མི་ཚེའི་རིན་ཐང་། དགེ་ལེགས་ཆོས་རབ།

རྩོམ་པ་པོ།: 2014-12-25

རུས་མིང་། དགེ་ལེགས་ཆོས་རབ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གཉིས་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

དལ་འབྱོར་རྙེད་ཅིང་བསོད་ནམས་བསགས། །
ལེ་ལོ་སྤང་སྟེ་དམིགས་འདུན་བསྒྲུབ། །
འབད་པ་ཆུ་རྒྱུན་བཞིན་དུ་བརྩོན། །
མི་ཚེའི་རིན་ཐང་རྙེད་པར་ངེས། །
      ང་ཚོ་ཡིས་ཀྱག་ཀྱོག་གི་མི་ཚེའི་ལམ་ཕྲན་དུ་གོམ་པ་མདུན་དུ་སྤོ་བཞིན་ཡོད་ལ། ཆགས་སྡང་དང་རེ་བ་ཁོ་ནའི་མི་ཚེའི་ལམ་དུ་བགྲོད་བཞིན་ཡོད། མི་ལུས་ཟེར་བ་དེ་ནི་ཤིན་ཏུ་གལ་ཆེ་ལ། དུས་ཚོད་འཕྲོ་བརླག་ཏུ་བཏང་རྒྱུ་དེ་ནི་ཞེ་འགྱོད་སྐྱེས་དགོས་པ་ཞིག་རེད། ད་ལྟ་ང་ཚོར་ཤེས་རིག་གི་གླིང་ཀའི་སྐྱེད་ཚལ་གྱི་སློབ་གླིང་འདིར། རིག་གནས་མཐའ་དག་སྦྱོང་པའི་བསྐལ་བ་ལྡན་ཞིང་། མི་ཚེའི་རིན་ཐང་རྙེད་པའི་གླིང་ཀ་ཡང་ཡིན། དེ་བས་ང་ཚོས་གཉིད་ཆགས་ཟས་བརྗེད་བྱས་ནས་སློབ་སྦྱོང་བྱེད་དགོས་རྒྱུ་དེ་ནི་དུས་ནམ་ཡང་འདོར་དུ་མི་རུང་བའི་བྱ་བ་ཞིག་ཡིན་པ་ནི་སྨོས་མ་དགོས་སོ། །
ལང་ཚོའི་མེ་ཏོག་བཀྲ་བའི་སློབ་གྲོགས་ཚོ། །
ཚེ་འདིར་མི་ལུས་རིན་ཆེན་ཐོབ་པ་དང་། །
ལེ་ལོ་སྤང་སྟེ་ཤེས་བྱར་བརྩོན་པ་ན། །
ང་ཚོས་མི་ཚེའི་རིན་ཐང་རྙེད་པར་ངེས། །