ངོས་དང་པོ > སྐབས་དོན། > སྣ་ཚོགས། > “མཚོ་སྔོན་པོ་སྨོན་ལམ་མཐོན་པོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བཅུ་པ་བསྡུ་བའི་བརྡ་སྦྱོར།
“མཚོ་སྔོན་པོ་སྨོན་ལམ་མཐོན་པོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བཅུ་པ་བསྡུ་བའི་བརྡ་སྦྱོར།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2026-06-22 08:35:37
ཀློག་གྲངས།:
དུས་རབས་ནས་དུས་རབས་སུ་བརྒྱུད་པའི་མེས་པོའི་དབྱངས་རྟ་དྲོན་མོ། མི་རབས་ནས་མི་རབས་སུ་བཀུག་པའི་ངག་གི་འགྱུར་ཁུགས་སྙན་མོ། འཚོ་བའི་དགའ་སྐྱོ་ངག་གི་རྟ་ལ་དྲངས་ཤིང་ཡིད་ཀྱི་དུང་བ་མགྲིན་པའི་སྦུབས་ལས་གྲོལ་བའི་བོད་ཀྱི་ལ་གཞས་ནི་གླུ་བ་གླུ་མའི་བློ་རིག་གི་རྩལ་དང་ལྷན་སྐྱེས་ཀྱི་ངག བརྩེ་མདངས་ཀྱི་རི་མོར་བཞད་པའི་ངག་རིག་སྒྱུ་རྩལ་རྨད་དུ་བྱུང་བ་ཞིག་ཡིན་ལ། བོད་ཀྱི་སྲོལ་རྒྱུན་ལ་གཞས་འཚོལ་སྡུད་ལེགས་སྒྲིག་དང་རྒྱུན་འཛིན་འཕེལ་རྒྱས་སུ་གཏང་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་གྱིས་བསྒྲུབས་པའི“མཚོ་སྔོན་པོ་སྨོན་ལམ་མཐོན་པོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བཅུ་པ་བསྡུ་བའི་བརྡ་སྦྱོར་ཆེད་དུ་སྤེལ་བ་ཡིན་པས་ཀུན་གྱིས་དོ་སྣང་ཡོད་པར་ཞུ།
“མཚོ་སྔོན་པོ་སྨོན་ལམ་མཐོན་པོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བཅུ་པའི་ཐོག་མའི་འགྲན་སྡུར་གྱི་བསལ་འདེམ་ཁྱབ་ཁོངས་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར་བཅས་ཡིན།
གཅིག ཐོག་མའི་འགྲན་སྡུར་གྱི་དུས་ཚོད་དང་གླུ་བ་གླུ་མ་འདེམ་སྟངས།
སྤྱི་ཟླ6པའི་ཚེས23ཉིན་ནས་སྤྱི་ཟླ7པའི་ཚེས16ཉིན་བར་ཏེ། དུས་ཡུན་ཟླ་གཅིག་ལྷག་གི་རིང་ལ་ཐོག་མའི་འགྲན་སྡུར་གྱི་ལས་རིམ་ཆ་ཚང་ཡོངས་སུ་སྤེལ་རྒྱུ་ཡིན་ལ། འགྲན་སྡུར་ས་ཚུགས་དྲུག་གི་འགྲན་ཁུལ་རེ་རེ་ནས་ཁྱོན་བསྡོམས་འགྲན་ཞུགས་གླུ་བ་གླུ་མ་བཅུ་ཐོག་མའི་འགྲན་སྡུར་བརྒྱུད་དེ་བསྐྱར་འགྲན་རིམ་པར་བསལ་འདེམ་བྱ་རྒྱུ་ཡིན།
གཉིས། བསྐྱར་འགྲན་གྱི་དུས་ཚོད་དང་གླུ་བ་གླུ་མ་འདེམ་སྟངས།
སྤྱི་ཟླ7པའི་ཚེས20ཉིན་ནས་ཚེས22ཉིན་བར་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་དྲུག་ཅུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྨོན་ལམ་མཐོན་པོར་འཛོམས་ནས་བསྐྱར་འགྲན་དུ་ཞུགས་ཏེ་ཁྱོན་བསྡོམས་གླུ་བ་གླུ་མ་སུམ་ཅུ་རྟིང་རྩོད་འགྲན་སྡུར་ཁྲོད་བསལ་འདེམ་བྱ་རྒྱུ་ཡིན།
གསུམ། བསྐྱར་འགྲན་འཕར་མ་དང་རྟིང་རྩོད་འགྲན་སྡུར་གྱི་དུས་ཚོད།
སྤྱི་ཟླ7པའི་ཚེས23ཉིན་ནས་ཚེས25ཉིན་བར། བསྐྱར་འགྲན་འཕར་མར་ཚུད་པའི་གླུ་བ་གླུ་མ་སུམ་ཅུ་ལས་མཇུག་མཐའི་རྟིང་རྩོད་འགྲན་སྡུར་ལ་གླུ་བ་གླུ་མ་བཅུ་གཉིས་བསལ་འདེམ་བྱ་རྒྱུ་ཡིན། སྤྱི་ཟླ7པའི་ཚེས26ཉིན་ནས་ཚེས27ཉིན་བར། མཇུག་མཐའི་རྟིང་རྩོད་འགྲན་སྡུར་ཁྲོད་ཚུད་པའི་གླུ་བ་གླུ་མ་བཅུ་གཉིས་ཀྱིས་འགྲན་སྡུར་བརྒྱུད། “མཚོ་སྔོན་པོ་སྨོན་ལམ་མཐོན་པོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བཅུ་བའི་སྟེང་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ། དེ་མིན་ཕུལ་བྱུང་བྱ་དགའ་ཐོབ་མཁན་བཅས་ལ་བྱ་དགའི་གཟེངས་རྟགས་སྟེར་རྒྱུ་ཡིན།
བཞི། འགྲན་ཞུགས་པར་བཏོན་པའི་རེ་བ་དང་གསལ་བཤད།
ཐེངས་འདིའི་འགྲན་སྡུར་ལ་ཞུགས་པའི་གླུ་བ་གླུ་མ་ཚོས་ཅི་ནས་ཀྱང་རང་རེའི་སྲོལ་རྒྱུན་ལ་གཞས་ཀྱི་ལེན་སྟངས་ལྟར། ཐོག་མའི་རྩེད་མགོ་རྩོམ་པ་ནས་མཇུག་གི་བདེ་མོ་འཇོག་པའི་བར་གྱི་ཞིབ་ཆ་ཡོད་ཚད་ལྷག་ལུས་མེད་པར་ལེན་པ་ལ་གཙིགས་ཆེན་བྱེད་དགོས།
འབྲེལ་གཏུག་བྱ་ཡུལ། སྒྲོལ་མ་སྐྱབས། 18797118157
འགྲན་ཁུལ་སོ་སོའི་འགྲན་ཞུགས་པས་གོང་གི་འགྲན་ཁུལ་དག་གི་རིག་གནས་ཁང་ལ་འབྲེལ་གཏུག་བྱས་ནས་མིང་ཐོ་བཀོད་ཆོག
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།
2026ལོའི་ཟླ6པའི་ཚེས16ཉིན་སྤེལ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号