ངས་དམག་སྦྱོང་བྱས་པའི་ཟིན་ཐོ། དཔལ་མོ་རྒྱལ།

རྩོམ་པ་པོ།:དཔལ་མོ་རྒྱལ། 2018-11-01
མཚོ་སྔོན་པོ་དྲ་བ།
རུས་མིང་། དཔལ་མོ་རྒྱལ།
འཛིན་གྲྭ། ལོ་རིམ་བདུན་པ།(10)
   ཡང་སློབ་སྐབས་གསར་བ་ཞིག་གི་མགོ་བརྩམས་སོང་ལ་ང་ཡང་སློབ་གྲྭ་གསར་བ་ཞིག་ཏུ་སླེབས་ནས་སློབ་གྲོགས་གསར་བ་དག་དང་ལྷན་དུ་རིག་པའི་གནས་ལ་འབད་པ་བྱེད་པའི་གོ་སྐབས་ལྡན་སོང་བ་ཡིན།
   སློབ་སྐབས་གསར་བ་འདིའི་ནང་དུ་གསར་དུ་སློབ་གྲྭ་འདིར་ལས་བགོས་བྱས་པའི་དགེ་རྒན་མང་ལ་སློབ་མ་གསར་བ་ཡང་བདུན་བརྒྱ་ལྷག་ཡོད། སློབ་གྲྭ་གསར་བར་ཡོངས་མ་ཐག་པའི་ཉིན་བདུན་གྱི་རིང་ལ། ང་ཚོར་ཨ་ཁུ་དམག་མི་ཚོས་གཤིས་འཇམ་སྒོས་དམག་སྦྱོང་གི་སློབ་ཁྲིད་བྱས་པ་མ་ཟད། ད་རུང་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་ཤེས་དགོས་པའི་གནས་ལུགས་མང་པོ་ཞིག་ཀྱང་བསླབས་པ་ཡིན་པས་ད་སོ་མ་སློབ་ཆུང་ནས་མཐར་ཕྱིན་པའི་ང་ཚོ་ལ་མཚོན་ནས་བཤད་ན་གནས་ལུགས་གསར་བ་དང་ཚོར་སྣང་གསར་བ་ཞིག་ལ་གདོང་གཏད་དེ་རང་གི་སློབ་སྦྱོང་གི་འོས་འགན་ལེགས་འགྲུབ་བྱེད་དགོས་པའི་འདུན་པ་ཆེན་པོ་ཞིག་ཀྱང་སྐྱེས་བྱུང་བ་རེད། ཐེངས་འདིའི་དམག་སྦྱོང་གི་གོ་རིམ་ཁྲོད་ནས་ངས་རང་ཉིད་ཀྱི་ལུས་ཕུང་བདེ་ཐང་ནི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྨང་གཞི་ཡིན་པ་དང་། རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་ནས་འགྲོ་འདུག་སྤྱོད་གསུམ་ལ་གཟབ་གཟབ་བྱས་ཏེ་ལུས་ཕུང་སྦྱོང་བརྡར་བྱེད་རྒྱུར་རྒྱུན་འཁྱོངས་བྱེད་དགོས་པ་རྟོགས།
   ཏག་ཏག་ཉིན་བདུན་གྱི་དུས་ཚོད་མ་གཏོགས་མེད་ནའང་།ང་ཚོ་དང་དམག་མི་ཚོའི་བར་དུ་དགེ་སློབ་ལྟ་བུའི་བརྩེ་དུང་གི་བག་ཆགས་ཟབ་མོ་ཞིག་ཆགས་ཡོད་པ་རེད། འདི་ནི་ངས་ཉིན་བདུན་གྱི་ཡུན་ལ་དམག་སྦྱོང་བྱས་པའི་སེམས་ཀྱི་མྱོང་ཚོར་ཡིན།