2026ལོའི་འཛམ་གླིང་མི་ཐབས་རིག་ནུས་ཚོགས་ཆེན་ཐོག་གི་ཐོན་རྫས་གསར་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-07-23 08:30:26 ཀློག་གྲངས།:
       2026ལོའི་འཛམ་གླིང་མི་ཐབས་རིགས་ནུས་ཚོགས་ཆེན་ཐོག་ཐོན་རྫས་གསར་པ་མི་ཉུང་བ་ཞིག་ཐེངས་དང་པོ་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱས་ཡོད།
       ཀྲུང་གོའི་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཚབ་རྟགས་ཨ་མ་སྒོ་དབྱེ་བའི་དཔེ་དབྱིབས་ཡོངས་བསྒྲགས་བྱས་པ།
       ཐོན་གསར་པའི་དཔེ་དབྱིབསKimi K3ཡི་དཔྱད་གྲངས་གཞི་ཁྱོན་དུང་ཕྱུར་ཁྲི2.8ཟིན་པ་དང་། དེ་ནི་མིག་སྔའི་གོ་ལ་ཧྲིལ་པོའི་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཚབ་རྟགས་ཨ་མ་སྒོ་དབྱེ་བའི་དཔེ་དབྱིབས་ཆེ་ཤོས་ཡིན་པས། རང་རྒྱལ་གྱི་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་གོང་འཕེལ་ཕྱིན་པ་མཚོན་ཡོད།
       ཉེ་ལམ་ལོ་ཤས་རིང་། ཀྲུང་གོས་མི་ཐབས་རིག་ནུས་ཀྱི་གོང་འཕེལ་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། མི་ཐབས་རིག་ནུས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་རིམ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་ཆབས་ཅིག འཛམ་གླིང་དང་མཉམ་དུ་གོང་འཕེལ་འགྲོ་བའི་ཉམས་མྱོང་དང་ལག་རྩལ་ཐོན་རྫས་མཉམ་སྤྱོད་བྱས་ཡོད།
       ཀྲུང་གོའི་ཚབ་རྟགས་ཨ་མ་སྒོ་དབྱེ་བའི་དཔེ་དབྱིབས་ཆེན་པོ་ཁག་གཅིག་ཕྱོགས་རྐྱང་པ་འགྲེམས་པ་ནས་ཚོགས་སྤྱིའི་ཁྲོད་ཐོད་བརྒལ་བྱུང་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། དེས་ཀྱང་འཛམ་གླིང་མི་ཐབས་རིག་ནུས་གོང་འཕེལ་འགྲོ་རྒྱུར་ཇུས་གཞི་གསར་པ་དང་། འགྲོ་ལམ་གསར་པ་མཁོ་འདོན་བྱས་ཡོད་པས། མི་ཐབས་རིག་ནུས་ཀྱི་ལག་རྩལ་ལེགས་པའི་ཕྱོགས་སུ་དང་བཟང་བའི་ཕྱོགས་སུ་གོང་འཕེ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
ཧྲུའུ་ཀོང8000(ཡང་རྩེར་སོན་པ)ཞེས་པའི་འཕྲུལ་ཆས་ངོ་མ་ཐོག་མར་ཡོངས་སུ་བཀྲམ་པ།
       ཧྲུའུ་ཀོང8000(ཡང་རྩེར་སོན་པ)ཞེས་པའི་འཕྲུལ་ཆས་ངོ་མ་ཐོག་མར་ཡོངས་སུ་འགྲེམས་ཡོད། ཧྲུའུ་ཀོང8000(ཡང་རྩེར་སོན་པ)ཞེས་པ་དེས་རིམ་འདས་རིག་ནུས་མཉམ་འདྲེས་ཞེས་པའི་ལག་རྩལ་ལམ་ཐིག་སྤྱད་ནས། སྲོལ་རྒྱུན་གྱི་ཁུལ་དབྱེ་བྱ་ཐབས་དོར་བ་དང་། རིགས་ཆ་ཚང་གི་རྩིས་རྒྱག་བྱེད་པའི་མ་བཅོས་གཞི་གཅིག་ཅན་མཉམ་འདྲེས་ཐུབ་པ་བྱས་ཡོད། མ་ལག་དེས་ཁྱབ་ཁོངས20ལྷག་ཙམ་ལ་ཁྱབ་ཡོད་པ་མ་ཟད་རྒྱལ་ཁབ་ཀྱི་རིམ་འདས་རྩིས་རྒྱག་གི་དྲ་སྦྲེལ་དང་སྦྲེལ་མཐུད་ཐུབ་ཡོད་པ་དང་། ཚན་ཞིབ་མཐོ་སློབ་དང་ཁེ་ལས་དེ་བཞིན་སྤྱོད་མཁན་བཅས་ལ་ཁྱོན་ཡོངས་ནས་རྩིས་ཤུགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།
རིག་ལྡན་སྨན་རྫས་ཁང་དོན་ཐོག་ཏུ་འཁྱོལ་བའི་དམངས་འཚོའི་ལྗོངས་རྣམ།
       རིག་ལྡན་སྨན་རྫས་ཁང་ནང་གི་འཕྲུལ་མིས་སྨན་འདེམས་པ་དང་སྨན་སྐྱེལ་བ་བཅས་བརྒྱུད་རིམ་ཧྲིལ་པོར་དུས་ཚོད་སྐར་ཆ70ལས་འགོར་གྱི་མེད། དེ་ལྟར་བྱེད་ཐུབ་པའི་རྒྱུ་མཚན་ནི་འཕྲུལ་མིས་ཁོར་ཡུག་ཚོར་ཤེས་ཐུབ་པ་དང་། རང་བདག་བཀོད་ཇུས་དང་བཀོལ་སྤྱོད་ལེགས་པོ་བྱེད་པ་སོགས་ཕྱོགས་བསྡུས་ནུས་པ་རབ་དང་རིམ་པས་ཕན་ཚུན་མཐུན་སྦྱོར་ངང་ཤུགས་རྒྱག་པའི་རྐྱེན་གྱི་ཡིན།
གཙོ་འགུལ་རིག་ལྡན་གྱིAIའཕྲུལ་མི་ཐོག་མ་དེ་འགྲེམས་ཚོགས་སུ་བཀྲམ་པ།
       གཙོ་འགུལ་རིག་ལྡན་གྱིAIའཕྲུལ་མི་ཐོག་མ“Bubbo 1”ཞུས་ཧུའེ་ནུབ་ངོགས་ཀྱི་ཡན་ལག་འགྲེམས་ཚོགས་སུ་འགྲེམས་ཡོད། རྣམ་པ་མང་བའི་ཚོར་ཤེས་དང་། ཡུན་རིང་གི་དྲན་ཤེས། བསམ་པའི་འགྱུར་བ་རྟོགས་པ་སོགས་ལྟེ་བའི་ནུས་པ་སྒྲིག་སྦྱོར་བྱེད་པའི་འཕྲུལ་མིའི་ཐོན་རྫས་དེས་རྒྱུན་གཏན་གྱི་འཚོ་བའི་ལྗོངས་རྣམ་ནང་རང་འགུལ་སྒོ་ནས་སེམས་ཁམས་ཐད་ཀྱི་རོགས་རམ་བྱེད་ཐུབ།
«མི་ཐབས་རིག་ནུས་ཀྱི་མཉམ་ལས་གོང་འཕེལ་གྱི་བྱ་སྤྱོད་འཆར་འགོད»“མ་ཙུའུ”སོགས་ཀྲུང་གོའི་ཇུས་གཞི་ཡོངས་བསྒྲགས་བྱས་པ།
       རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག«མི་ཐབས་རིག་ནུས་ཀྱི་མཉམ་ལས་གོང་འཕེལ་གྱི་བྱ་སྤྱོད་འཆར་འགོད»ཡོངས་བསྒྲགས་བྱས་ཡོད་པ་དང་། “བྱ་སྤྱོད་ཁག་བརྒྱད”ཀྱི་དངོས་སྒྲུབ་ཀྱི་བྱ་ཐབས་ཐོག་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གྲངས་གཞིའི་འགལ་རྐྱེན་སེལ་བ། མི་ཐབས་རིག་ནུས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་གྲོས་འགོར་ལན་ཆ་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།