ངོས་དང་པོ > མི་སྣ། > རིག་པ་སྨྲ་བ། > རྡོ་ལྷ་སྟེ། གནའ་བོའི་བོད་སྐད་ཀྱིསAIལ་བརྟེན་ནས་གྲགས་པ་རྒྱས་ཤིང་མི་རིགས་སྐད་ཡིག་རིག་ནུས་ཀྱི་ཚན་རྩལ་ལ་འབྲས་བཟང་སྨིན་པར་བྱས་པ།
རྡོ་ལྷ་སྟེ། གནའ་བོའི་བོད་སྐད་ཀྱིསAIལ་བརྟེན་ནས་གྲགས་པ་རྒྱས་ཤིང་མི་རིགས་སྐད་ཡིག་རིག་ནུས་ཀྱི་ཚན་རྩལ་ལ་འབྲས་བཟང་སྨིན་པར་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2026-06-02 08:51:29
ཀློག་གྲངས།:
“ངའི་ཕོ་བ་བདེ་པོ་མི་འདུག བཟའ་བཏུང་གི་ཕྱོགས་ནས་ཅི་ཞིག་ལ་མཉམ་འཇོག་བྱ་དགོས།” “གེ་སར་རྒྱལ་པོའི་གཏམ་རྒྱུད་ཅིག་བཤད་རོགས།” སྤྱོད་མཁན་གྱིས་བཀའ་བརྡ་བཏང་རྗེས། ཁ་པར་ནང་དུ་འཕྲལ་མར་འབྲེལ་ཡོད་ནང་དོན་ཐོན་སྲིད་ལ། དུས་མཉམ་དུ་རྒྱ་སྐད་དང་བོད་སྐད། དབྱིན་སྐད་བཅས་སུ་བསྒྱུར་ནས་གྲུབ་པ་དང་། གོ་རིམ་ཡོངས་ལ་སྐར་ཆ་ཁ་ཤས་ལས་མི་དགོས་པ་རེད།
ད་ལོའི་ཟླ4པའི་ཚེས22ཉིན་པེ་ཅིན་ནས་བསྒྲགས་པའི་རིག་ནུས་ཐོན་རྫས་གསར་བ་རིག་གཏེར་ཞེས་པ་སྤྱོད་མགོ་ཚུགས་རྗེས་ཀྱི་ཟླ་བ་གཅིག་གི་ནང་ལ། སྤྱོད་མཁན་ཁྲི3ལྷག་བྱུང་ཞིང་། མི་འཕྲུལ་སྤེལ་རེས་བྱེད་ཚད་ཐེངས་གྲངས་ཁྲི1000ལས་བརྒལ་ཡོད། ཐོན་རྫས་ཀྱི་གྲགས་པ་རབ་ཏུ་རྒྱས་པའི་སྐབས། ཞིབ་འཇུག་གསར་སྤེལ་གྱི་སྣེ་འཁྲིད་པ་སྟེ་མཚོ་སྔོན་དགེ་འོས་སློབ་ཆེན་བོད་སྐད་རིག་ནུས་རྒྱལ་ཡོངས་གཙོ་གནད་དངོས་བཤེར་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་རྡོ་ལྷ་ལགས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ“བོད་སྐད་ཀྱི་ཡུལ་སྐད་ཕལ་བ121གི་ཡོངས་ཁེབས་བྱ་བ་འགྲུབ་པར་བྱས་ཏེ་ནུས་ཤུགས་ཡོད་རྒུས་བོད་ཀྱི་ཕལ་སྐད་ཚང་མ་གྲངས་འཛིན་ཅན་དུ་མངོན་འགྱུར་བྱ་རྒྱུའི་འཆར་གཞི་གསར་བ་བཀོད་པ་རེད།”
བོད་སྐད་རིག་ནུས་ཞིབ་འཇུག་གསར་སྤེལ་གྱི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་པ།
2026ལོའི་ཟླ2པར། རིག་གཏེར་བོད་སྐད་དཔེ་དབྱིབས་ཆེན་མོ་རྒྱལ་ཁབ་དྲ་འཕྲིན་གྲུབ་རྣམAIཐོན་རྫས་ལ་ཐོ་འགོད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཐོ་འགོད་ཀྱི་དཔེ་དབྱིབས་ཆེན་མོའི་ཐོན་རྫས་ཐོག་མར་གྱུར་པ་རེད། ཐོན་རྫས་འདི་ལས“ཉན་བཤད་ཀློག་འབྲི་སྒྱུར”བཅས་བོད་སྐད་ཀྱི་རྣམ་མང་རིག་ནུས་སྒྲིག་གཅོད་བྱེད་པ་མངོན་འགྱུར་བྱུང་ཞིང་། དཔེ་དབྱིབས་ཆེན་མོ་ལ་རྐང་བཙུགས་ཏེ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་མོ་གསུམ་ངོས་འཛིན་འཚམ་སྒྲིག་བྱས་ཏེ། སྐད་མང་བསྲེས་སྦྱོར་གྱི་ཡིག་ཆ་ངོས་འཛིན་དང་སྐད་སྒྱུར། ཡིག་སྒྱུར། གནའ་དཔེ་འཚོལ་བཤེར། སྒྲ་ལྡན་དཔེ་ཀློག དེ་མིན་བོད་སྐད་གྲངས་མི་སྙན་སྒྲོན་དང་འཆར་ཡིག་སྐད་དོད་མཉེན་ཆས་ཀྱི་བེད་སྤྱོད་ལིང་ཚེ་གསར་སྤེལ་བྱས།
ཐོག་མའི་ཚན་ཞིབ་མི་སྣ་ཉུང་བ་ནས་ད་ལྟའི་མི22ཀྱི་ཆེད་ལས་ཚན་ཞིབ་འཇུག་རུ་དཔུང་ཞིག་གྲུབ་པ་དང་། བོད་སྐད་ཆ་འཕྲིན་ཅན་གྱི་རྨང་གཞི་ཞན་པ་ནས་རྒྱལ་ཡོངས་ཀྱི་སྔོན་ཐོན་བོད་སྐད་རིག་ནུས་དངོས་བཤེར་ཁང་ཞིག་བསྐྲུན་པ། ཐར་ཐོར་གྱི་ལག་རྩལ་ཐོད་རྒལ་ནས་བོད་སྐདAIཐོན་རྫས་ཀྱི་བེད་སྤྱོད་མ་ལག་འཐུས་ཚང་ཞིག་བསྐྲུན་ནས་གྲུབ་པ་བཅས་ལ། རྡོ་ལྷ་ལགས་ཀྱིས་དུས་ཚོད་ལོ་བཞི་སྤྱད་དེ་བོད་སྐད་མི་ཐབས་རིག་ནུས་འདི0ནས1གི་བར་གྱི་མཆོང་བརྒལ་ཐུབ་པར་བྱས།
བོད་ཀྱི་རིག་གནས་འཛམ་གླིང་དུ་ཁྱབ་པ་ལ་སྐུལ་འདེད་བྱས་པ།
སྙིང་ལྕགས་རྒྱལ་གྱིས་སྒྲིག་སྒྱུར་བྱས།
ད་ལོའི་ཟླ4པའི་ཚེས22ཉིན་པེ་ཅིན་ནས་བསྒྲགས་པའི་རིག་ནུས་ཐོན་རྫས་གསར་བ་རིག་གཏེར་ཞེས་པ་སྤྱོད་མགོ་ཚུགས་རྗེས་ཀྱི་ཟླ་བ་གཅིག་གི་ནང་ལ། སྤྱོད་མཁན་ཁྲི3ལྷག་བྱུང་ཞིང་། མི་འཕྲུལ་སྤེལ་རེས་བྱེད་ཚད་ཐེངས་གྲངས་ཁྲི1000ལས་བརྒལ་ཡོད། ཐོན་རྫས་ཀྱི་གྲགས་པ་རབ་ཏུ་རྒྱས་པའི་སྐབས། ཞིབ་འཇུག་གསར་སྤེལ་གྱི་སྣེ་འཁྲིད་པ་སྟེ་མཚོ་སྔོན་དགེ་འོས་སློབ་ཆེན་བོད་སྐད་རིག་ནུས་རྒྱལ་ཡོངས་གཙོ་གནད་དངོས་བཤེར་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་རྡོ་ལྷ་ལགས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ“བོད་སྐད་ཀྱི་ཡུལ་སྐད་ཕལ་བ121གི་ཡོངས་ཁེབས་བྱ་བ་འགྲུབ་པར་བྱས་ཏེ་ནུས་ཤུགས་ཡོད་རྒུས་བོད་ཀྱི་ཕལ་སྐད་ཚང་མ་གྲངས་འཛིན་ཅན་དུ་མངོན་འགྱུར་བྱ་རྒྱུའི་འཆར་གཞི་གསར་བ་བཀོད་པ་རེད།”
བོད་སྐད་རིག་ནུས་ཞིབ་འཇུག་གསར་སྤེལ་གྱི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་པ།
མཚོ་སྔོན་རང་ས་ནས་གསོ་སྐྱོང་བྱས་པའི་འབྲི་ཆུའི་མཁས་པའི་ཆེད་ཞུས་དགེ་རྒན་ཆེན་མོ་ཐོག་མ་ཡིན་པའི་ཆ་ནས། རྡོ་ལྷ་ལགས་ཀྱིས་ཡུན་རིང་ལ་རྩིས་འཁོར་སྐད་བརྡ་རིག་པ་དང་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཁྱབ་ཁོངས་ཀྱི་ཞིབ་འཇུག་བྱ་བར་གཞོལ་ཞིང་། 2022ལོར། ཕ་ཡུལ་ལ་ཞབས་ཕྱི་སྒྲུབ་པ་དང་མཚོ་སྔོན་གྱི་མི་རིགས་སྐད་ཡིག་གྲངས་འཛིན་ཚན་རྩལ་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཐོག་མའི་བསམ་འདུན་བསྣམས་ཏེ“ཁུ་ནུ་འཇོན་མི”ཁྱད་འཕགས་ཤེས་ལྡན་མི་སྣ་ནང་འདྲེན་འཆར་གཞི་བརྒྱུད་ནས་མཚོ་སྔོན་དགེ་འོས་སློབ་ཆེན་དུ་ཞུགས་ཏེ། ཞིང་ཆེན་དང་པུའུ་རིམ་པའི་མཉམ་སྐྲུན་བྱས་པའི་བོད་སྐད་རིག་ནུས་རྒྱལ་ཁབ་གཙོ་གནད་དངོས་བཤེར་ཁང་གི་ལས་འགན་ལྕི་མོ་ཕྲག་ཏུ་བླངས།

དངོས་བཤེར་ཁང་འདིས་རྒྱལ་ཁབ་འཐབ་ཇུས་ལ་ཞབས་ཕྱི་སྒྲུབ་པ་ཕྱོགས་སྟོན་བྱས་ཏེ། བོད་སྐད་རིག་ནུས་ཅན་གྱི་འཕེལ་རྒྱས་ཁྲོད་ཀྱི་གཞི་གྲངས་དཀོན་པ་དང་རྩིས་ནུས་མི་འདང་བ། ཆེད་ལས་མི་སྣ་ཉུང་བ་སོགས་ཀྱི་འགག་སྒྲོལ་ལ་དམིགས་ནས། བོད་སྐད་དཔེ་དབྱིབས་ཆེན་མོ་དང་མུ་འབྲེལ་རིག་ནུས་བེད་སྤྱོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་ལ་བློ་རྩེ་གཅིག་ཏུ་གཞོལ་ཏེ། ཚན་རྩལ་གསར་གཏོད་ཀྱིས་བོད་འབྲེལ་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་གནང་བྱས། སྐབས་དེར། དངོས་བཤེར་ཁང་ལ་ཚན་ཞིབ་སྒྲིག་ཆས་དཀོན་པ་དང་། ཚན་ཞིབ་མི་སྣ་ཉུང་བ། རྨང་གཞིའི་ཆ་རྐྱེན་ཞན་པ། བོད་སྐད་ཀྱི་རྒྱུ་ཆའི་གསོག་ཉར་མི་འདང་བ། ངོས་འཛིན་དཀའ་ཚད་ཧ་ཅང་མཐོ་བ་སོགས་ཀྱི་དཀའ་ངལ་ཡོད་པ་ལས། རྒྱལ་ནང་དུ་དཔྱད་པ་རྫོགས་པའི་ལག་རྩལ་ཟུར་ལྟ་བྱེད་སའང་མེད་པས། བོད་སྐད་མི་ཐབས་རིག་ནུས་ཀྱི་ཞིབ་འཇུག་གསར་སྤེལ་ནི་ཕལ་ཆེར་སྟོང་བར་གནས་ཡོད།
ལྟེ་བའི་ལག་རྩལ་གྱི་དཀའ་གནད་འགག་སྒྲོལ་བྱས་པ།
སྤུས་ཚད་མཐོ་བའི་སྐད་ཆའི་རྒྱུ་ཆ་ནི་དཔེ་དབྱིབས་ཆེན་མོ་ཞིབ་འཇུག་གསར་སྤེལ་གྱི་རྨང་གཞི་གཙོ་བོ་ཡིན། བོད་སྐད་ཀྱི་སྐད་ཆའི་རྒྱུ་ཆ་མི་འདང་བ་ཁ་གསབ་བྱེད་ཆེད། 2023ལོའི་ཟླ7པར། མཚོ་སྔོན་གྱི་རང་སྐྱོང་ཁུལ་དྲུག་དང་། དེ་མིན་སི་ཁྲོན་དང་ཀན་སུའུ་ཡི་བོད་འབྲེལ་ས་ཁུལ་དུ་ཕྱིན་ནས་ཡུལ་དངོས་རྟོག་ཞིབ་བྱས་ཏེ་ཡུལ་སྐད་ཀྱི་སྐད་གདངས་དང་ས་གནས་ཀྱི་ཡིག་ཚགས། རྫོང་ཁོངས་ཀྱི་ལོ་རྒྱུས་དཔྱད་ཡིག་སོགས་བསྡུས་པའི་ཞོར་དུ། ལུགས་མཐུན་ངང་དྲ་རྒྱའི་ཡོངས་བསྒྲགས་སྐད་ཆའི་རྒྱུ་ཆ་དག་སྒྲིག་བྱས་མཐར། གཞི་ཁྱོན་ལ་ཆུ་ཚོད་ཁྲི2ཙམ་ཟིན་པའི་བོད་སྐད་ཀྱི་སྐད་གདངས་རྒྱུ་ཆའི་མཛོད་བསྐྲུན་ནས་གྲུབ་པ་དང་། བོད་སྐད་ཀྱི་ཁ་སྐད་ངོས་འཛིན་གྱི་ཡང་དག་ཚད92%ལས་བརྒལ་བ་རེད།

རྡོ་ལྷ་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་སྔོན་མ་གཉིས་ལ་གཙོ་བོ་ནི་བོད་སྐད་རིག་ནུས་ཀྱི་དཔེ་དབྱིབས་ཆེན་མོའི་གཞི་གྲངས་རྨང་གཞི་བརྟན་པོར་བཏང་བ་ཡིན། 2024ལོའི་ཟླ9པར། རིག་གཏེར་བོད་སྐད་དཔེ་དབྱིབས་ཆེན་མོ་ཞིབ་འཇུག་གསར་སྤེལ་གྱི་འགག་རྩའི་དུས་རིམ་ལ་ཐོན་པ་དང་། ཁོས་ཚོགས་པའི་སྣེ་ཁྲིད་དེ་བོད་སྐད་ཀྱི་སྐད་གདངས་ལ་སྐད་དོད་འཇོག་པ། སྐད་གདངས་སྐྱེད་གྲུབ། སྐད་རིགས་མང་བོའི་ཡིག་སྒྱུར། OCRཡི་གེ་ངོས་འཛིན། AIམི་འཕྲུལ་སྤེལ་རེས་སོགས་ཀྱི་ལྟེ་བའི་ལག་རྩལ་ཆེན་པོ་ལྔ་རིམ་པ་བཞིན་དུ་དཀའ་གནད་ལས་འགག་སྒྲོལ་བྱས།
མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་ཐོ་འགོད་དཔེ་དབྱིབས་ཆེན་མོ་ཐོག་མ་བསྐྲུན་པ།2026ལོའི་ཟླ2པར། རིག་གཏེར་བོད་སྐད་དཔེ་དབྱིབས་ཆེན་མོ་རྒྱལ་ཁབ་དྲ་འཕྲིན་གྲུབ་རྣམAIཐོན་རྫས་ལ་ཐོ་འགོད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཐོ་འགོད་ཀྱི་དཔེ་དབྱིབས་ཆེན་མོའི་ཐོན་རྫས་ཐོག་མར་གྱུར་པ་རེད། ཐོན་རྫས་འདི་ལས“ཉན་བཤད་ཀློག་འབྲི་སྒྱུར”བཅས་བོད་སྐད་ཀྱི་རྣམ་མང་རིག་ནུས་སྒྲིག་གཅོད་བྱེད་པ་མངོན་འགྱུར་བྱུང་ཞིང་། དཔེ་དབྱིབས་ཆེན་མོ་ལ་རྐང་བཙུགས་ཏེ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་མོ་གསུམ་ངོས་འཛིན་འཚམ་སྒྲིག་བྱས་ཏེ། སྐད་མང་བསྲེས་སྦྱོར་གྱི་ཡིག་ཆ་ངོས་འཛིན་དང་སྐད་སྒྱུར། ཡིག་སྒྱུར། གནའ་དཔེ་འཚོལ་བཤེར། སྒྲ་ལྡན་དཔེ་ཀློག དེ་མིན་བོད་སྐད་གྲངས་མི་སྙན་སྒྲོན་དང་འཆར་ཡིག་སྐད་དོད་མཉེན་ཆས་ཀྱི་བེད་སྤྱོད་ལིང་ཚེ་གསར་སྤེལ་བྱས།
ཐོག་མའི་ཚན་ཞིབ་མི་སྣ་ཉུང་བ་ནས་ད་ལྟའི་མི22ཀྱི་ཆེད་ལས་ཚན་ཞིབ་འཇུག་རུ་དཔུང་ཞིག་གྲུབ་པ་དང་། བོད་སྐད་ཆ་འཕྲིན་ཅན་གྱི་རྨང་གཞི་ཞན་པ་ནས་རྒྱལ་ཡོངས་ཀྱི་སྔོན་ཐོན་བོད་སྐད་རིག་ནུས་དངོས་བཤེར་ཁང་ཞིག་བསྐྲུན་པ། ཐར་ཐོར་གྱི་ལག་རྩལ་ཐོད་རྒལ་ནས་བོད་སྐདAIཐོན་རྫས་ཀྱི་བེད་སྤྱོད་མ་ལག་འཐུས་ཚང་ཞིག་བསྐྲུན་ནས་གྲུབ་པ་བཅས་ལ། རྡོ་ལྷ་ལགས་ཀྱིས་དུས་ཚོད་ལོ་བཞི་སྤྱད་དེ་བོད་སྐད་མི་ཐབས་རིག་ནུས་འདི0ནས1གི་བར་གྱི་མཆོང་བརྒལ་ཐུབ་པར་བྱས།
བོད་ཀྱི་རིག་གནས་འཛམ་གླིང་དུ་ཁྱབ་པ་ལ་སྐུལ་འདེད་བྱས་པ།
བོད་སྐད་ནི་ཐོན་ཁུངས་དཀོན་པའི་མི་རིགས་སྐད་བརྡ་ཞིག་ཡིན་པའི་ཆ་ནས། ཆ་འཕྲིན་ཅན་དང་རིག་ནུས་ཅན་དུ་གཏོང་བ་ལ་དུས་ཡུན་རིང་བོར་གཞུང་ལུགས་ཐབས་ཤེས་མེད་པ་དང་ལག་རྩལ་འཚོལ་ཞིབ་རྗེས་ལུས་ཡིན་པ། གཞི་གྲངས་ཐོན་ཁུངས་དཀོན་པ་སོགས་ཀྱི་དཀའ་གནད་ལ་འཕྲད་ཡོད་པས། དེ་ནི་མི་རིགས་སྐད་བརྡའི་གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཀྱི་གེགས་རྒྱ་གཙོ་བོར་གྱུར་ཡོད། ཉེ་བའི་ལོ་ནས་བཟུང་། རྡོ་ལྷ་ལགས་ཀྱིས་བོད་ཡིག་གི་རིག་ནུས་སྒྲིག་གཅོད་ཁྱབ་ཁོངས་ལ་དམིགས་ཏེ་ལག་རྩལ་དཀའ་གནད་རེ་རེ་བཞིན་འགག་སྒྲོལ་བྱས་ཏེ་གསར་གཏོད་རང་བཞིན་གྱི་ཚན་ཞིབ་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད། ཁོང་གིས་གཙོ་ཁྲིད་གཏན་འབེབས་བྱས་པའི«ཆ་འཕྲིན་སྒྲིག་གཅོད་ཁྱབ་ཁོངས་ཀྱི་བོད་ཡིག་མིང་མཚམས་དབྱེ་འབྱེད་ཀྱི་ཚད་གཞི»སོགས་རྒྱལ་ཁབ་ཚད་གཞི་ལྔ་ཡིས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་ཚད་གཞི་གཅིག་གྱུར་མིན་པའི་སྟོང་ཆ་བསྐངས་པ་རེད། དེ་མིན། རྡོ་ལྷ་ལགས་ནི“ཡོངས་འཛིན”འཚོལ་བཤེར་མ་ལག་གི་ལག་རྩལ་གཙོ་ཁྲིད་ཀྱི་ཞིབ་འཇུག་གསར་སྤེལ་མཁན་ཡིན་པའི་ཆ་ནས། ཁོང་གིས་བོད་ཀྱི་རིག་གནས་འདི་གྲངས་འཛིན་ཚན་རྩལ་གྱི་མགྱོགས་འཁོར་ལ་བསྡད་དེ་འཛམ་གླིང་གི་གར་སྟེགས་སུ་སྐྱོད་པའང་སྐུལ་འདེད་བྱས་ཡོད།

རྡོ་ལྷ་ལགས་ནི་སྔ་གཞུག་ཏུ་རྒྱལ་ཁབ་ཀྱི“འཇོན་མི་ཁྲི་བརྒྱ་སྟོང་གི་ལས་གྲྭ”ཡི་རྒྱལ་ཁབ་རིམ་པའི་འདེམ་མི་དང་སློབ་གསོ་པུའུ་ཡི་དུས་རབས་གསར་བའི་ཕུལ་བྱུང་འཇོན་མི། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་སྣེ་འཁྲིད་འཇོན་མི་བཅས་སུ་བདམས་མྱོང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་པ་དང་། “འབུར་ཐོན་བྱས་རྗེས་བཞག་པའི་མི་དར་མ་དང་གཞོན་སྐྱེས་ཆེད་མཁས་པ།” “2026ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་ཚན་རྩལ་ལས་དོན་པ”སོགས་ཀྱི་མཚན་སྙན་མང་བོ་ཐོབ་ཡོད།
སྙིང་ལྕགས་རྒྱལ་གྱིས་སྒྲིག་སྒྱུར་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号