ཨ་མའི་བྱམས་བརྩེ། བསོད་ནམས་ཚེ་བརྟན།

རྩོམ་པ་པོ།: 2014-12-25

རུས་མིང་། བསོད་ནམས་ཚེ་བརྟན།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་དང་པོ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

ཟླ་དགུ་ཞག་བཅུར་ཁུར་བའི་དྲིན་ཆེན་གྱི་ཨ་མ། །
ནུ་ཞོ་ཁ་ལ་བླུག་པའི་དྲིན་ཆེན་གྱི་ཨ་མ། །
ཞ་བོ་ལམ་དུ་ཁྲིད་མཁན་དྲིན་ཅན་གྱི་ཨ་མ། །
བསམ་མེད་བསམ་ཡོད་བཟོ་མཁན་དྲིན་ཅན་གྱི་ཨ་མ། །
ནམ་ཡང་བརྗེད་ཐབས་མེད་པའི་དྲིན་ཅན་གྱི་ཨ་མ། །
སྙིང་ནས་བརྩེ་བས་སྐྱོང་མཁན་དྲིན་ཅན་གྱི་ཨ་མ། །
      བདག་མི་ཡུལ་དུ་ལྷུང་བའི་ངུ་ངག་ཐོག་མ་ནས་བཟུང་། ཨ་མའི་དཀའ་སྡུག་གི་རྔུལ་ཆུའི་ཐིགས་པ་རེ་རེ་དང་བརྩེ་སེམས་ཟབ་མོ་བདག་གི་མཚར་སྡུག་ལང་ཚོ་དང་བྲལ་མ་མྱོང་ལ། དེ་ནས་ཉི་མ་གཉིས་ཙམ་ནས་བུ་ཆུང་ང་ལ་ཆམ་ནད་ཅིག་ཕོག་སྐབས་སུ་ཨ་མས་སྐར་ཆ་གཅིག་ལ་ཡང་ངལ་མི་གསོ་བར་བུ་ཆུང་ང་ལ་གཅེས་སྐྱོང་བྱེད་བཞིན་འདུག ངོ་མ་ཨ་མ་ཡི་བརྩེ་སེམས་དང་བྱམས་སེམས་འདི་ནི་བུ་ཆུང་ང་ལ་བྲལ་ཐབས་མེད་པ་ཞིག་རེད།
      དེ་ནས་ང་རང་ན་སོན་རྗེས་དྲིན་ཅན་ཕ་མ་གཉིས་ཀྱིས་བུ་ཕྲུག་ང་ལ་བརྩེ་བས་རེ་བའི་འདུན་མ་མང་པོ་བརྗོད་ཅིང་། ད་རུང་དེས་མི་ཚད་དྲིན་ཅན་མ་ལོ་ཁྱོད་ཀྱིས་དཀའ་བ་ཕྲག་ཏུ་ཁུར་ངལ་བ་ཆེད་དུ་བསད་ནས་བུ་ངའི་དོན་དུ་རང་ལུས་སྣང་མེད་དུ་བཏང་། གལ་ཏེ། བུ་ཆུང་ང་བུ་བཟང་པོ་ཞིག་ཡིན་ན་བཀའ་དྲིན་ཅན་གྱི་ཕ་མ་གཉིས་པོའི་དྲིན་ལན་འཇལ་ཐུབ་པ་བྱ་ངེས་རེད།
      ཨ་མ་ལགས་ད་རུང་འདས་སོང་གི་ལོ་ཟླར་རྗེས་དྲན་རེ་བྱེད་སྐབས་སུ་ཨ་མ་ཁྱེད་ཀྱི་ཞལ་ཏ་རེ་རེ་དང་། བྱམས་བརྩེ་ཡི་མིག་ཆུ་བཞུར་བཞིན་སློབ་གསོ་ཡི་ལེགས་ལམ་སྟོན་མཁན་གྱི་ཨ་མ་ལགས།
      ཨ་མ་ཡ། ཨ་མ། ད་དུང་བུ་ཆུང་ངས་བསམ་བློ་གཅིག་གཏོང་ནས་སྔ་འདང་ལན་གཅིག་བརྒྱབ་ནས་མྱུར་དུ་ཡར་ལ་ལངས་ཏེ་རྒྱང་རིང་རེ་བའི་འདུན་མ་བུ་ཆུང་ང་ལ་ཡོད་པས། བརྩོན་པ་ཆུ་བོའི་རྒྱུན་བཞིན་མ་བྱས་ན་དྲིན་ཆེན་ཨ་མའི་རེ་བ་སྟོང་ཟད་དུ་གཏོང་པ་མ་ཟད་དྲིན་ལན་ཇི་ལྟར་འཇལ།
      དྲིན་ཅན་མ་ལོའི་བྱམས་བརྩེ་འདི་ནི་རི་རབ་ལས་སྤོང་མཐོ་ལ་རྒྱལ་མཚོ་ལས་ཀྱང་གཏིང་ཟབ་པ། ཨ་མ་ཁྱོད་ཀྱིས་བྱམས་བརྩེ་དང་འཛུམ་མདངས་དེ་དྲན་ཐེངས་རེ་རེར་ངའི་སེམས་པར་སྤྲོ་བ་ཤིན་ཏུ་ཆེ་ཞིང་། འཇིག་རྟེན་ན་ཆེས་གཟི་བརྗིད་ལྡན་པ་ནི་ཨ་མའི་བྱམས་བརྩེ་ཡིན་པར་རྟོགས་སོ། །