སློབ་གྲོགས་ཚོ། བཀྲ་ཤིས་དར་རྒྱས།

རྩོམ་པ་པོ།: 2014-12-25

རུས་མིང་། བཀྲ་ཤིས་དར་རྒྱས།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གསུམ་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

བཟོ་ལས་ལག་རྩལ་སློབ་དགོས་སློབ་གྲོགས་ཚོ། །
མཐུན་སྒྲིལ་ལག་རྡང་བསྒྲིལ་དགོས་སློབ་གྲོགས་ཚོ། །
ཤེས་རིག་ཡོན་ཏན་སྦྱོང་དགོས་སློབ་གྲོགས་ཚོ། །
མ་འོངས་མདུན་ལམ་འཚོལ་དགོས་སློབ་གྲོགས་ཚོ། །

བཅུ་ཕྲག་གནས་ལ་སྦྱོང་དགོས་སློབ་གྲོགས་ཚོ། །
ལ་རྒྱ་སེམས་སུ་ཡོད་དགོས་སློབ་གྲོགས་ཚོ། །
རྒན་ལ་གུས་བཀུར་བྱེད་དགོས་སློབ་གྲོགས་ཚོ། །
ཕ་སྐད་གཙང་མ་སྨྲ་དགོས་སློབ་གྲོགས་ཚོ། །

ཆང་དང་ཨ་རག་མ་འཐུང་སློབ་གྲོགས་ཚོ། །
མི་དགེ་བཅུ་པོ་མ་སྒྲུབ་སློབ་གྲོགས་ཚོ། །
ཕ་ས་སྨུག་པོ་སྐྱོང་དགོས་སློབ་གྲོགས་ཚོ། །
མ་འོངས་གངས་ལྗོངས་བདག་པོ་ཁྱེད་རྣམས་ཡིན། །