ལམ་འགྲོ་བ་དང་ཟམ་པའི་རང་གཏམ། ཚེ་རིང་སྒྲོལ་མ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། 2018-01-09
མཚོ་སྔོན་པོ་དྲ་བ།

རུས་མིང་། ཚེ་རིང་སྒྲོལ་མ།
འཛིན་གྲྭ། མཐོ་གཉིས་བདུན་རྩིས་ཚན་འཛིན་གྲྭའི།

           ཁ་སང་། ཁྱོད་ནི་གནས་འདི་ནས་འགྲོ་བའི་ལམ་འགྲོ་བ་ཞིག
           ཆུ་བོ་དེའི་ཟམ་པ་བརྒལ་དུས།
           ཁྱོད་ནི་འདང་རྒྱག་ཅི་ཡང་མེད་པའི་བླུན་རྨོངས་ཞིག
           དེ་རིང་།
           ཁྱོད་ནི་སྔར་བཞིན་གནས་འདི་ནས་འགྲོ་བའི་ལམ་འགྲོ་བ་ཞིག
           ཆུ་བོ་དེའི་ཟམ་པ་བརྒལ་དུས།
           ཁྱོད་ལ་སྔར་བཞིན་འདད་རྒྱག་ཅི་ཡང་མེད་དོན་ཅི།
           འདས་པའི་ལོ་ཟླའི་ནང་དུ།
           གློ་བུར་བའི་ཆུ་ལོག་གི་འཇིགས་པ་དེས།
           ཟམ་པ་དེར་གནོད་འཚེ་ཐེབས་སོང་།
           དུས་རབས་ཀྱི་འཕེལ་འགྲོས་བྱ་ལྟར་མྱུར་བའི་དེ་རིང་།
           ཟམ་པ་དེའི་འགྲམ་ནས་གཞུང་ལམ་ཞིག་བཏོད་བྱུང་།
           ཡིན་ནའང།
         ཁྱོད་སྔར་བཞིན་ཞིག་རལ་གྱི་ཟམ་པ་དེར་གོམ་པ་སྤོ་དོན་ཡང་སྙིང་ཅི་ཞིག་ཡིན་ནམ། ལམ་འགྲོ་བ།
           ཟམ་པ་དེར་ལོ་རྒྱུས་ཀྱི་རྒྱུན་རིང་བ་བདེན་དུ་ཆུག་ཀྱང་།
           ཟམ་པ་དེར་གོམ་པ་སྤོ་མཁན་མང་བའང་བདེན་དུ་ཆུག་རུང་།
           ཞིག་རལ་གྱི་ཟམ་པ་དེར།ཡང་སྙིང་བཟོ་བཅོས་རྒྱག་མཁན་མེད་དོན་ཅི།