ངའི་མ་ལོ། རྟ་ལོ།

རྩོམ་པ་པོ།:རྟ་ལོ། 2018-11-01
མཚོ་སྔོན་པོ་དྲ་བ།
རུས་མིང་། རྟ་ལོ།
འཛིན་གྲྭ། ལོ་རིམ་བདུན་པ། (3)
   ངའི་ཨ་མ་ནི་ཧ་ཅང་མཛེས། མ་ལོའི་སྐྲ་ལོ་ནི་ནག་ཅིང་སྣུམ་ལ་མིག་འབྲས་ནི་སྒོར་ཞིང་ཆེ། མཁུར་ཚོས་ནི་བྱུ་རུ་དམར་ཆུང་ནང་བཞིན་དམར་མདངས་བཀྲ་ཞིང་གཤིས་རྒྱུད་ནི་ཚིགས་དྲུག་སྨྱུག་མ་ཇི་བཞིན་དྲང་ཞིང་རིང་། ཡིན་ན་ཡང་ངའི་མ་ལོས་ཁྱིམ་ཚང་གི་ཆེད་དུ་སྡུག་མང་པོ་མྱངས་པའི་དབང་གིས་མོའི་ལང་ཚོ་དང་བཞིན་རས་ལ་རྒས་སོང་གི་ཉམས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་མངོན་པ་རེད། ལྷག་པར་དུ་ང་རང་སློབ་གྲྭར་འགྲོ་བའི་ཆེད་དུ་དཀའ་སྡུག་གྲངས་མེད་མྱངས་ཀྱིན་ཡོད་པས་ངའི་ཨ་མ་ནི་གནམ་འོག་གི་ཨ་མ་ཀུན་གྱི་རྒྱལ་མོ་ཡིན་ལ་མི་ཡུལ་གྱི་མི་ལུས་བླངས་པའི་ལྷ་མོ་དངོས་མ་ཞིག་ཀྱང་ཡིན་སྲིད།
   ཨ་མའི་རེ་བ་ནི་ང་དང་ཨ་ཅེ་གཉིས་མི་ཚུལ་ལྡན་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་ལ་ངེད་གཉིས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་བའི་ཆེད་དུ་ནངས་སྔ་དགོང་འཕྱི་སྒོས་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱས་ཏེ། རང་གི་ཁོམ་ལོང་སྤྱད་དེ་གཞན་ལ་གླ་བྱས་པ་ཡང་བགྲངས་ཀྱིས་མི་ལངས་པ་ཞིག་རེད། རྒྱུ་མཚན་དེ་དག་གི་དབང་གིས་ངས་རང་ནུས་གང་ཡོད་སྒོས་སློབ་སྦྱོང་ལ་འབད་པ་ཆེན་པོ་བྱས་ཏེ་མ་འོངས་པ་ན་དྲིན་ཆེན་གྱི་མ་ལོ་དང་མི་རིགས་ལ་དྲིན་ལན་འཇལ་ཐུབ་ཅིང་མེས་རྒྱལ་དང་ཕ་ཡུལ་གྱི་འོས་འགན་དང་ལེན་བྱེད་ནུས་པའི་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་བྱེད་རྒྱུ་ཡིན་ལ། ལྷག་པར་དུ་ང་དང་རང་ཁྱིམ་གང་བོའི་དོན་དུ་དཀའ་སྡུག་གྲངས་མེད་མྱངས་མྱོང་བའི་མ་ལོ་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཏུ་འཇུག་ངེས་ཡིན། འདི་ནི་ངས་རང་ཉིད་ལ་བཞག་པའི་ཁས་ལེན་དམ་བཅའ་ཡིན་ཞིང་ངས་ངེས་པར་དུ་ལེགས་འགྲུབ་བྱེད་དགོས་པའི་དོན་དག་གལ་ཆེན་ཞིག་ཀྱང་ཡིན་སྲིད་དོ།།