སྤྱི་ལོ2011ལོའི་ཟླ12བའི་ཚེས15ཉིན་སྤེལ། རེས་གཟའ་པ་སངས།
ཐེངས་འདིའི་རྩོམ་སྒྲིག་པ།
རྡོ་རྗེ་རབ་བརྟན།
པར་ངོས་ཇུས་འགོད་པ།
ཞའོ་ཡུན་ཆའང་།
མཛུབ་ཁྲིད་དགེ་རྒན།
བསོད་བྷེ་ཚེ་རིང་།
    མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སྔོན་མིང་ནི་སྤྱི་ལོ1956ལོའི་ཟླ11པའི་ཚེས21ཉིན་བཙུགས་པའི་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ཞེས་པ་དེ་ཡིན་ཞིང་། མཚོ་སྔོན་གྱི་ཡུལ་འདིར་འཛུགས་སྔ་བའི་འབྲིང་རིམ་མི་རིགས་དགེ་འོས་སློབ་གྲྭ་ཞིག་ཡིན། འདས་པའི་བགྲང་བྱ་ལྔ་བཅུ་ལྷག་གི་རིང་ལ། ཆེད་ལས་མི་སྣ་ཆིག་ཁྲི་ལྷག་གསོ་སྐྱོང་བྱས་པས་ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་གསོའི་ལས་དོན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་བླ་ན་མེད་པའི་མཛད་རྗེས་བཞག་ཡོད་པས་མཚན་སྙན་བོད་ཁམས་སུ་ཁྱབ་པ་རེད། ... ...
ཞིབ་ཀློག>>>>>>

    ཁ་བཏགས་སྐར་པོ་ལྟ་བུའི་ལྷག་བསམ་ཟོལ་མེད། དྲན་ཤེས་མདའ་མོ་ལས་ལྷག་འཆི་མེད་སྲས་མོ། ཉ་གང་གི་བཞིན་དཔལ། ནམ་རྒྱུན་གསལ་ཞིང་དྭངས། སྐར་ཆེན་གྱི་འདྲེན་བྱེད། རྟག་ཏུ་འཚེར་ཞིང་འཚེར། དུང་ཞེན་གྱི་མྱོས་བུམ། མ་སྨིན་མ་སྨིན་འདྲ། རེད་ལགས། ད་དུང༌།

... ... 

ཞིབ་ཀློག>>>>>>

    ངའི་ཤ་གསེང་རུས་གསེང་ན་ཡོམ་ཡོམ་དུ་འགུལ་གྱིན་པ་ནི འུ་དུམ་བཙན་གྱི་དབུ་སྟེང་གི་རྭ་ཅོ་དེ་རེད བླ་སྤྲུལ་སྟོང་དང་སེར་སྐྱ་ཁྲི་ཡི་བཙན་ཤེད་ཀྱིས་བཙུགས་པའི་རྭ་ཅོ་ཟུང་དེས བཙན་པོའི་སྙིང་སྟོབས་ལ་རྫོགས་ཚིག་བཀོད བཙན་པོའི་དམག་དཔུང་ལ་གོད་ཆག་བྱུང

... ... 

ཞིབ་ཀློག>>>>>>

    འཛམ་གླིང་ས་ཆེན་ཁྱོན་ལ་དཔྱངས་པ་མཐིང་སྨུག་གཡུ་སྦྲ་རལ་བོ་ཞིག ། མི་འདོད་དུས་ཀྱི་རླུང་ཆེན་གཡུགས་པས་ལྷབ་ལྷུབ་འདར་བའི་ངང་ཚུལ་ལས།། ཚོར་མེད་ས་དང་རྡུལ་ལ་བསྒོས་པ་འུ་ཅག་ཚང་གི་ལུང་པ་ནས།། ལོ་ལོ་མ་ངུ་གཉིད་ལ་སྡོད་དང་གངས་འཁྱག་རྐང་ལ་ཟུག་ནས་འོངས།། རྐྱེན་གྱི་ཟེགས་མ་མཁའ་རུ་འཕྱུར་བ་རེ་འབྲས་ཁ་བ་ནག་པོའི་རྒྱུན།།

... ... 

ཞིབ་ཀློག>>>>>>
རྩོམ་སྒྲིག་པའི་གཏམ།
          འདི་ག་དྲ་བས་རྩོམ་རིག་ལེ་ཚན་གྱི་ལེ་ལག་སྟེ་སློབ་རའི་སྦྱང་རྩོམ་དུ《མཚོ་སྔོན་པོའི་ཞོགས་ཟེར》ཞེས་པའི་དྲ་ངོས་གློག་རྡུལ་ཚགས་ཤོག་ཅིག་ཆེད་དུ་བཀོད་སྒྲིག་བྱས་ཏེ། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སློབ་བུ་རྣམས་ལ་རྩོམ་ཡིག་འབྲི་སྦྱང་གི་སྟེགས་བུ་ཞིག་བསྐྲུན་ཞིང་། རང་རེའི་རྩོམ་རིག་ལས་དོན་ཡར་རྒྱས་གོང་སྤེལ་ཐད་གསར་སྐྱེས་ཀྱི་རྗེས་འཇུག་པ་རེ་ཟུང་སྐྱེད་བསྲིང་ཨེ་ཐུབ་ལ་དམིགས་པ་གཏད་ཡོད་ན། ཕྱོགས་ཀྱི་དགེ་སློབ་ཀུན་གྱིས་ཐུགས་བརྩེ་ཡོད་པར་ཞུའོ།།
          ཐེངས་འདིར་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ཆེད་བསྒྲིགས་དྲ་ངོས་བཀོད་སྒྲིག་བྱས་ཡོད་ཅིང་། འདོན་ཐེངས་ལྔ་བ་ཡིན། རྗེས་སོར་ཡང་བསྟུད་མར་སྤེལ་རྒྱུ་ཡིན། གསལ་བཤད་བྱེད་རྒྱུ་ཞིག་ནི་སློབ་གྲྭ་རེ་རེ་སྡེ་ཚན་དུ་ཕྱེས་ཏེ་ཆེད་བསྒྲིགས་ཀྱི་ཚུལ་དུ་སྤེལ་རྒྱུ་ཡིན་པ་ལས། སློབ་བུ་སྒེར་ནས་ཐ་ཐོར་དུ་སྤྲིངས་པའི་རྩོམ་ཡིག་བསྡུ་རུབ་བྱ་རྩིས་མེད་ཕྱིན། སློབ་གྲྭ་གཞུང་ནས་རྩ་འཛུགས་རྒྱག་པར་འཚལ།
            རྩོམ་ལུས་ལ་བཅད་ལྷུག་གང་རུང་དང་། ཁ་མཚར། དཔྱད་བརྗོད། རི་མོ། ཡིག་གཟུགས་སོགས་སྒྱུ་རྩལ་བརྩམས་ཆོས་ཅི་མཆིས་མཁོ་སྤྲོད་བྱས་ཆོག
འབྲེལ་གཏུགས་བྱེད་ས། ལྷ་མོ་ཚེ་སྐྱིད།
འབྲེལ་གཏུགས་ཁ་པར། 0974-8522228
འབྲེལ་གཏུགས་ཡིག་སྒམ། amdotibet@163.com

     ཕ་ཡུལ་ལགས། ཁྱེད་ཀྱི་པང་དུ་བུ་རྒོད་པོའི་གཡུལ་འཁྲུག་བྱས་ས་ཡོད་ལ། མ་བུ་མོར་མཛངས་མིང་ཐོགས་སའང་ཡོད། ཁྱེད་ཀྱི་ཕྱི་ནང་གི་བཀོད་པ་ལྷ་ཡུལ་ལ་འགྲན་པ་བདེན་ནམ། ད་ཆ། ཁྱེད་ཀྱི་ལུས་ཟུངས་འདི་ཅི་འདྲའི་ཉམས་ཐག་ཅིག ཅི་འདྲའི་ཐབས་ཆགས་ཤིག

... ... 

ཞིབ་ཀློག>>>>>>

     སྤྲོ་འཛུམ་དགར་འབོད་རབ་ཀྱིས་མ་སྤྲས་སྟོན་གྱི་བ་མོ་རིང་ནས་བཞུད།། སེམས་ཀྱི་ན་ཟུག་མི་ཕྱེད་འཁུམ་སྒྲ་བཙན་གྱིས་ཟེགས་ནས་དབྱེན་སར་ལྷུང༌།། རེ་ཐག་འཛའ་ཚོན་ཡིད་ཀྱི་གུར་ཁང་ད་རུང་མ་སྟོང་མཚོན་གྱིས་བྱུགས།། མདང་དགུང་འཕྲད་པའི་མལ་ཁང་དེ་ཉིད་སྔར་ལས་ལྷག་པར་སྤྲོ་བས་བརྟས།།

... ... 

ཞིབ་ཀློག>>>>>>

    ཐོབ་དཀའ་ལུས་རྟེན་བཟང་བོ་ལས་ཀྱིས་གནང༌།། བྲལ་དཀའ་སྡུག་གི་འཁོར་བའི་འདམ་ལ་སྦྱར།། མི་འདོད་ལན་ཆགས་ཆེ་བའི་ཉོན་མོངས་ཁྲོད།། སྐྱོ་བའི་མིག་ཆུ་བཞུར་བ་ཐེངས་གཅིག་མིན།། འགྱོད་གདུང་སྙིང་ལ་གཟན་པའི་ན་ཟུག་འདི།།

... ... 

ཞིབ་ཀློག>>>>>>

    སྙན་ངག་འཚོ། འུ་གཉིས་ཟླ་བཅུ་བའི་གྲང་རླུང་དང་མཉམ་དུ་མིག་ཆུ་དང་འཁྲེང་ཞེན། ཕྱི་མིག་བཅས་ཡུལ་འདིའི་མགྲོན་པོ་བཞིན་ཆས་དུས། ངས་ཁྱོད་ལ་མཐའ་མཇུག་གི་བདེ་མོ་དང་འགྲུལ་བཞུད་ལ་སྐྱབས་འཇུག་ཞུ་བ་ལས། ངས་ཅི་ཞིག་ནུས། ཅི་ཞིག་ཕོད། ངོ་མ་བཤད་ན། བྲལ་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་སྡུག་དགོས་པ་ནི་དེ་འདྲ་མེད།

... ... 

ཞིབ་ཀློག>>>>>>

    འདས་སོང་གི་བོད་ཀྱི་བུད་མེད་དག་གི་ལས་དབང་དེ་ཡར་ཀླུང་གཙང་བོའི་གོ་གྲུར་བསྡད་ནས་ཧི་མ་ལ་ཡི་གངས་ཆབ་དང་བསྡོངས་ནས་རང་དམན་ཁེངས་སྐྱུང་གི་ཁྱད་གསོད་སྒྱེ་མོ་གང་ཁུར་ཏེ་མི་མངོན་པའི་ཐག་རིང་ཞིག་གམ་འུ་ཅག་གི་རྣམ་ཤེས་འཛུལ་སའི་གསང་ལམ་གང་ཞིག་ཏུ་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་བཞུད་སོང༌།

... ... 

ཞིབ་ཀློག>>>>>>