ཀརྨ་ཕུན་ཚོགས་ཀྱིས་ཞིན་ཧེ་དང་ཐུན་ཏེ། ཀོས་ནན་རྫོང་བཅས་སུ་བྱ་བ་གཙོ་བོར་རྟོག་ཞིབ་དང་མཛུབ་སྟོན་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2026-04-22 08:40:34 ཀློག་གྲངས།:
       ཟླ4པའི་ཚེས8ཉིན་ནས་ཚེས9ཉིན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཞིན་ཧེ་རྫོང་དང་ཐུན་ཏེ་རྫོང་། ཀོས་ནན་རྫོང་བཅས་སུ་བྱ་བ་གཙོ་བོར་རྟོག་ཞིབ་དང་མཛུབ་སྟོན་བྱས་ཏེ། ཐོན་ལས་དར་སྤེལ་དང་ལས་མགོ་བསྐྱར་འཛུགས། བྱང་གསུམ་བཟོ་སྐྲུན་བཅས་ཀྱི་གནད་དོན་འབུར་ཐོན་ལ་དག་ཐེར་ལེགས་བཅོས་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ། རུལ་སུངས་གནད་དོན་བཅས་ཀྱི་གཅིག་སྡུད་དག་ཐེར་ལེགས་བཅོས་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཁོར་སྐྱོད་དོ་དམ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཞིབ་མོ་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་ཞན་ཆར་དོ་སྣང་། བློ་སེམས་གཅིག་སྒྲིལ་བཅས་ཀྱིས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་བའི་གནད་དོན་ཐག་བཅད་དེ། བྱ་བ་གཙོ་བོ་དག་ལ་འཕེལ་རྒྱས་གསར་པ་ཡོད་པ་དང་མཐོར་འདེགས་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
       ཞིན་ཧེ་རྫོང་དཔལ་ཁ་གྲོང་བརྡལ་གཡང་འཁྱིལ་སྡེ་བ་དང་ཀོས་ནན་རྫོང་སུམ་མདོ་གྲོང་བརྡལ་ཁ་རྒྱ་སྡེ་བར་ཀརྨ་ཕུན་ཚོགས་ཀྱིས་བྱང་གསུམ་བཟོ་སྐྲུན་གྱི་གནད་དོན་འབུར་ཐོན་དག་ཐེར་ལེགས་བཅོས་བྱས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ནས་དག་ཐེར་ལེགས་བཅོས་ཀྱི་འཆར་འགོད་དང་མ་དངུལ་གཏོང་བ་སོགས་ཀྱི་སྙན་ཞུར་གསན་ཞིང་། ཁོས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་གོ་སྐབས་སུ་འཛིན་པ་དང་། རང་རྟོགས་སྒོས་དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་སྲིད་འབྲས་ཆེས་ཆེ་བར་བརྩིས་ཏེ། འགན་འཁྲི་འཁུར་ཕོད་པ་དང་གཟབ་ནན་གྱི་སྤྱོད་ཚུལ་དར་སྤེལ་དུ་བཏང་ནས། བྱང་གསུམ་བཟོ་སྐྲུན་གྱི་གནད་དོན་འབུར་ཐོན་གྱི་དག་ཐེར་ལེགས་བཅོས་བྱ་བར་དམ་འཛིན་བྱས་ནས། འཕྲལ་སྒྲུབ་འཕྲལ་བཅོས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་དག་ཐེར་ལེགས་བཅོས་བྱ་དགོས་ཤིང་། རང་རྟོགས་སྒོས་མང་ཚོགས་དག་ཐེར་ལེགས་བཅོས་ཀྱི་གོ་རིམ་ཧྲིལ་བོར་ཟབ་ཞུགས་བྱེད་པར་གདན་འདྲེན་ཞུས་ཏེ། ངེས་པ་དོན་གྱིས་མང་ཚོགས་བྱ་བར་ཞུགས་པ་དེ་བྱེད་ཐབས་གལ་ཆེན་དུ་བརྩི་བ་དང་མང་ཚོགས་ཀྱི་ལྟ་རྟོག་དེ་སྒུལ་ཤུགས་གལ་ཆེན་དུ་བརྩི་བ། མང་ཚོགས་ཀྱི་བརྡར་གཅོད་དེ་ཚད་གཞི་གཙོ་བོར་བརྩི་བ་བཅས་ཀྱིས་དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་དེ་མིག་མཐོང་ལག་ཟིན་གྱི་དམངས་ཕན་གྲུབ་འབྲས་སུ་འགྱུར་བར་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན།
       ཞིན་ཧེ་རྫོང་དཔལ་ཁ་གྲོང་བརྡལ་ཉིན་ཆུ་སྡེ་བ་དང་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་བརྡལ་གྱི་ཤར་ཚང་སྡེ་བ། ཀོས་ནན་རྫོང་མང་ར་ཤང་ཁུ་བྱུག་སྡེ་བ་བཅས་སུ་ཀརྨ་ཕུན་ཚོགས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཁོར་སྐྱོད་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པར་མ་ཟད། རྫོང་དང་ཤང་། སྡེ་བ་བཅས་རིམ་པ་གསུམ་གྱི་ཏང་ཡོན་ལས་བྱེད་པ་དང་མཉམ་དུ་གླེང་མོལ་བྱས་ཤིང་། ཁོས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་ཞན་ཆར་དོ་སྣང་བྱས་ཏེ། འགྱུར་བ་བཅུའི་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས། གནད་འཁེལ་ཇུས་འདོན་དང་གནད་འཁེལ་བཅོས་སྐྱོང་། གནད་དོན་འཚོལ་ཞིབ་དང་རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བཅས་བྱས་ཏེ། དམིགས་ཡུལ་ཡོད་པའི་སྒོ་ནས་དག་ཐེར་ལེགས་བཅོས་བྱེད་ཐབས་གཏན་འབེབས་བྱས་ནས། གནད་དོན་གནད་ལ་འཁེལ་བའི་སྒོ་ནས་དབྱེ་འབྱེད་དང་བྱེད་ཐབས་གནད་ལ་འཁེལ་བར་བྱེད་པ། ཕན་འབྲས་གནད་འཁེལ་སྒོས་མཐོར་འདེགས་ཡོང་བར་བྱ་དགོས་ཤིང་། སྡེ་བ་རིམ་པའི་ཐོན་ལས་ཀྱི་རྣམ་པ་གཅིག་རྐྱང་དང་རོང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་གི་དོ་དམ་ཚད་ལྡན་མིན་པའི་གནད་དོན་འབུར་ཐོན་ལ་གཞིགས་ཏེ། རྟོག་ཞིབ་ཞིབ་འཇུག་ཞིབ་མོ་དང་གནད་དོན་གྱི་རྩ་བར་གནད་ལ་འཁེལ་བའི་སྒོ་ནས་དབྱེ་ཞིབ་བྱས་ནས། ཡུལ་བབ་དང་བསྟུན་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
       ཞིན་ཧེ་རྫོང་གི་ཆིན་ཆེན་ཧའེ་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟི་རུ་ཀརྨ་ཕུན་ཚོགས་ཀྱིས་དངུལ་གཏོང་དང་དོ་དམ་འཁོར་སྐྱོད། ཐོན་སྐྱེད་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཁོས་ཞིང་འབྲེལ་ཞིང་ཁྲིད་ཁེ་ཕན་སྲུང་འབྲེལ་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཁྱད་ལྡན་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་ལས་ཞུགས་དང་འབབ་འཕར་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་དུ་གཏོང་བར་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན།
       ཐུན་ཏེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དུ་ཀརྨ་ཕུན་ཚོགས་ཀྱིས་སློབ་གྲྭའི་ཟ་མ་དང་དགེ་རྒན་གྱི་ཁྲིད་དེབ་མངག་ཉོ། སློབ་ལྭ་ཉོ་བ། རྨང་གཞིའི་སློབ་གསོ་འདྲ་མཉམ་སོགས་ཆེད་དོན་དག་ཐེར་གནས་ཚུལ་ལ་ནན་ཏན་གྱིས་ཉན་པ་དང་། ཁོས་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་ཡིད་ཚིམ་ཚད་དེ་ཚད་གཞིར་བཟུང་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་སུ་བཏང་སྟེ། གཟབ་ནན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པ། ལྟ་སྐུལ་འགན་འཁྲི་ནན་མོར་གཏོང་བ་བཅས་བྱས་ཏེ། ལས་རིགས་ཀྱི་མི་ལེགས་པའི་རྣམ་པ་བཅོས་སྐྱོང་བྱེད་པ་གཏིང་ཟབ་ཏུ་སྤེལ་ནས། དག་ཐེར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། མང་ཚོགས་ཀྱི་སེམས་ཁྲལ་དང་རེ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་དགོས་ཞེས་ནན་གྱིས་བསྟན།
       ཀོས་ནན་རྫོང་མང་ཆུ་གྲོང་བརྡལ་གྱི་གྲོང་མཁར་གཙོ་བོའི་རྨང་གཞིའི་སྒྲིག་ཆས་བཅོས་སྐྱོང་བྱེད་པའི་ལས་གཞིའི་ཡུལ་དངོས་སུ་ཀརྨ་ཕུན་ཚོགས་ཀྱིས་འཆར་འགོད་ཇུས་འགོད་དང་ཨར་ལས་འཕེལ་རིམ། འབྲེལ་ཡོད་སྒྲིག་ཆས་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ཁོས་རང་འགུལ་ངང་ཞབས་ཞུ་ལེགས་པོར་བསྒྲུབ་པ་དང་། ཐབས་བརྒྱ་ཇུས་སྟོང་སྒོས་ཁེ་ལས་ཀྱི་དཀའ་ཁག་སེལ་བར་བྱས་ཏེ། ཁེ་ལས་ཀྱི་ལས་མགོ་བསྐྱར་འཛུགས་དང་ཐོན་སྐྱེད་ཀྱི་ཕན་འབྲས་ཐོན་པར་བྱ་དགོས་པ་དང་། ཉིན་རྒྱུན་གྱི་བཀོད་འདོམས་ལ་ཤུགས་བསྣན་ཏེ། ཨར་ལས་བདེ་འཇགས་ལ་ཁག་ཐེག་དང་བཟོ་སྐྲུན་སྤུས་ཚད་ལ་དམ་འཛིན་བྱེད་པའི་རྨང་གཞིའི་སྟེང་། བཟོ་སྐྲུན་གྱི་དུས་ཚོད་དང་འཕེལ་རིམ་ལ་དམ་འཛིན་བྱས་ནས། ནུས་ཤུགས་ཡོད་རྒུས་ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ལས་གཞི་སྔ་མོ་ནས་ལེགས་འགྲུབ་འབྱུང་བ་དང་བཀོལ་སྤྱོད་བྱེད་ཐུབ་པར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།