2019ལོའི་བོད་པའི་ཤོམ་གྱི་རྒྱན་གོས་འགྲེམ་སྟོན་དང་ཀྲུང་གོའི་བོད་ཀྱི་ཤོམ་པའི་འགྲན་སྡུར་བསྡུས།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2019-11-15 17:10:01 ཀློག་གྲངས།:
རྒྱབ་སྐྱོར།གནོན་ཀློག་པར་རིས།
| རེའུ་མིག་ལྟ་ཀློག
1/3
ངོས་གོང་མ།
ངོས་འོག་མ།
ད་མེད།
  • སྤྱི་ཟླ10པའི་ཚེས22ཉིན། ཁྲི་ཀ་ཚང་གིས་མཐུན་རྐྱེན་སྦྱར་བའི2019ལོའི་བོད་པའི་ཤོམ་གྱི་རྒྱན་གོས་འགྲེམ་སྟོན་དང་ཀྲུང་གོའི་བོད་ཀྱི་ཤོམ་པའི་འགྲན་སྡུར་སྐབས་གསུམ་པ་འགོ་བརྩམས་པ་དང་། ཐེངས་འདིའི་བོད་པའི་ཤོམ་གྱི་འགྲེམ་སྟོན་ཆེན་མོའི་བརྗོད་གཞི་གཙོ་བོ་ནི། འཛམ་གླིང་ལ་དབང་པའི་མི་རིགས་ཀྱི་ངོ་གདོང་ཞེས་པ་དེ་ཡིན་པ་དང་། རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཁྲེང་ཏུའུ་ནས་གཞི་རྐང་བཙུགས་ཐོག རྒྱལ་ཡོངས་ལ་ཁྱབ་སྤེལ་བྱེད་པ་མ་ཟད་བོད་མི་རིགས་ཀྱི་བཀྲག་མདང་རྣམ་པར་འཚེར་བའི་རྒྱན་གོས་རིག་གནས་ཀྱི་སྙིང་བཅུད་དང་དེའི་རིག་གནས་ཀྱི་གསར་གཏོད་ནུས་ཤུགས་འཛམ་གླིང་ལ་ངོམ་ཆེད་ཡིན།

    (1/3)

  • བོད་པའི་ཤོམ་ནི་བོད་ཀྱི་དར་སྲོལ་གསར་པ་དུས་རབས་ཀྱི་སྟེགས་བུ་ཆེན་མོར་ངོམ་པ་ཞིག་ཡིན་ལ། ལོ་ངོ་སྟོང་ཕྲག་ལྷག་གི་མི་རིགས་ཀྱི་རྒྱན་གོས་རིག་གནས་དྲིལ་སྒྲོག་དང་དར་སྤེལ་གཏོང་བའི་རྟེན་གཞི་ཞིག་ཡིན་པའི་ཆ་ནས། བོད་པའི་ཤོམ་གྱི་སྟེགས་བུ་དེ2016ལོ་ནས་སྤྱོད་འགོ་ཚུགས་ཤིང་། བོད་མི་རིགས་ཀྱི་དར་སྲོལ་གྱི་རླབས་རྒྱུན་གསར་པའང་དེ་ནས་དར། 2017ལོར་བོད་ཀྱི་ཤོམ་པའི་འགྲན་བསྡུར་ཐོག་མ་དེ་བྱས་ཤིང་། 2018ལོར་བོད་པའི་ཤོམ་གྱི་རྒྱན་གོས་འགྲེམ་སྟོན་བོད་ཁུལ་ཡོངས་ལ་ཁྱབ་པ། 2019ལོའི་བྱེད་སྒོ་ནི་སྔར་ལས་རིམ་པ་མཐོ་བ་དང་། ཤུགས་རྐྱེན་ཟབ་པ། ཁྱབ་རྒྱ་ཆེ་བ་བཅས་ཡོད།

    (2/3)

  • ཀྲུང་གོའི་མིང་དུ་གྲགས་པའི་གླུ་པ། འཁྲབ་སྟོན་པ་གཡུང་དྲུང་རྒྱལ་དང་པེ་ཅིན་གྱོན་གོས་ཇུས་འགོད་སློབ་གླིང་དར་སྲོལ་གསར་པ་ཁྱབ་སྤེལ་སློབ་གླིང་གི་གླིང་གཙོ་ལིས་ཝི་ཆི། བོད་ཀྱི་འཁྲབ་སྟོན་པ་གྲགས་ཅན་སྨན་ལྷ་སྐྱབས། རྒྱལ་སྤྱིའི་མཛེས་བཟོ་མཁན། དར་སྲོལ་གསར་བའི་སྒྱུ་རྩལ་པ་དབྱང་གཡང་། བོད་ཀྱི་གླུ་པ་དང་འཁྲབ་སྟོན་པ་ཨོ་རྒྱན་རྡོ་རྗེ་སོགས་དཔྱད་འདེམ་དགེ་རྒན་རུ་གདན་འདྲེན་ཞུས་ཡོད་པ་དང་། ཀྲུང་གོའི་འཁྲབ་ཁྲིད་པ་གྲགས་ཅན་ཀྲང་ཧྭ་ཡིས་ཐེངས་འདིའི་འགྲན་བསྡུར་གྱི་འཁྲབ་ཁྲིད་པའི་འགན་བཞེས་ཡོད། ད་དུང་ལས་རིགས་ཁག་གི་མི་སྣ་གྲགས་ཅན་མང་པོ་ཕེབས་ཡོད།

    (3/3)

འབྲེལ་ཡོད་འོས་སྦྱོར།