གཉོམ་ཆུང་གི་ཚེ་སྲོག འཕགས་དབུས་མགོན་པོ་འཚོ།

རྩོམ་པ་པོ།:འཕགས་དབུས་མགོན་པོ་འཚོ། 2018-01-01
མཚོ་སྔོན་པོ་དྲ་བ།
རུས་མིང་། འཕགས་དབུས་མགོན་པོ་འཚོ།
འཛིན་གྲྭ། མཐོ་གཉིས་བདུན་འཛིན་གྲྭ།
     ཚེ་སྲོག་རྣམ་པར་བཀྲ་བའི་མཚར་སྡུག་གི་འཇིག་རྟེན་འདིར། རང་བྱུང་གི་ཁོར་ཡུག་ལྟ་ན་སྡུག་ཅིང་། རི་མགོ་གངས་ཀྱིས་གཡོགས་ལ། རི་སྐེད་ནགས་ཀྱིས་སྤྲས་པ། རི་ཞོལ་དུ་མེ་ཏོག་ཁྲི་མ་འབུམ་གྱིས་བརྒྱན་པས། མཚར་སྡུག་གི་ཁོར་ཡུག་འདི་འདྲ་ཞིག་ལ། ཚེ་སྔོན་ལས་ཀྱི་དབང་གིས་ཉམ་ཆུང་ཚེ་སྲོག་དཀྱུས་མ་ཞིག་བླངས་པ་ལ་འཁང་ར་དང་ལེ་བདའ་གཏན་ནས་བྱས་མ་མྱོང་།
     འདས་ཟིན་པའི་ལོ་ཟླ་མང་པོ་ཞིག་ལ་ཕྱིར་འདང་བརྒྱབ་ན། སྔོན་ཆད་གངས་ཅན་ནགས་ཁྲོད་ནས་ཚེ་སྲོག་གི་མྱུ་གུ་འབུས་པའི་མེས་པོ་དག་གིས། གདོད་མའི་རང་གིཤས་མ་བོར་བར་རྗེས་རབས་པ་རྣམས་ལ་མིག་གིས་འཚོས་ཤིང་། སེམས་ཀྱིས་སྒོམ་ཡོད། མིའི་རིགས་ནི་ནམ་ཡང་ང་ཚོའི་སེམས་ཁོང་གི་རྩེད་ཡ་དགོད་ཡ་ཡིན། དགའ་བདེའི་དཔལ་ལ་རོལ་བའི་རང་བྱུང་ཁོར་ཡུག་ན་སྐྱིད་སྣང་གིས་བཟི་བཞིན། རྩྭ་ཐང་ན་འཇའ་འོད་ཀྱིས་དཀྲུགས་པའི་སྦྲང་ཆར་དང་མཉམ་དུ་རྩེན།
     མུན་རུབ་པའི་མཚན་མོ་དེར། གྲང་རླུང་འུར་འུར་ལྡིང་ཞིང་། མུན་ནག་ཁྲོད་མགོ་བོ་ཨ་མའི་བྲང་གཞུང་ལ་གཏད་དེ། བདེ་སྣང་གིས་ཁེངས་པའི་ངུར་སྒྲ་རིང་དུ་འཐེན་ཞིང་།  མུན་ནག་ཁྲོད་མགོ་བོ་ཨ་མའི་བྲང་ཁར་གཏད་དེ་བདེ་སྣང་གིས་ཁེངས་པའི་སྔུར་སྒྲ་རིང་དུ་འཐེན་བཞིན། ཡོད་ཚད་དང་མཉམ་དུ་གཉིད་དུ་ཡུར། བདེ་སྣང་གིས་བཟི་བའི་རྣམ་ཤེས་ཏེ་རྨི་ལམ་གྱི་ཞིང་ཁམས་མྱུལ་ནས་འཇིག་རྟེན་མི་ཡུལ་ལ་ལྟད་མོར་ཆས། གློ་བུར་ཐོག་སྒྲ་ཞིག་དང་འདྲ་བའི་ཙག་སྒྲ་ཞིག་གིས་རྨི་ལམ་གྱི་ཞིང་ཁམས་ནས་གྲོལ་ཏེ་གཉིད་ལས་བསླངས། སྐྱི་གཡའ་བའི་འཇིགས་སྣང་དེ་དང་ལྷན་དུ་མ་ལོའི་སྲོག་རྩར་འཁྱིལ་བའི་དྲོད་ཁོལ་སྐད་ཅིག་ཏུ་ཡལ། སྨག་རིམ་གྱིས་བཏུམ་པའི་མཚན་མོ་འདི་ནས་ཨ་མ་དང་གཏན་དུ་ཁ་གྱེས་སོང་། གྲང་འཁྱགས་ཀྱིས་བསྡམས་པའི་སེམས་པ་སྡུག་གིས་མནར། མཚོན་ཆ་ཐོགས་པའི་མངོན་མེད་གཤེད་མ་དེར་ད་དུང་སུ་ཞིག་གིས་འགྲན་འཛུགས་ཐུབ་བམ།
     གཉོམ་ཆུང་གི་ཚེ་སྲོག་ཙག་གིས་བསྡམས། རང་དབང་གི་ལས་སྐལ་རྫོགས་པའི་རི་དྭགས་དེ་དག་ཉིན་ནས་ཉིན་དུ་རྒུད་པའི་ལམ་ལ་ཞུགས། འཚོ་གནས་བྱེད་སའི་རྒྱབ་རིའི་སྐྱེད་ཚལ་མང་པོ་ཞིག་ཞོགས་སད་ཀྱིས་བཅོམ་སོང་། སྐྱ་ཐིལ་ལེར་མཐོང་སྣང་མཐའ་དག་གི་ཚོན་མདོག་ཅལ་གྱིས་ཕྱིད་སོང་།