ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > ༄༅། །སྐྱིད་ཉིན་ལུང་འབྲོག་སྡེ་ཆེན་མོར་བསྔགས་པ། ཕག་སྐོར་རིག་གྲོལ།
༄༅། །སྐྱིད་ཉིན་ལུང་འབྲོག་སྡེ་ཆེན་མོར་བསྔགས་པ། ཕག་སྐོར་རིག་གྲོལ།
རྩོམ་པ་པོ།:ཕག་སྐོར་རིག་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-04-21 08:38:26
ཀློག་གྲངས།:
༄༅། །སྐྱིད་ཉིན་ལུང་འབྲོག་སྡེ་ཆེན་མོར་ཕུལ་པའི་སྙན་ངག་བསྔགས་བརྗོད་གཏམ་གྱི་འགྱུར་ཁུགས།
ཕག་སྐོར་རིག་གྲོལ།
མཚན་དཔེ་འོད་ཀྱི་རྩེ་དགའ་ཡིས། །
ངག་རིག་ཀུན་ད་སྐྱོང་བའི་གཉེན། །
རྒྱལ་ཀུན་གསང་གསུམ་བསྡུས་པའི་འཕྲུལ། །
ཚངས་སྲས་ཟླ་གཞོན་སྒེག་མོར་འདུད། །
རྫོགས་ལྡན་ཉི་མ་བྱེ་བ་བརྒྱའི། །
འོད་ཀྱིས་འཁྱུད་པའི་གྲྭ་གཅིག་ན། །
ཟླ་ཤེལ་གངས་ཀྱི་རི་བོ་འབུམ། །
ནོར་འཛིན་སྒེག་མོའི་རྒྱན་དུ་བརྗིད། །
གང་ལ་སཱ་ལའི་སྨན་ལྗོངས་ཞེས། །
གྲགས་སྙན་བ་དན་འཕུར་བའི་རླབས། །
ཕྱོགས་མེད་གླིང་བཞིའི་མཐའ་རུ་ཡང་། །
མཆེད་པའི་རང་སྒྲ་ཕྱོགས་སུ་རྒོད། །
དེ་ཡི་འཛིན་མའི་ཐིག་ལེ་རུ། །
མཚོ་སྔོན་ཁྲི་ཤོག་རྒྱལ་མོ་མཆོག །
གཅིག་ཏུ་འཁྱིལ་བའི་དགེ་མཚན་དཔལ། །
སྲིད་དང་ཞི་བའི་བླ་ན་འཕུར། །
དབང་ཕྱོགས་གོར་མའི་གླེགས་བུ་སྟོང་། །
འབུམ་ཕྲག་འཕང་མཐོར་བརྩེགས་པའི་རི། །
གཅིག་ལས་གཅིག་ལྷག་མཐོ་བ་མོར། །
ཟོར་རྒུ་གཡུ་མཚོ་ཕྱུག་མོར་གླེང་། །
རྔམ་བརྗིད་རི་བོའི་གདགས་སྲུབ་ཏུ། །
དྭངས་བསིལ་རྫ་ཆུ་བསིལ་མའི་རྒྱུན། །
ལྷང་ལྷུང་བཞུར་བའི་རང་སྒྲ་ཡིས། །
དྲི་ཟ་བུ་མོའི་དབྱངས་ལ་རྒོལ། །
གསོམ་ཤུག་ཡལ་ག་འཐབ་པའི་ནགས། །
དྲི་བཞོན་བུ་མོར་ཕྱག་འཁྱུད་ཀྱིས། །
ལྗང་ལྡེམ་གཡུ་ལོ་སྐྱོད་པའི་གར། །
ཁོར་ཡུག་མཛེས་པའི་གཉེན་དུ་སྒེག །
མཚར་སྡུག་སྣ་བརྒྱའི་མེ་ཏོག་གིས། །
དྲི་བསུང་ངད་པས་ཁོར་ཡུག་འགེངས། །
སྣ་ཚོགས་རི་སྐྱེས་དར་མའི་ཁྱུ། །
མཆོང་རྒྱུག་གར་གྱིས་དལ་མ་གྱུར། །
གཡུ་ཞུན་སྔོ་མེར་འཁྱིལ་བའི་མཚོ། །
རྒྱལ་སྲིད་གྲངས་སུ་མཐུན་པས་ཀྱང་། །
ཡུལ་འདིའི་འབྱོར་ཕྱུག་དར་བའི་ཚུལ། །
མཚོན་པའི་གཏམ་གྱི་རོལ་མོ་སྙན། །
ཟ་འོག་གོས་ལ་དམན་སྟེར་བའི། །
མཐོན་མཐིང་ནེའུ་གསིང་ཡངས་པོའི་གཞིར། །
སྡེ་བཞི་དཔལ་གྱིས་མངོན་སྒེག་པའི། །
འབྱོར་ལྡན་འབྲོག་པའི་རུ་སྡེ་མང་། །
གང་དུ་རོ་བརྒྱའི་བཟའ་བཏུང་ཉིད། །
མཐོན་པོའི་རི་དང་རྒྱ་མཚོ་བཞིན། །
ལྷུན་གྱིས་གྲུབ་པའི་དགེ་མཚན་ཡང་། །
དུས་རབས་བུ་མོའི་འཕྲུལ་དུ་སེམས། །
ཉིན་ལུང་གཡང་ལྡན་ཕྱུག་མོ་ཞེས། །
རིགས་རུས་སྟོབས་ཀྱིས་དྲེགས་པའི་སྡེས། །
རྫོགས་ལྡན་དཔྱིད་ཀྱི་དགའ་སྟོན་ལ། །
དུས་ཀུན་རོལ་པའི་ངོ་མཚར་མཐོ། །
བདེ་སྐྱིད་གཡང་གི་རྩེད་འཇོ་ལ། །
རྣམ་སད་བུ་མོའི་སྨོན་པ་འཆོར། །
བཀོད་ལེགས་སྦྲ་གུར་སྟོང་ཕྲག་རྒུས། །
སྟོན་མཚན་སྐར་མའི་གྲངས་ལ་འཕྱ། །
མཁོ་རྒུའི་ལོངས་སྤྱོད་ནོར་བུའི་གཏེར། །
བརྟན་བརྗིད་མཛེས་པའི་ཁང་ཁྱིམ་མང་། །
གཅིག་ལས་གཅིག་ལྷག་འོད་འབར་བ། །
སྤང་ལྗོངས་སྒེག་མོའི་རྒྱན་དུ་གྲོལ། །
ཚན་རྩལ་འཕྲུལ་གྱི་དགེ་ལེགས་བཅུད། །
གློག་སྒྲོན་འོད་བརྒྱ་འབར་བའི་རྡུལ། །
ཕྱོགས་མེད་དར་བའི་དགེ་མཚན་གྱིས། །
མཚན་ཡང་ཉིན་མོའི་དཔལ་གྱིས་མཛེས། །
ལུགས་གཉིས་འཕྲུལ་གྱི་རོལ་རྩེད་ལས། །
སྡེ་བཞིའི་མངའ་ཐང་དར་དྲགས་པས། །
རྒན་གཞོན་བར་མ་སུ་ཡིན་ཡང་། །
དགའ་སྤྲོའི་འཛུམ་དཀར་ཁོང་ནས་རྒོད། །
སྐྲ་ལོ་དུང་གི་རང་མདངས་སུ། །
གསལ་བའི་ལོ་མང་ཁུར་ལྡན་ཚོགས། །
རང་དབང་ཆོས་ལ་དད་གུས་ཀྱིས། །
མཆོད་སྤྲིན་མཛོད་ཀྱི་སྒོ་འཕར་ཕྱེས། །
རྩལ་རྒུའི་ལང་ཚོས་རབ་དྲེགས་པ། །
གངས་སྐྱེས་སྟག་ཤར་གཞོན་ནུའི་དཔུང་། །
ཕན་བདེ་ལེགས་ཚོགས་དར་བའི་དཔྱིད། །
ཚུལ་ལྡན་ལས་ལ་གཅིག་ཏུ་སྤྲོ། །
སྨིན་ལེགས་ན་ཆུང་སྒེག་པ་མོ། །
སྟོང་ཕྲག་གྲངས་ཀྱིས་མ་ངེས་པའི། །
མཚར་སྡུག་ལང་ཚོའི་གཟི་དཔལ་གྱིས། །
གཞན་ཡིད་འཕྲོག་པའི་མཐའ་མ་རིག །
མ་འོངས་གངས་རིའི་རྒྱན་གཅིག་པུ། །
བློ་གསལ་ན་ཆུང་བགྲང་ཡས་ཡ། །
ཕྲལ་སྦྱོར་ལས་ལ་འཇུག་པའི་ཚུལ། །
གླང་ཆེན་པད་མཚོར་དུངས་པས་མཚོན། །
གྲངས་རིག་རྩིས་ལ་མཁས་པའི་བུ། །
བརྒྱ་ཕྲག་སྟོང་གིས་གཞལ་དཀའ་བ། །
རྐང་བཞིའི་འཕེལ་ཁ་དར་བའི་ཁྱུ། །
བཅུད་བཟང་རྩྭ་ཆུའི་ལོངས་ལ་རྩེན། །
ཁུ་བྱུག་མགྲིན་དབྱངས་གྱེར་པའི་དུས། །
གཡང་དཀར་སྤྲིན་གྱི་འདུ་འགོད་ཀྱིས། །
གནམ་འདེགས་ཤེལ་གྱི་རི་བོ་ཡི། །
ཁོར་ཡུག་འདབ་མ་དོག་པོར་བྱས། །
བེའུ་ཆུང་ངུར་སྐད་གཉོམ་པོ་ཡིས། །
འབྲི་མོའི་བརྩེ་བ་ལྷས་ལ་བཀུག །
དགོ་དགོ་དབྱངས་ཀྱི་འགྱུར་ཁུགས་ལས། །
འོ་མའི་རྒྱ་མཚོ་རླབས་ཀྱིས་འཁྱོམ། །
སྟག་ཤར་ཡིད་ཀྱི་ཐིག་ལེ་རུ། །
འཛུམ་པའི་རིན་ཆེན་ནོར་བུ་མཆོག །
དྲི་བཞོན་རླུང་ལས་སྐྱེན་ལྡན་པའི། །
རྟ་ཕོའི་བང་རྩལ་ཕྱོགས་སུ་འཕུར། །
དུང་སེམས་མེ་ལྕེ་དམར་པོའི་རླབས། །
སྙིང་ནས་མཆེད་པ་རྫི་བོའི་ཚོགས། །
མཛའ་གླུ་ངག་གི་འགྱུར་ཁུགས་ལས། །
རྩེ་དགའི་དུས་སྟོན་རྫོགས་ཡོད་མིན། །
མཛའ་གཅུགས་གསེར་གྱི་སྐུད་པ་ཡིས། །
ཡིད་གཉིས་གཅིག་ཏུ་སྦྲེལ་བའི་གར། །
རིང་ནས་སྒྱུར་བའི་ན་ཆུང་མང་། །
སྙིང་གི་གསང་གཏམ་ཤུབ་བུར་གླེང་། །
རྒུ་འགྱུར་སྙན་པའི་རྒྱུད་མངས་དང་། །
རྒྱང་འབུད་ལྗགས་གླིང་ཕྲ་མོའི་དབྱངས། །
ལྷན་ཅིག་འཐབ་པའི་འགྱུར་ཁུགས་ཀྱིས། །
དྲི་ཟའི་འཇིག་རྟེན་གནས་འདིར་བསྐྲུན། །
དེ་ལྟའི་ནང་བཅུད་འགྲོ་བའི་ཚོགས། །
མཛའ་མཐུན་ཞི་བདེ་དཔལ་གྱིས་འཚོ། །
ཕྱི་སྣོད་འཇིག་རྟེན་རི་ཀློང་སོགས། །
དགེ་ལེགས་པད་མོའི་གཏེར་དུ་གྲོལ། །
རིན་ཆེན་མུ་ཏིག་ནོར་བུའི་ཚོམ། །
གཅིག་ཏུ་སྤུངས་པའི་གཟི་ལྡན་པ། །
མཚོ་སྟོད་གློ་བ་རི་བོ་མཆོག །
ཡུལ་འདིའི་དགེ་ལེགས་རྒྱན་དུ་བརྗིད། །
འཛམ་གླིང་ནོར་འཛིན་ཡངས་པའི་གཞིར། །
ལྡོག་བགྲོད་རླབས་ཀྱིས་སྐྱོད་པ་ཡི། །
ངོ་མཚར་ཆུ་ཀློང་གཅིག་པུ་ཡང་། །
གནས་འདིར་གཡུ་འབྲུག་གར་གྱིས་རྩེན། །
ཐང་བོད་མཛའ་མཐུན་ཉི་ཟླའི་འོད། །
གངས་རྒྱུད་འཛིན་མར་འཁྱུད་པའི་གཏམ། །
ཕྱོགས་མེད་སྤེལ་བའི་རྡོ་རིང་མཆོག །
རྔམ་བརྗིད་རི་བོའི་རྒྱན་དུ་མཐོ། །
སྲིད་གསར་འཛུགས་སྐྲུན་སྒྱུ་མའི་གར། །
སྐད་ཅིག་སྒྱུར་བའི་རྩེ་དགའ་ལས། །
བཀོད་ལེགས་ལྷ་ཡི་གྲོང་རྡལ་ཅིག །
བྱང་རྒྱུད་འཛིན་མའི་རྒྱན་དུ་བྱིན། །
རིག་ལྡན་སྐྱེ་པོ་སུ་ཡིས་ཀྱང་། །
ཡིད་སྨོན་ངག་གི་རིག་བྱེད་རླབས། །
གཡང་ལྡན་གཞུང་འདིའི་ཁོར་ཡུག་ལ། །
རྩེན་པའི་ཟློས་གར་རྫོགས་ཡོད་མིན། །
གང་འདིར་མི་རིགས་སྣ་ཚོགས་ཀྱིས། །
མཛའ་གཅུགས་ལག་ཟུང་དམ་སྤྲེལ་ནས། །
བདེ་སྐྱིད་སྐོར་བྲོ་གསར་བའི་གར། །
རྣམ་ཀུན་སྒྱུར་བའི་ངོ་མཚར་སྣང་། །
རྣམ་མང་ཚོང་གི་གླིང་ཀ་ན། །
མཁོ་རྒུའི་ལོངས་སྤྱོད་ཟད་དུ་མེད། །
སྐྱེལ་འདྲེན་སྤོས་གླང་དར་མའི་ཁྱུ། །
རྒྱང་ལམ་ཤུགས་ཀྱིས་གཅོད་ལ་བྲེལ། །
དུས་གསར་འཕྲུལ་གྱི་རྟ་ཕོའི་ཚོགས། །
མྱུར་མཆེད་སྐར་མདའི་ཟོལ་དུ་རྒྱུ། །
རྩལ་ལྡན་སྟག་ཤར་དར་མའི་དཔུང་། །
ཕྱོགས་བགྲོད་ཚེགས་ལ་ངལ་བས་བཏང་། །
བསྟན་སྲིད་དཔལ་གྱི་འོད་འབར་བའི། །
བཀྲ་ཤིས་རྟགས་མཚན་བརྒྱད་གྱིས་མཛེས། །
ཉིན་ལུང་དགོན་སྡེ་རྣམ་པ་བརྒྱད། །
ཡུལ་འདིའི་ལེགས་ཚོགས་འཕེལ་བའི་གཏེར། །
ཉིན་ལུང་འབྲོག་སྡེ་ཆེན་མོ་འདིར། །
ཚོ་ཆེན་ཉི་ཤུ་ཉེར་གསུམ་དང་། །
དུད་ཁྱིམ་བརྒྱད་སྟོང་ཉེ་བ་ཙམ། །
འབྱོར་འབྲིང་འཚོ་བའི་ཀློང་ན་རྩེན། །
ལྷག་བསམ་གསེར་གྱི་འོད་འབར་བའི། །
སྲིད་འཛིན་དཔོན་རིགས་སྒམ་པོའི་ཚོགས། །
ཚུལ་ལྡན་ཁྲེལ་གྱི་གཞི་བཟུང་ནས། །
དམངས་དོན་ཚུལ་བཞིན་སྒྲུབ་ལ་བརྩོན། །
སྲིད་བཟང་ཉི་མ་འབར་བའི་གདུགས། །
ཕན་བདེ་པད་མོའི་ཀློང་དུ་འཛུམ། །
མཛད་བཟང་རླུང་གིས་ཉེར་སྐུལ་བའི། །
སློབ་གསོའི་དར་ཆ་དགུང་ན་སྐྱོད། །
མ་འོངས་དུས་ཀྱི་ཆ་རེར་ཡང་། །
རང་ཡུལ་སྐྱིད་པའི་སྨན་ལྗོངས་སུ། །
བདེ་སྐྱིད་ལོངས་སྤྱོད་འོད་འབར་ཞིང་། །
ཞི་བསིལ་དཔལ་གྱིས་འཚོ་བར་ཤོག །
དེ་སྐད་དུས་རབས་གསར་བའི་ཁྲོད། །
ཡུལ་འདིའི་དགེ་མཚན་དར་བའི་གཏམ། །
ཆ་ཙམ་ངག་གི་བྱེད་པོ་ཡང་། །
རིག་རྩེན་སྐལ་བ་དགེ་ལེགས་སོ། །
ངག་རིག་ཀུན་ད་སྐྱོང་བའི་གཉེན། །
རྒྱལ་ཀུན་གསང་གསུམ་བསྡུས་པའི་འཕྲུལ། །
ཚངས་སྲས་ཟླ་གཞོན་སྒེག་མོར་འདུད། །
རྫོགས་ལྡན་ཉི་མ་བྱེ་བ་བརྒྱའི། །
འོད་ཀྱིས་འཁྱུད་པའི་གྲྭ་གཅིག་ན། །
ཟླ་ཤེལ་གངས་ཀྱི་རི་བོ་འབུམ། །
ནོར་འཛིན་སྒེག་མོའི་རྒྱན་དུ་བརྗིད། །
གང་ལ་སཱ་ལའི་སྨན་ལྗོངས་ཞེས། །
གྲགས་སྙན་བ་དན་འཕུར་བའི་རླབས། །
ཕྱོགས་མེད་གླིང་བཞིའི་མཐའ་རུ་ཡང་། །
མཆེད་པའི་རང་སྒྲ་ཕྱོགས་སུ་རྒོད། །
དེ་ཡི་འཛིན་མའི་ཐིག་ལེ་རུ། །
མཚོ་སྔོན་ཁྲི་ཤོག་རྒྱལ་མོ་མཆོག །
གཅིག་ཏུ་འཁྱིལ་བའི་དགེ་མཚན་དཔལ། །
སྲིད་དང་ཞི་བའི་བླ་ན་འཕུར། །
དབང་ཕྱོགས་གོར་མའི་གླེགས་བུ་སྟོང་། །
འབུམ་ཕྲག་འཕང་མཐོར་བརྩེགས་པའི་རི། །
གཅིག་ལས་གཅིག་ལྷག་མཐོ་བ་མོར། །
ཟོར་རྒུ་གཡུ་མཚོ་ཕྱུག་མོར་གླེང་། །
རྔམ་བརྗིད་རི་བོའི་གདགས་སྲུབ་ཏུ། །
དྭངས་བསིལ་རྫ་ཆུ་བསིལ་མའི་རྒྱུན། །
ལྷང་ལྷུང་བཞུར་བའི་རང་སྒྲ་ཡིས། །
དྲི་ཟ་བུ་མོའི་དབྱངས་ལ་རྒོལ། །
གསོམ་ཤུག་ཡལ་ག་འཐབ་པའི་ནགས། །
དྲི་བཞོན་བུ་མོར་ཕྱག་འཁྱུད་ཀྱིས། །
ལྗང་ལྡེམ་གཡུ་ལོ་སྐྱོད་པའི་གར། །
ཁོར་ཡུག་མཛེས་པའི་གཉེན་དུ་སྒེག །
མཚར་སྡུག་སྣ་བརྒྱའི་མེ་ཏོག་གིས། །
དྲི་བསུང་ངད་པས་ཁོར་ཡུག་འགེངས། །
སྣ་ཚོགས་རི་སྐྱེས་དར་མའི་ཁྱུ། །
མཆོང་རྒྱུག་གར་གྱིས་དལ་མ་གྱུར། །
གཡུ་ཞུན་སྔོ་མེར་འཁྱིལ་བའི་མཚོ། །
རྒྱལ་སྲིད་གྲངས་སུ་མཐུན་པས་ཀྱང་། །
ཡུལ་འདིའི་འབྱོར་ཕྱུག་དར་བའི་ཚུལ། །
མཚོན་པའི་གཏམ་གྱི་རོལ་མོ་སྙན། །
ཟ་འོག་གོས་ལ་དམན་སྟེར་བའི། །
མཐོན་མཐིང་ནེའུ་གསིང་ཡངས་པོའི་གཞིར། །
སྡེ་བཞི་དཔལ་གྱིས་མངོན་སྒེག་པའི། །
འབྱོར་ལྡན་འབྲོག་པའི་རུ་སྡེ་མང་། །
གང་དུ་རོ་བརྒྱའི་བཟའ་བཏུང་ཉིད། །
མཐོན་པོའི་རི་དང་རྒྱ་མཚོ་བཞིན། །
ལྷུན་གྱིས་གྲུབ་པའི་དགེ་མཚན་ཡང་། །
དུས་རབས་བུ་མོའི་འཕྲུལ་དུ་སེམས། །
ཉིན་ལུང་གཡང་ལྡན་ཕྱུག་མོ་ཞེས། །
རིགས་རུས་སྟོབས་ཀྱིས་དྲེགས་པའི་སྡེས། །
རྫོགས་ལྡན་དཔྱིད་ཀྱི་དགའ་སྟོན་ལ། །
དུས་ཀུན་རོལ་པའི་ངོ་མཚར་མཐོ། །
བདེ་སྐྱིད་གཡང་གི་རྩེད་འཇོ་ལ། །
རྣམ་སད་བུ་མོའི་སྨོན་པ་འཆོར། །
བཀོད་ལེགས་སྦྲ་གུར་སྟོང་ཕྲག་རྒུས། །
སྟོན་མཚན་སྐར་མའི་གྲངས་ལ་འཕྱ། །
མཁོ་རྒུའི་ལོངས་སྤྱོད་ནོར་བུའི་གཏེར། །
བརྟན་བརྗིད་མཛེས་པའི་ཁང་ཁྱིམ་མང་། །
གཅིག་ལས་གཅིག་ལྷག་འོད་འབར་བ། །
སྤང་ལྗོངས་སྒེག་མོའི་རྒྱན་དུ་གྲོལ། །
ཚན་རྩལ་འཕྲུལ་གྱི་དགེ་ལེགས་བཅུད། །
གློག་སྒྲོན་འོད་བརྒྱ་འབར་བའི་རྡུལ། །
ཕྱོགས་མེད་དར་བའི་དགེ་མཚན་གྱིས། །
མཚན་ཡང་ཉིན་མོའི་དཔལ་གྱིས་མཛེས། །
ལུགས་གཉིས་འཕྲུལ་གྱི་རོལ་རྩེད་ལས། །
སྡེ་བཞིའི་མངའ་ཐང་དར་དྲགས་པས། །
རྒན་གཞོན་བར་མ་སུ་ཡིན་ཡང་། །
དགའ་སྤྲོའི་འཛུམ་དཀར་ཁོང་ནས་རྒོད། །
སྐྲ་ལོ་དུང་གི་རང་མདངས་སུ། །
གསལ་བའི་ལོ་མང་ཁུར་ལྡན་ཚོགས། །
རང་དབང་ཆོས་ལ་དད་གུས་ཀྱིས། །
མཆོད་སྤྲིན་མཛོད་ཀྱི་སྒོ་འཕར་ཕྱེས། །
རྩལ་རྒུའི་ལང་ཚོས་རབ་དྲེགས་པ། །
གངས་སྐྱེས་སྟག་ཤར་གཞོན་ནུའི་དཔུང་། །
ཕན་བདེ་ལེགས་ཚོགས་དར་བའི་དཔྱིད། །
ཚུལ་ལྡན་ལས་ལ་གཅིག་ཏུ་སྤྲོ། །
སྨིན་ལེགས་ན་ཆུང་སྒེག་པ་མོ། །
སྟོང་ཕྲག་གྲངས་ཀྱིས་མ་ངེས་པའི། །
མཚར་སྡུག་ལང་ཚོའི་གཟི་དཔལ་གྱིས། །
གཞན་ཡིད་འཕྲོག་པའི་མཐའ་མ་རིག །
མ་འོངས་གངས་རིའི་རྒྱན་གཅིག་པུ། །
བློ་གསལ་ན་ཆུང་བགྲང་ཡས་ཡ། །
ཕྲལ་སྦྱོར་ལས་ལ་འཇུག་པའི་ཚུལ། །
གླང་ཆེན་པད་མཚོར་དུངས་པས་མཚོན། །
གྲངས་རིག་རྩིས་ལ་མཁས་པའི་བུ། །
བརྒྱ་ཕྲག་སྟོང་གིས་གཞལ་དཀའ་བ། །
རྐང་བཞིའི་འཕེལ་ཁ་དར་བའི་ཁྱུ། །
བཅུད་བཟང་རྩྭ་ཆུའི་ལོངས་ལ་རྩེན། །
ཁུ་བྱུག་མགྲིན་དབྱངས་གྱེར་པའི་དུས། །
གཡང་དཀར་སྤྲིན་གྱི་འདུ་འགོད་ཀྱིས། །
གནམ་འདེགས་ཤེལ་གྱི་རི་བོ་ཡི། །
ཁོར་ཡུག་འདབ་མ་དོག་པོར་བྱས། །
བེའུ་ཆུང་ངུར་སྐད་གཉོམ་པོ་ཡིས། །
འབྲི་མོའི་བརྩེ་བ་ལྷས་ལ་བཀུག །
དགོ་དགོ་དབྱངས་ཀྱི་འགྱུར་ཁུགས་ལས། །
འོ་མའི་རྒྱ་མཚོ་རླབས་ཀྱིས་འཁྱོམ། །
སྟག་ཤར་ཡིད་ཀྱི་ཐིག་ལེ་རུ། །
འཛུམ་པའི་རིན་ཆེན་ནོར་བུ་མཆོག །
དྲི་བཞོན་རླུང་ལས་སྐྱེན་ལྡན་པའི། །
རྟ་ཕོའི་བང་རྩལ་ཕྱོགས་སུ་འཕུར། །
དུང་སེམས་མེ་ལྕེ་དམར་པོའི་རླབས། །
སྙིང་ནས་མཆེད་པ་རྫི་བོའི་ཚོགས། །
མཛའ་གླུ་ངག་གི་འགྱུར་ཁུགས་ལས། །
རྩེ་དགའི་དུས་སྟོན་རྫོགས་ཡོད་མིན། །
མཛའ་གཅུགས་གསེར་གྱི་སྐུད་པ་ཡིས། །
ཡིད་གཉིས་གཅིག་ཏུ་སྦྲེལ་བའི་གར། །
རིང་ནས་སྒྱུར་བའི་ན་ཆུང་མང་། །
སྙིང་གི་གསང་གཏམ་ཤུབ་བུར་གླེང་། །
རྒུ་འགྱུར་སྙན་པའི་རྒྱུད་མངས་དང་། །
རྒྱང་འབུད་ལྗགས་གླིང་ཕྲ་མོའི་དབྱངས། །
ལྷན་ཅིག་འཐབ་པའི་འགྱུར་ཁུགས་ཀྱིས། །
དྲི་ཟའི་འཇིག་རྟེན་གནས་འདིར་བསྐྲུན། །
དེ་ལྟའི་ནང་བཅུད་འགྲོ་བའི་ཚོགས། །
མཛའ་མཐུན་ཞི་བདེ་དཔལ་གྱིས་འཚོ། །
ཕྱི་སྣོད་འཇིག་རྟེན་རི་ཀློང་སོགས། །
དགེ་ལེགས་པད་མོའི་གཏེར་དུ་གྲོལ། །
རིན་ཆེན་མུ་ཏིག་ནོར་བུའི་ཚོམ། །
གཅིག་ཏུ་སྤུངས་པའི་གཟི་ལྡན་པ། །
མཚོ་སྟོད་གློ་བ་རི་བོ་མཆོག །
ཡུལ་འདིའི་དགེ་ལེགས་རྒྱན་དུ་བརྗིད། །
འཛམ་གླིང་ནོར་འཛིན་ཡངས་པའི་གཞིར། །
ལྡོག་བགྲོད་རླབས་ཀྱིས་སྐྱོད་པ་ཡི། །
ངོ་མཚར་ཆུ་ཀློང་གཅིག་པུ་ཡང་། །
གནས་འདིར་གཡུ་འབྲུག་གར་གྱིས་རྩེན། །
ཐང་བོད་མཛའ་མཐུན་ཉི་ཟླའི་འོད། །
གངས་རྒྱུད་འཛིན་མར་འཁྱུད་པའི་གཏམ། །
ཕྱོགས་མེད་སྤེལ་བའི་རྡོ་རིང་མཆོག །
རྔམ་བརྗིད་རི་བོའི་རྒྱན་དུ་མཐོ། །
སྲིད་གསར་འཛུགས་སྐྲུན་སྒྱུ་མའི་གར། །
སྐད་ཅིག་སྒྱུར་བའི་རྩེ་དགའ་ལས། །
བཀོད་ལེགས་ལྷ་ཡི་གྲོང་རྡལ་ཅིག །
བྱང་རྒྱུད་འཛིན་མའི་རྒྱན་དུ་བྱིན། །
རིག་ལྡན་སྐྱེ་པོ་སུ་ཡིས་ཀྱང་། །
ཡིད་སྨོན་ངག་གི་རིག་བྱེད་རླབས། །
གཡང་ལྡན་གཞུང་འདིའི་ཁོར་ཡུག་ལ། །
རྩེན་པའི་ཟློས་གར་རྫོགས་ཡོད་མིན། །
གང་འདིར་མི་རིགས་སྣ་ཚོགས་ཀྱིས། །
མཛའ་གཅུགས་ལག་ཟུང་དམ་སྤྲེལ་ནས། །
བདེ་སྐྱིད་སྐོར་བྲོ་གསར་བའི་གར། །
རྣམ་ཀུན་སྒྱུར་བའི་ངོ་མཚར་སྣང་། །
རྣམ་མང་ཚོང་གི་གླིང་ཀ་ན། །
མཁོ་རྒུའི་ལོངས་སྤྱོད་ཟད་དུ་མེད། །
སྐྱེལ་འདྲེན་སྤོས་གླང་དར་མའི་ཁྱུ། །
རྒྱང་ལམ་ཤུགས་ཀྱིས་གཅོད་ལ་བྲེལ། །
དུས་གསར་འཕྲུལ་གྱི་རྟ་ཕོའི་ཚོགས། །
མྱུར་མཆེད་སྐར་མདའི་ཟོལ་དུ་རྒྱུ། །
རྩལ་ལྡན་སྟག་ཤར་དར་མའི་དཔུང་། །
ཕྱོགས་བགྲོད་ཚེགས་ལ་ངལ་བས་བཏང་། །
བསྟན་སྲིད་དཔལ་གྱི་འོད་འབར་བའི། །
བཀྲ་ཤིས་རྟགས་མཚན་བརྒྱད་གྱིས་མཛེས། །
ཉིན་ལུང་དགོན་སྡེ་རྣམ་པ་བརྒྱད། །
ཡུལ་འདིའི་ལེགས་ཚོགས་འཕེལ་བའི་གཏེར། །
ཉིན་ལུང་འབྲོག་སྡེ་ཆེན་མོ་འདིར། །
ཚོ་ཆེན་ཉི་ཤུ་ཉེར་གསུམ་དང་། །
དུད་ཁྱིམ་བརྒྱད་སྟོང་ཉེ་བ་ཙམ། །
འབྱོར་འབྲིང་འཚོ་བའི་ཀློང་ན་རྩེན། །
ལྷག་བསམ་གསེར་གྱི་འོད་འབར་བའི། །
སྲིད་འཛིན་དཔོན་རིགས་སྒམ་པོའི་ཚོགས། །
ཚུལ་ལྡན་ཁྲེལ་གྱི་གཞི་བཟུང་ནས། །
དམངས་དོན་ཚུལ་བཞིན་སྒྲུབ་ལ་བརྩོན། །
སྲིད་བཟང་ཉི་མ་འབར་བའི་གདུགས། །
ཕན་བདེ་པད་མོའི་ཀློང་དུ་འཛུམ། །
མཛད་བཟང་རླུང་གིས་ཉེར་སྐུལ་བའི། །
སློབ་གསོའི་དར་ཆ་དགུང་ན་སྐྱོད། །
མ་འོངས་དུས་ཀྱི་ཆ་རེར་ཡང་། །
རང་ཡུལ་སྐྱིད་པའི་སྨན་ལྗོངས་སུ། །
བདེ་སྐྱིད་ལོངས་སྤྱོད་འོད་འབར་ཞིང་། །
ཞི་བསིལ་དཔལ་གྱིས་འཚོ་བར་ཤོག །
དེ་སྐད་དུས་རབས་གསར་བའི་ཁྲོད། །
ཡུལ་འདིའི་དགེ་མཚན་དར་བའི་གཏམ། །
ཆ་ཙམ་ངག་གི་བྱེད་པོ་ཡང་། །
རིག་རྩེན་སྐལ་བ་དགེ་ལེགས་སོ། །
རྩོམ་ཁུངས། ༢༠༢༥ལོའི«རི་བོ་ཉི་ཟླ»།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号