དྲིན་ཅན་མ་ལོ། ཨོ་རྒྱན་སྒྲོན་མ།

རྩོམ་པ་པོ།: 2014-12-25

རུས་མིང་། ཨོ་རྒྱན་སྒྲོན་མ།
འཛིན་གྲྭ། 13ཆེད་འབྲིང་བོད་ཡིག་འཛིན་གྲྭ་གཉིས་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

ཟླ་དགུ་ཞག་བཅུ་ཁུར་མཁན་དྲིན་ཅན་མ། །
མི་ལུས་རིན་ཆེན་གནང་མཁན་དྲིན་ཅན་མ། །
ཞིམ་མངར་ནུ་འོ་བླུད་མཁན་དྲིན་ཅན་མ། །
མི་གཙང་གཅིན་སྐྱག་ཕྱི་མཁན་དྲིན་ཅན་མ། །

བྱམས་དང་སྙིང་རྗེས་སྐྱོང་མཁན་བྱམས་ལྡན་མ། །
ཟས་གོས་ཅི་དགའ་སྦྱིན་མཁན་བྱམས་ལྡན་མ། །
ལྔ་རིག་གླིང་དུ་མངག་མཁན་བྱམས་ལྡན་མ། །
ཡིད་ཆེས་བློ་གཏད་བྱེད་མཁན་བྱམས་ལྡན་མ། །

བཀའ་དྲིན་རི་ལས་མཐོ་བའི་དྲིན་ཅན་མ། །
བྱམས་བརྩེ་མཚོ་ལས་ཟབ་པའི་དྲིན་ཅན་མ། །
ནམ་ཡང་བརྗེད་ཐབས་དཀའ་བའི་དྲིན་ཅན་མ། །
ཚེ་ཐག་ཆུ་ལས་རིང་ཤོག་དྲིན་ཅན་མ། །