༄༅། །ལྷ་སའི་ཟམ་ཆུང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-03-24 10:34:08 ཀློག་གྲངས།:
ལྷ་སར་ཟམ་ཆུང་འགའ་ཤས་ཡོད་པ་ནི། ལྕགས་པོ་རིའི་མདུན་དུ་འདོད་འཇོ་ཟམ་པ། བོད་དམག་ཁུལ་ཁང་ནུབ་ངོས་སུ་སྐལ་བཟང་ཟམ་པ། གྲོང་ཁྱེར་མི་དམངས་སྨན་ཁང་གི་འགྲམ་ལ་སྨིན་གྲོལ་ཟམ་པ། ནོར་གླིང་ལམ་གྱི་ཆང་འགོ་ཟམ་པ།(སྔར་ཟམ་པ་དེ་ནས་ནུབ་ཕྱོགས་སུ་ཆང་འཁྱེར་མི་ཆོག་པ་དང་རྟ་བཞོན་མི་ཆོག)ཀརྨ་དགོན་གསར་ལམ་གྱི་ལྕགས་ཀྱི་ཟམ་པ། ར་མོ་ཆེའི་རྡོ་ཟམ་དང་། གཡུ་ཐོག་ཟམ་པ་ནི་དུས་རབས་བཅོ་བརྒྱད་པའི་ནང་ཆིང་རྒྱལ་རབས་ཀྱི་བོད་བཞུགས་ཨམ་བན་ཞིག་གིས་གོང་མར་སྙན་ཞུས་ཐོག་གསར་སྐྲུན་བྱས་པའི་བཤད་སྲོལ་འདུག དེ་སྔ་ལྷ་ས་ནས་པོ་ཏ་ལའི་བར་གྱི་གཞུང་ལམ་གཙོ་བོ་ཡིན་ལ་ལྷ་སའི་རྫབ་ཆུ་གཙོ་བོ་ཟམ་པ་དེ་བརྒྱུད་ནས་འགྲོ་བ་དང་། ཟམ་པ་དེའི་བཟོ་རྩལ་ནི་བོད་རྒྱའི་ལག་རྩལ་ཟུང་འབྲེལ་བྱས་པ་ཞིག་ཡིན། རྫ་གོ་གཡུ་རྩིའི་རྒྱ་ཕིབས་ཐོག་ཅན་རིང་ཚད་ནི་སྤྱི་ཁྲི༢༨.༣ དང་ཞེང་ཚད་་སྤྱི་ཁྲི༦.༥ ཡིན།  ཟམ་མིག་ལྔ་བཅས་ཡོད་པ་དང་ཟམ་པ་དེ་ད་ལྟ་ཚོང་ཁང་བཟོས་འདུག ལོ་རྒྱུས་ཐོག་ཟམ་པ་འདིར་ཉམས་ཆགས་བྱུང་བས་དེང་སླར་ཡང་ཉམས་གསོ་བྱས་ནས་གྲོང་ཁྱེར་གྱི་གནའ་ཤུལ་སྲུང་སྐྱོབ་གྱི་གྲས་ཡིན། ལྷ་ས་ཟམ་ཆེན་དེ་ཀྲུང་གོ་སྲིད་གཞུང་ནས་སྤྱི་ལོ༡༩༥༤ལོར་གསར་རྒྱག་གནང་ནས་སྐྱིད་ཆུའི་ལྷོ་བྱང་བར་ཀོ་གྲུར་བརྟེན་མི་དགོས་པར་སྟབས་བདེ་བྱུང་བས་ཀོ་གྲུའི་བདག་འཛིན་ལ་བཟའ་སྒོ་མེད་པར་འགྱུར་ནས་ཁ་ལ་ཀུ་རུ་རྒྱབ་པས་མི་ཚང་མས་ཀུ་རུ་ཟམ་པ་ཟེར། ད་དུང་ལྷ་སར་ཟམ་ཆུང་མང་པོ་ཡོད་དེ། གསར་བྱུང་ཟམ་པ་དང་། སྐས་ཐུང་ཟམ་པ། བྱེ་རག་ཟམ་པ་སོགས་ཡོད། 
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།