཀྱིས།
ཤེས་རིག་གི་རྟ་མཆོག་བཅིབས་ཏེ།
རིག་པའི་བང་ཁ་གཤིབ་པའི་ཀི་སྒྲ་སྙན།
གནས་འདི་ནས། ཚད་ལྡན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས།
སྐལ་ལྡན་གྱི་སློབ་བུ་དག་ལ།
ཤེས་རིག་གི་སྦྲང་ཆར་ཕབ་པའི་བསིལ་འཇམ་ལྡན།
ཨེ་མ། རིག་པའི་བང་མཛོད་ཤེས་རིག་གི་ཞིང་ཁམས།
ཁྱེད་ཀྱིས། འཇིག་རྟེན་གྱི་བདེ་སྐྱིད་སྐྲུན་ལ་འཛམ་གླིང་གི་མུན་པ་སེལ།
སློབ་གྲྭ་ལགས། ཁྱེད་ནི་འཛམ་གླིང་གི་མ་ཡུམ་སྟེ་འཇིག་རྟེན་གྱི་ཨ་མ་ཡིན།