དྲེད་མོང་གིས་བུ་ཚེ་རིང་བསྐྱབས་པ། བདེ་སྐྱིད་གཡང་མཚོ།

རྩོམ་པ་པོ།:བདེ་སྐྱིད་གཡང་མཚོ། 2018-11-01
མཚོ་སྔོན་པོ་དྲ་བ།
རུས་མིང་། བདེ་སྐྱིད་གཡང་མཚོ།
འཛིན་གྲྭ། དམའ་གསུམ་བཅུ་གཉིས།
    གནའ་སྔ་མོ་ཞིག་ལ། བུ་ཆུང་ཚེ་རིང་ཞེས་པ་ཞིག་ཡོད་པ་དེར་མནའ་བཅད་པའི་གྲོགས་པོ་ཞིག་ཡོད་པ་དེའི་མིང་ལ་བཀྲ་ཤིས་ཟེར། བཀྲ་ཤིས་ནི་དྭ་ཕྲུག་ཅིག་ཡིན་པས་ཚེ་རིང་གི་ཨ་མས་རང་གི་བུའི་གྲོགས་པོ་བཀྲ་ཤིས་ནི་རང་གི་བུ་གཉིས་པའི་ཚུལ་དུ་བཟུང་ནས་ཁོ་ལ་གཅེས་སྤྲས་དང་དང་བདག་སྐྱོང་ཚད་མེད་བྱས་པ་རེད། ཉིན་ཞིག་ལ་ཨ་མ་བཟང་མོ་དེ་ལ་གློ་བུར་དུ་ནད་ལྕི་མོ་ཞིག་ཕོག་ནས་ཚེ་ལས་འདས་ཟིན་པས་ཚེ་རིང་དང་བཀྲ་ཤིས་གཉིས་ཀྱིས་ཨ་མའི་རུས་ཐལ་འཁྱེར་ནས་སྟོད་ཉི་མ་ལྷ་སར་ཇོ་བོ་ཡིད་བཞིན་ནོར་བུར་མཇལ་དུ་ཆས། ཡུན་རིང་བོ་ཞིག་ལ་འགྲོ་དགོས་པའི་ལམ་བར་དུ་བུ་ཆུང་དེ་གཉིས་ལྟོགས་སྐོམ་གྱིས་གདུང་ནས་བཟོད་བསྲན་བྱེད་ཁག་པའི་སྐབས་སུ་ཆུ་མགོ་ཞིག་གི་ཁར་ཐོན་པ་ན་ཁོ་གཉིས་ཀྱིས་གནས་དེ་ནས་བ་རྡོ་བཙུགས་ནས་རང་ལ་ཡོད་པའི་ཟས་ཉུང་ངུ་དེ་གཡོ་སྐོལ་བྱེད་དགོས་བྱུང་། བུ་ཆུང་ཚེ་རིང་གིས་སེམས་ཆུང་མ་བྱས་པར་ལག་ཏུ་བཟུང་ཡོད་པའི་ཤ་རྡོག་དེ་སར་ལྷུང་བ་ཡར་བླངས་ནས་ཆུ་མགོའི་ནང་དུ་བཀྲུས་པ་རེད། ཁོ་གཉིས་ཀྱིས་ཟ་མ་ཟས་རྗེས་རང་རང་སར་གཉིད་དུ་ཡུར་ནས་ནམ་ལངས་པ་ན་བུ་ཚེ་རིང་གི་རྐང་བར་རྨ་མང་པོ་བུད་ཡོད་པ་མ་ཟད་ན་ཟུག་བཟོས་གླགས་མེད་པར་གྱུར་ནས་མུ་མཐུད་དུ་ཉི་མ་ལྷ་སའི་ཕྱོགས་སུ་འགྲོ་ཐབས་མེད་པར་གྱུར། ཡིན་ན་ཡང་ཁོས་འདས་ཟིན་པའི་དྲིན་ཆེན་མར་དྲིན་ལན་འཇལ་ཕྱིར་ན་ཟུག་བཟོད་བསྲན་བྱས་ནས་ཉིན་འགར་སོང་ཡང་མཐའ་མར་རྨ་མང་པོ་བུད་ཡོད་པའི་རྐང་བ་དེ་སྐྲངས་ནས་མུ་མཐུད་དུ་མདུན་བསྐྱོད་བྱེད་མཚམས་འཇོག་དགོས་བྱུང་། གནས་ཚུལ་དེ་འདྲ་ཞིག་བྱུང་ཟིན་པའི་དབང་གིས་བུ་ཚེ་རིང་གིས་ཨ་མའི་རུས་ཐལ་དེ་བུ་བཀྲ་ཤིས་ཀྱི་ལག་ཏུ་གཏད་ནས་ཉི་མ་ལྷ་སར་བཙན་གྱིས་འགྲོ་རུ་བཅུག་རྗེས། ཁོ་རང་གཅིག་པུ་བྲག་ཕུག་ཅིག་ཏུ་བསྡད་དེ་མ་ཤི་བར་དུ་ལྷ་སར་སོང་ནས་ཕྱིར་ལོག་པའི་བཀྲ་ཤིས་ལ་སྒུག་དགོས་པར་གྱུར་བ་རེད། བཀྲ་ཤིས་ཀྱིས་རང་གི་སྤུན་དང་དབྱེར་མེད་པའི་བུ་ཚེ་རིང་གཅིག་པུ་བཞག་ནས་རང་གི་ཨ་མའི་རུས་ཐལ་ཁུར་ནས་མུ་མཐུད་དུ་ཉི་མ་ལྷ་སའི་ཕྱོགས་སུ་བསྐྱོད་དགོས་བྱུང་། ཚེ་རིང་བཀྲ་ཤིས་དང་ཁ་བྲལ་ནས་བྲག་ཕུག་ཏུ་བསྡད་དེ་ཡུན་རིང་མ་འགོར་བའི་ཚེ་ན་བྲག་ཕུག་དེའི་ནང་དུ་འཇིགས་སུ་རུང་ཞིང་སྟོབས་དང་ལྡན་པའི་དྲེད་མོང་ཆེན་པོ་གཡག་འདྲ་བ་ཞིག་བྲག་ཕུག་ཏུ་ཐོན་བྱུང་བས་ཚེ་རིང་ལ་དངངས་སྐྲག་ཆེན་པོ་སྐྱེས་ནས་ད་ནི་རང་ཉིད་ཀྱི་ཚེ་སྲོག་འདི་སྟོབས་དང་ལྡན་པའི་དྲེད་མོང་འདིའི་ཁ་ལས་མཐར་ཐབས་མེད་པས་ལྷ་སར་སོང་ཟིན་པའི་བཀྲ་ཤིས་དང་ངོ་ཐུག་མ་ཐུབ་པར་ཚེ་ཕྱི་མའི་ཡུལ་དུ་འགྲོ་དགོས་བྱུང་སོང་སྙམ་ནས་མིག་ཟུང་བཙུམ་ནས་དཀོན་མཆོག་གསུམ་པོར་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་མི་འདུག་ག་མེད་དུ་གྱུར། མིག་ཟུང་སྒོར་ཞིང་དམར་ལ་སྤུ་ཁ་འོད་ཀྲིག་ཀྲིག་བྱེད་པའི་དྲེད་མོང་དེ་ཁོའི་མདུན་དུ་ཡོངས་ནས་ཟ་བར་མི་བྱེད་པར་ཞེ་སྡང་གི་མིག་ཟུང་ལས་མཆི་མ་བཞུར་བཞིན་རྐང་བ་ན་ནས་སྡོད་མི་ཚུགས་པའི་བུ་ཚེ་རིང་གི་རྐང་བར་ལྕེ་ལྡག་བྱས་པས་ཚེ་རིང་སྐྲགམ་དངངས་ཀྱིས་ཨེན་ཙམ་ཡང་འགུལ་མ་ཕོད་པར་རྐང་བ་བརྐྱངས་ནས་སྡོད་དགོས་བྱུང་བ་རེད། 
    དྲེད་མོང་དེ་ནམ་རྒྱུན་ཁོ་སྡོད་སའི་བྲག་ཕུག་ཏུ་ཡོངས་ནས་ཁོའི་རྐང་བའི་སྟེང་གི་རྨར་ལྕེ་ལྡམ་ཡང་ཡང་བྱས་པའི་སྟབས་ཀྱིས་ཚེ་རིང་གི་རྐང་བ་ན་བའི་མཚམས་འཇོག་ཏུ་བཅུག་པ་རེད། དེ་བས་དྲེད་མོང་གིས་བུ་ཚེ་རིང་རྒྱབ་དུ་ཁུར་ནས་སྟོད་ཉི་མ་ལྷ་སའི་ཕྱོགས་སུ་སོང་བ་རེད། ཉིན་མང་པོ་ཞིག་ལ་དྲེད་མོང་གིས་བུ་ཚེ་རིང་ཁུར་ནས་ལྷ་སར་ཐོན་ལ་ཉེ་དུས་ད་གཟོད་ཁོ་རང་རྒྱབ་ནས་འབབ་དུ་བཅུག་རྗེས་དྲེད་མོང་གིས་བུ་ཚེ་རིང་བློས་མི་ཆོད་པ་ནང་ལྟར་ཕྱིར་མིག་གིས་ཡང་ཡང་ལྟ་བཞིན་ཕྱིར་ལོག་སོང་བ་རེད། བུ་ཚེ་རིང་ལྷ་སར་སོང་ནས་བཀྲ་ཤིས་དང་འཕྲད་དེ་ཁོར་རང་དྲེད་མོང་ཞིག་དང་འཕྲད་ཚུལ་དང་དྲེད་མོང་གིས་ཁོའི་རྐང་བའི་སྟེང་གི་རྨར་ལྕེ་ལྡག་བྱས་ནས་དྲག་ཏུ་བཅུག་པ་སོགས་མདོར་ན་ཁོ་རང་བརྒྱུད་པའི་དོན་དག་ཐམས་ཅད་གཅིག་ཀྱང་ཆད་ལྷག་མེད་པའི་སྒོ་ནས་བུ་བཀྲ་ཤིས་ལ་བཤད་པ་ན་བཀྲ་ཤིས་ཧ་ལས་ནས་དཔེ་མི་སྲིད་པའི་དོན་དག་དེ་ཡིད་ཆེས་མི་བྱེད་ག་མེད་དུ་གྱུར་བ་རེད། ཁོ་གཉིས་ཀྱིས་ཨ་མའི་རུས་ཐལ་དུར་ཁྲོད་གཏོར་རྗེས་བླ་མ་ཞིག་ལ་ཆེད་དུ་དོན་དག་དེའི་སྐོར་ནས་ལུང་གཏམ་གནངས་དགོས་པའི་རེ་བ་ཞུས་པ་ན།  བླ་མས་སྤྱན་ཟུང་བཙུམ་ནས་ལག་གི་ཕྲེང་བ་གཡུག་གཡུག་བྱས་རྗེས་གདོང་ལ་ཅུང་མ་རངས་པའི་རྣམ་པ་དང་བཅས་དྲེད་མོང་དེ་ནི་རང་གི་ཨ་མའི་རྣམ་ཤེས་ཡིན་པར་བཤད་པ་ན། ཁོ་གཉིས་ཀྱི་སེམས་ལ་བཤད་མི་ཤེས་པའི་དགའ་སྐྱོ་ཟུང་གི་ཚོར་བ་སྣ་ཚོགས་སྐྱེས་ཀྱིན་རང་གི་དྲིན་ཆེན་མའི་རྣམ་ཤེས་དེ་མི་འགྱངས་པར་མི་ལུས་ཐོབ་པར་སྐྱབས་འཇུག་ཡང་ཡང་ཞུས་རྗེས་སེམས་བདེ་བག་ཕབ་སྒོས་ཕྱིར་རང་ཡུལ་དུ་ལོག་དགོས་སོང་།