དྲན་པའི་གཞས་ཆུང་། དངོས་གྲུབ་བསོད་ནམས།

རྩོམ་པ་པོ།:དངོས་གྲུབ་བསོད་ནམས། 2018-11-01
མཚོ་སྔོན་པོ་དྲ་བ།

རུས་མིང་། དངོས་གྲུབ་བསོད་ནམས།
འཛིན་གྲྭ། ལོ་རིམ་བརྒྱད་པ།(12)

                          སློབ་དཔོན་དམ་པ་དྲན་བྱུང་།།
                          སློབ་གྲོགས་མང་པོ་དྲན་བྱུང་།།
                          མ་ཡུམ་སློབ་གྲྭ་དྲན་བྱུང་།།
                          དྲན་པའི་གདུང་བ་ལྕི་སོང་།།

                          དྲིན་ཆེན་ཕ་མ་དྲན་བྱུང་།།
                          ཆུང་འདྲིས་གྲོགས་པོ་དྲན་བྱུང་།།
                          རྡོ་བའི་རྩེ་ར་དྲན་བྱུང་།།
                          དྲན་པའི་མིག་ཆུ་ཤོར་སོང་།།

                          ཆུང་ཆུང་ལུ་གུ་དྲན་བྱུང་།།
                          ཡང་ཆུང་མེ་ཏོག་དྲན་བྱུང་།།
                          ཡངས་པའི་རྩྭ་ཐང་དྲན་བྱུང་།།
                          དྲན་པ་གླུ་རུ་བླངས་སོང་།།

                          དྲིན་ཆེན་ཕ་མ་དྲན་བྱུང་།།
                          བྱམས་པའི་བརྩེ་བ་དྲན་བྱུང་།།
                          ཞིམ་མངར་འོ་ཇ་དྲན་བྱུང་།།
                          དྲན་པ་རུམ་ལ་བཅུག་སོང་།།

                          མཐོན་པོ་རི་བོ་དྲན་བྱུང་།།
                          གཙང་བའི་ཆུ་མོ་དྲན་བྱུང་།།
                          སྦྲང་དཀར་རྩམ་པ་དྲན་བྱུང་།།
                          དྲན་པ་རྫོགས་མཐའ་བྲལ་སོང་།།