མཐོ་འབྲིང་དང་བོའི་འཛིན་གྲྭ་གཉིས་པ། རྔ་བཀའ་འགྱུར་སྐྱབས། སྔོན་བསགས་ལས་ཀྱི་བག་ཆགས་ཟབ་པས་དལ་འབྱོར་མི་ཡི་ལུས་རྟེན་རྙེད།། ལེ་དབར་སྟོང་གི་ཕ་རོལ་ཆོད་ཀྱང་ལས་སྐལ་བདག་མོས་ལྷན་དུ་བསྡུས།།
... ...
མཐོ་འབྲིང་དང་བོའི་འཛིན་གྲྭ་དང་བོ། གཡུ་རྡོ་རྗེ་ཚེ་བརྟན། རབ་མཛེས་ཁང་བཟང་ལྷ་ཡི་ཞིང་ཁམས་སློབ་ར་སྐྱིད་པའི་དགའ་ཚལ་ནས།། ཟླ་བྲལ་རིག་པའི་གནས་ལ་བརྩོན་པའི་སྐལ་ལྡན་རིག་པའི་སློབ་གྲོགས་ཚོ།།
དབྱིག་འཛིན་སྒེག་མོས་གྲང་ལྷགས་སྡུག་གི་ཁུར་བོ་ལྕི་མོ་ཕར་གཡུགས་ཏེ།། སྐྱེ་དགུའི་དོན་དུ་ད་ཆ་མྱུར་དུ་སླེབས་ལ་ཉེ་བའི་མགྲོན་པོ་སྟེ།། མཛེས་སྡུག་ཉམས་དགའི་དཔྱིད་དཔལ་བུ་མོར་དགའ་བའི་འཛུམ་གྱིས་བསུ་མ་བྱ
རྫ་ཆུ་བསིལ་མ། མཐོ་སྒང་ཨ་མའི་བྲང་གཞུང་ནས་བརྡོལ་བའི་ནུ་ཞོ་མངར་མོ། ནམ་ཡང་བཅུ་གཉིས་བདག་པོའི་བརྩེ་བའི་འོད་ཞགས་ཀློང་ན་ཁྲ་ཆེམ་མེར་འཕྱོ་བཞིན་ཡོད་ལ། རྔུལ་ཆུའི་ཕྲེང་བ་འདྲེན་པའི་འགྲེང་འགྲོ་གང་དེའི་མགྲིན་པའི་ཁུགས
རི་མགོ་དར་ལྕོག་ཅན་ཞིག་བརྗེད་རྒྱུ་མེད།། སྤང་ལྗོངས་ན་ཧྲུག་ཅན་ཞིག་བརྗེད་རྒྱུ་མེད།། ཆུ་བོ་ཟམ་པ་ཅན་ཞིག་བརྗེད་རྒྱུ་མེད།། རང་ས་རང་ཡུལ་ཡིད་ན་རི་མོ་བཞིན།།
དཔའ་མཛངས་ཀྱི་ཡབ་མེས་སུ་ཞིག་གནས་འདིར་གཞིས་ཆགས་པ་ཆ་མ་འཚལ་མོད། གང་ལྟར་རྨི་ལམ་གྲོང་ཚོ་ཕྱོགས་བཞི་ལྷུན་པོས་བསྐོར་བ། རི་རྩེ་གངས་ཀྱིས་གཡོགས་ཤིང་། རི་སྐེད་ནགས་ཀྱིས་བརྒྱན་
རླུང་རྟ་ཡར་འཕུར་ཞིག་གི་གཤོག་སྣེ་ལ་འཇུས་ནས་དུས་རབས་གསར་རྙིང་གཉིས་ཀྱི་བར་མཚམས་སུ་འགྲེང་བའི་རྔམ་བརྗིད་ཀྱི་བྲག་ཐེམ་ལ་བབས་ནས་སྔོན་བྱུང་ཡིག་ཚང་གི་ལོ་རྒྱུས་མེ་ལོང་ལ་བལྟས་ཚེ། རི་ཚོགས་ཀྱི་ལག་རྡང་ཁྲོད་ནས་ཤར་དུ་
ཟླ་འོད་མག་མོག་གི་མཚན་ངོགས་འདི་ནས།། ཁེར་རྐྱང་བུ་ཆུང་གི་སེམས་པ་སྨྲེང་གི།། དྲན་གདུང་སེམས་ནང་གི་ཤུགས་རིང་རེ་ལ།། སྐྱོ་ངལ་འཛད་མེད་ཀྱི་ན་ཟུག་རེ་རེ།།
ཕྱི་ན་འབབ་པ་ནི་དཔྱིད་ཆར་ཟམ་ཟིམ་ཞིག་རེད། བདག་སེམས་ཀྱི་ཁང་བཟང་དུ། ཁུ་བྱུག་གི་མགྲིན་སྙན་བོར་བའི་སེམས་ཁུར་མོད་ལ། མེ་ཏོག་གི་འདབ་མ་བདས་པའི་སྐྱོ་གདུང་ལྕི་ཡང་།
སྒྱུ་མའི་གྲོང་ཁྱེར། མཛེས་པའི་དོ་ར། ཡོད་ཚད་མཚར་སྡུག་གིས་ཕྱུག་པའི་ཞིང་ཁམས་ན། ཤེས་རིག་གི་གཟབ་འཆོར་སྤྲས་པའི་མེ་ཏོག་འཚོ།
ཀ་མད་སུམ་ཅུའི་རྐང་ལག་དུམ་བུ་རུ་བཅག་ཅིང་།། ཁ་བ་ཅན་གྱི་ལ་རྒྱ་རྨེག་མེད་དུ་གཏོང་ལ།། ག་རུ་བསྡད་ཀྱང་རང་མགོ་རང་ཉིད་ཀྱིས་གཡོགས་པ།། ང་ཡིས་བསམས་ན་གངས་ཕྲུག་མ་རབས་ཀྱི་སྤྱོད་པ།།
དཔྱིད་ཀྱི་སྒྲ་དབྱངས། སྔོ་བསངས་དབྱིངས་སུ་དབྱར་སྐྱེས་རྔ་བོས་ངར་སྐད་སྒྲོག་ཚེ་རྨ་བྱ་དགའ་བས་སྒྲོ་གུར་ཕུབ།། ཡངས་པའི་ཐང་ལ་མེ་ཏོག་བཞད་དུས་གཡུ་ཆུང་སྦྲང་མ་
འཛིན་མའི་གཞི་ཁྱོན་ཡངས་པོ་རུ།། ཕྱོགས་བཞིའི་དགེ་མཚན་ཀུན་ནས་བརྟས།། གོང་ན་སྤྲིན་དཀར་ཕང་བ་རུ།། བླ་མ་ཡི་དམ་མཁའ་འགྲོའི་ཚོགས།།
བཀའ་དྲིན་གཞལ་བྲལ་དྲིན་ཆེན་གྱི་མ་ལོས།། ཟླ་དགུ་ཞག་བཅུར་བྱང་ཁོག་ཏུ་སྦས་ནས།། འཛེམ་བྱ་སྣ་ཚོགས་དཀའ་སྡུག་གིས་སྲུང་བཞིན།། རིན་བྲལ་ང་ཡི་ཚེ་སྲོག་དེ་བསྟབས་བྱུང་།།
སྦྲ་ནག་གྲུ་བཞིའི་ཆོན་བརྒྱའི་བར་ནས་ན་ཆུང་བྱིས་པའི་རྩེད་མོར་གཡེང་།། ཀ་ཁའི་དབྱངས་རྟ་ངག་ལ་འགུགས་པའི་གོ་སྐབས་དབེན་ཞིང་སྐལ་བ་ཕྲ།།
ཕ་མ་རྣམས་ཀྱིས་རྔུལ་ཁྲག་ནོར་ལ་བརྗེས།། བུ་དང་བུ་མོའི་ལང་ཚོ་གསེར་ལ་བརྗེས།། རིག་གནས་ཤེས་བྱར་བརྗེ་མཁན་མི་མང་བས།། གླེན་པ་དེ་ཚོའི་གོ་རྟོགས་ནམ་ཞིག་སད།།