དུས་བཞིར་བསྔགས་པ། གཡང་འབུམ་རྒྱལ།

རྩོམ་པ་པོ།:གཡང་འབུམ་རྒྱལ། 2018-11-01
མཚོ་སྔོན་པོ་དྲ་བ།
རུས་མིང་། གཡང་འབུམ་རྒྱལ།
འཛིན་གྲྭ། ལོ་རིམ་དགུ་བ།(6)
དཔྱིད།
                    འཆོར་སྒེག་ངོམ་པའི་དཔྱིད་ཀྱི་གཞོན་ནུ་མས།།
                    རབ་དཀར་ཁ་བས་གཡོགས་པའི་ཡུལ་གྲུ་ཡི།།
                    སྔོ་ལྗང་མྱུ་གུར་ཚེ་སྲོག་གནང་བཞིན་དུ།།
                    སྣོད་བཅུད་གཡང་དུ་འགུགས་པ་ཨེ་མ་རྨད།།
དབྱར།
                    ཞི་དུལ་གཤིས་འཇམ་དབྱར་གྱི་མཛའ་མོ་ཡིས།།
                    མཛེས་སྡུག་སྟོང་གི་ལང་ཚོའི་དཔལ་ངོམ་བཞིན།།
                    སྐྱེ་རྒུ་ཚོགས་ལ་གསོན་པའི་སྟོབས་སྦྱིན་པའི།།
                    དབྱར་གྱི་དཔལ་མོའི་ཡོན་ཏན་མངོན་པར་བསྟོད།།
དགུན།
                    བརྗིད་ཆགས་རི་ཚོགས་མཐའ་བཞིའི་རྒྱན་དུ་གྱུར།།
                    འདབ་དྲུག་ཁ་བའི་མེ་ཏོག་ལྷབ་ལྷུབ་གཡོ།།
                    འབྱམས་ཀླས་ཐང་ལ་རབ་དཀར་གོས་བཟང་བཀླུབས།།
                    སུམ་རྩེན་ཡུལ་གྱིས་འགྲན་མེད་དགུན་གྱི་དུས།།
སྟོན།
                    བང་བ་འབྲུ་ཡིས་གཏམས་པའི་རྫོགས་ལྡན་དུས།།
                    ཐོན་སྐྱེད་ལོ་མ་རྒྱས་པའི་འབྲས་བཟང་འདིར།།
                    རིག་པའི་གནས་ལ་འཇུག་པའི་བསྐལ་བ་བཟང་།།
                    སྟོན་ཟླ་མ་མའི་དགེ་མཚན་བླ་ན་འཕགས།།