དུས་ཚོད། མཚོ་ཉིན་མགོན་པོ་འཚོ།

རྩོམ་པ་པོ།:མཚོ་ཉིན་མགོན་པོ་འཚོ། 2018-01-01
མཚོ་སྔོན་པོ་དྲ་བ།
རུས་མིང་། མཚོ་ཉིན་མགོན་པོ་འཚོ།
འཛིན་གྲྭ། མཐོ་གཉིས་བདུན་འཛིན་གྲྭ།

     རླབས་ཆེན་གྱི་རྩོམ་རིག་པ་ཀོར་ཅིས་དུས་ཚོད་དང་ཤེས་བྱ་ནི་ཆེས་རྩ་ཆེ་བའི་རྒྱུ་ནོར་དང་།ལག་ལེན་དང་སྦྱོང་བརྡར་ནི་ཆེས་རྩ་ཆེ་བའི་ཡོང་འབབ་ཡིན་ཞེས་གསུངས་ཡོད།མི་མང་ཤོས་ཤིག་གིས་དུས་ཚོད་ནི་ཤེས་བྱ་ལས་ཀྱང་གལ་ཆེ་བ་དང་།ཤེས་ཡོན་ནི་དུས་ཚོད་ལ་རག་ལས་པའི་གནད་དམ་པ་མ་རྟོགས་པར་བྱ་བ་གང་ཡིན་ཡང་སང་ཉིན་སྒྲུབ་ཆོག་འདོད་འདུག
     མིའི་རིགས་ཀྱི་ཤེས་རིག་གི་ལོ་རྒྱུས་འཕེལ་བའི་ཆུ་རྒྱུན་རིང་མོའི་ཁྲོད།དུས་ཚོད་ལ་གཅེས་འཛིན་བྱེད་པའི་མིནཁོ་ནར་ད་གཟིད་ཕུགས་བསམ་གྱི་ཡང་རྩེར་སླེབས་ཐུབ་པའི་རེ་བ་ཡོད།ཡང་ཨ་རིའི་ཆབ་སྲིད་པ་ཧྥུ་ལན་ཁེ་ལིན་གྱས་ཁྱེད་ཉིད་ཚེ་སྲོག་ལ་དགའ་བ་བདེན་ན།དུས་ཚོད་ནི་ཚེ་སྲོག་གི་གྲུབ་ཆ་ཡིན་པས་དུས་ཚད་ཆུད་ཟོས་སུ་མ་གཏོང་ཞེས་གདམས་པ་ལྟར།དུས་ཚོད་ལ་ངེས་པར་དུ་གཅེས་འཛིན་བྱ་དགོས།དཔེར་ན།ཨེ་ཏེ་ཧྲིན་གྱིས་དུས་ཚོད་ལ་དམ་འཛིན་བྱས་ཏེ་ཉིན་མཚན་ལྟོས་མེད་དུ་ཚན་རིག་ཞིབ་འཇུག་ལ་འབད་བརྩོན་བྱས་ཏེ།གློག་སྒྲོན་སོགས་དེང་རབས་དངོས་ཆས་ཆིག་སྟོང་སུམ་བརྒྱ་ལྷག་གསར་བཏོད་མཛད་ཡོད་པས།འཛམ་གླིང་གི་མིང་དུ་གྲགས་པའི་གསར་བཏོད་མཁན་པོར་གྱུར།ཚན་རིག་པ་དང་མཁས་དབང་ཆེན་པོ་དག་གིས་དུས་ཚོད་ནི་རྒྱལ་ཁ་ཐོབ་པའི་རྩ་བ་ཡིན་པར་དགོངས་ཡོད།དེའི་ཕྱིར་ང་ཚོ་གཞོན་སྐྱེས་རྣམས་ལ་མཚོན་ན།ངེས་པར་དུ་བརྩོན་འགྲུས་ཀྱི་རྟ་ཕོ་ལ་ལྕག་གིས་སྐུལ་ཏེ།ཆུང་དུས་ནས་དུས་ཚོས་བྱེད་མཁས་པའི་སློབ་གཉེར་པ་ཞིག་ཏུ་འགྱུར་བར་བརྩོན་དགོས།