བརྩེ་བའི་དགེ་རྒན། རིན་ཆེན་མཚོ།

རྩོམ་པ་པོ།:རིན་ཆེན་མཚོ། 2018-11-01
མཚོ་སྔོན་པོ་དྲ་བ།
རུས་མིང་། རིན་ཆེན་མཚོ།
འཛིན་གྲྭ། ལོ་རིམ་བདུན་པ།(3)
   ལས་སྐལ་ལ་དབང་བའི་སློབ་སྐབས་གཅིག་རྨི་ལམ་བཞིན་ཡལ་སོང་། དགའ་བ་དང་སྤྲོ་བས་ཁེངས་པའི་སློབ་སྐབས་གཅིག་ན་བུན་བཞིན་ཡལ་སོང་། དགེ་རྒན་ལགས། བསྐྱར་བཟློས་ཀྱི་ཟིན་ཐོ་ཞིག་ཡོད་པ་ནི་ཁྱེད་ཀྱི་ཤ་ཚ་བའི་སྐད་ཆ་རེ་རེ་དང་དགོད་བྲོ་བའི་གཏམ་རྒྱུད་རེ་རེ་ཡིན། ཁྱེད་ནི་ངའི་སེམས་ཁོང་དུ་ནམ་ཡང་མཁའ་ལ་འཕགས་པའི་གསེར་གྱི་ཉི་མ་ཡིན། ཁྱེད་ནི་མི་རིགས་འདིའི་དྲན་ངོས་སུ་ནམ་ཡང་རྒས་པ་མེད་པའི་བྱང་ཆུབ་སེམས་དཔའ་ཡིན། ཁྱེད་ཀྱིས་མི་ཡུལ་ལ་གནང་བཞིན་ཡོད་པ་ནི་དྲང་བདེན་དང་འདྲ་མཉམ་གྱི་རང་ལུགས་ཡིན། ཁྱོད་ཀྱིས་མིའི་རིགས་ལ་སྩོལ་གྱིན་ཡོད་པ་ནི་སད་རྟོགས་དང་འཕེལ་རྒྱས་ཀྱི་གདམས་ངག་ཟབ་མོ་ཡིན། སུས་ཀྱང་བརྗེད་མི་སྲིད་པ་ནི་ཁྱོད་ཡིན་ལ་སུས་ཀྱང་བཀུར་བར་འོས་པ་ཡང་དགེ་རྒན་ལགས་ཁྱོད་ཉིད་ཡིན་ངེས།