ལམ་ལ་ཆས་དང་། ཚེ་རིང་དབང་མོ།

རྩོམ་པ་པོ།: 2014-12-25

རུས་མིང་། ཚེ་རིང་དབང་མོ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གཉིས་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

ཤ་རུས་གཅིག་ལས་ཆད་པའི་གངས་ཕྲུག་ཚོ། །
སྒྱིད་ལུག་རྣམ་གཡེང་མ་བྱེད་ཡར་ལ་ལོངས། །
མཐུན་པའི་ལག་རྡང་སྒྲིལ་ནས་ལམ་ལ་ཆས། །
མ་འོངས་གངས་ལྗོངས་བདག་པོ་ཁྱེད་ཚོ་ཡིན། །

རིག་པའི་གནས་ལ་འབད་པའི་གཞོན་ནུ་ཚོ། །
གནའ་དེང་རིག་གནས་སློབ་དང་རང་ལ་ཕན། །
སྐད་དང་ཡི་གེ་རང་རིགས་བླ་སྲོག་ཡིན། །
སྐད་ཡིག་བདག་སྐྱོང་བྱེད་མཁན་ཁྱེད་ཚོ་ཡིན། །

ཐབས་ཤེས་སོགས་ལ་རྨོངས་པའི་སྐྱེ་བོ་ཚོ། །
རྣམ་གཡེང་སྒྱིད་ལུག་མ་བྱེད་རང་སྐྱོན་ཡིན། །
དགེ་བའི་བཤེས་ཀྱི་གསུང་ལ་ཡིད་རབ་གཏོད། །
ཁྱེད་ཀྱི་མ་འོངས་མདུན་ལམ་འདི་ནས་འཚོལ། །

ཤ་ཚ་བའི་གཏམ་ལ་སྙན་པོ་མེད། །
དོན་གོ་བ་ལོན་དང་རང་ལ་ཕན། །
ཤེས་ལང་ཚོ་རྒྱས་པའི་འཇིག་རྟེན་འདི། །
མི་བླུན་རྒན་འདི་ན་འགྲོ་བར་དཀའ། །


     དུས་བཞིའི་ཕ་ཡུལ་གྱི་རྣམ་པ།

               དགུན།
གྲང་རླུང་ལྡང་བའི་དགུན་ཁ་སླེབ་དུས། །
ཁ་བ་འབབ་པའི་རྣམ་པ་དྲན་བྱུང་། །
མཐོ་སྒང་བྲག་ངོས་གཟར་བོ་མཐོང་དུས། །
གངས་སེང་དཀར་མོ་སྙིང་ནས་དྲན་བྱུང་། །

                  དཔྱིད།
དཔྱིད་ཀྱི་དཔལ་མོ་མཁའ་ལ་ལྡིང་དུས། །
དྲོ་ཞིང་འཇམ་པའི་ཉི་འོད་དྲན་བྱུང་། །
ཁུ་བྱུག་གསུང་སྙན་ལྷང་ལྷང་སྒྲོག་དུས། །
མདོ་བ་རྟ་ཡི་མཚེར་སྒྲ་དྲན་བྱུང་། །

                  སྟོན།
སྦྲང་ཆར་ཟིལ་མ་ཟིམ་ཟིམ་འབབ་དུས། །
གཡུལ་ལོ་རྒྱས་པའི་རྩྭ་ཐང་དྲན་བྱུང་། །
ཡལ་ག་ལོ་མ་ཐང་ལ་ལྷུང་དུས། །
གསེར་ལྡན་ལྗོངས་ཀྱི་ས་གཞི་དྲན་བྱུང་། །
                 དབྱར།
དྭངས་ཤིང་གཙང་བའི་ཆུ་བོ་མཐོང་དུས། །
དྲིན་ཆེན་ཨ་མའི་ནུ་ཞོ་དྲན་བྱུང་། །
མེ་ཏོག་བཞད་པའི་རྩྭ་ཐང་མཐོང་དུས། །
རྟ་ནོར་ལུག་གི་རྩེད་ར་དྲན་བྱུང་། །