ང་། འཛོམས་སྐྱིད།

རྩོམ་པ་པོ།: 2014-12-25

རུས་མིང་། འཛོམས་སྐྱིད།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་དང་པོ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

ང་ཡི་མིང་ལ་གངས་རིའི་བུ་མོ་ཟེར། །
ང་ཡི་རྒྱབ་རི་གངས་དཀར་ཏི་སེ་ཡིན། །
ང་ཡི་འཚོ་གནས་གངས་ལྗོངས་ཕྱུག་མོ་ཡིན། །
ང་ཡི་ཁ་ཟས་སྦྲང་དཀར་རྩམ་པ་ཡིན། །

ང་ཡི་འཐུང་ཆུ་རྨ་འབྲི་རྫ་གསུམ་ཡིན། །
ང་ཡི་སྒོ་ཕྱུགས་རྟ་ནོར་ལུག་གསུམ་ཡིན། །
ང་ཡི་ཕ་ཁྱིམ་སྦྲ་ནག་གྲུ་བཞི་ཡིན། །
ང་ཡི་སྐྱབས་གནས་དཀོན་མཆོག་རྣམ་གསུམ་ཡིན། །

ང་ཡི་ཚེ་སྲོག་སྐད་དང་ཡི་གེ་ཡིན། །
ང་ཡི་བཤད་རྒྱུ་ཕ་སྐད་གཙང་མ་ཡིན། །
ང་ཡི་སྦྱོང་རྒྱུ་བཅུ་ཕྲག་རིག་གཞུང་ཡིན། །
ང་ཡི་བསམ་རྒྱུ་བོད་རིགས་སྤུན་ཟླ་ཡིན།

            གྲོགས་པོ།

ལས་དབང་བཙན་པོ་ཞིག་གིས། །
བྲལ་བའི་དུས་ལ་སླེབས་ཀྱང་། །
མཚན་མོ་རྨི་ལམ་ནང་ནས། །
ཁྱེད་ཉིད་ཁོ་ན་དྲན་སོང་། །

ཁྱོད་ལ་འཁྲེན་པའི་སེམས་ཀྱིས། །
མི་བརྗེད་རྡོ་བརྐོས་རི་མོ། །
ང་ཡི་སེམས་སུ་འཆར་བ། །
ནམ་ཡང་བརྗེད་པ་མི་འདུག །

ཁྱེད་རང་མེད་པའི་ཉིན་མོར། །
སེམས་སུ་སྡུག་བསྔལ་ཤར་ཞིང་། །
མིག་མཐར་མཆི་མ་འཁོར་ནས། །
ང་རང་བཟོད་ཐབས་མི་འདུག །

ངེད་གཉིས་བྲལ་བའི་རྗེས་ནས། །
ཁེར་རྐྱང་ང་ཡི་སེམས་པ། །
ཁྱོད་ཉིད་དྲན་རྒྱུ་མ་གཏོགས། །
བྱ་བ་གཞན་པ་མི་འདུག །

མི་ཚོགས་མང་པོའི་དཀྱིལ་ནས། །
མཛའ་མཐུན་ཆ་འགྲིག་མཐོང་དུས། །
ཁེར་རྐྱང་བུ་མོ་ང་ཡིས། །
དྲན་གདུང་ཁྱེད་ལ་འཁོར་སོང་། །