“ཅན་བཅུའི”ཏང་འཛུགས་ཀྱི་དམིགས་ཡུལ་དང་འོས་འགན།

རྩོམ་པ་པོ།: ཡོང་ཁུངས།:ཡོངས་འཛིན་དྲ་བ། དུས་ཚོད།:2026-05-05 21:32:55 ཀློག་གྲངས།:
       ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་གནད་དེ་ཁོང་དུ་བརྟན་པོར་ཆུད་པ། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་བསྟར་བ། ཏང་གི་མགོ་ཁྲིད་འོག་སྤྱོད་སྐྱོང་དང་། རང་སྐྱོང་། ཁྲིམས་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ནི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་རྒྱ་ཆེའི་ཏང་ཡོན་མང་ཚོགས་རྣམས་ཆོད་སེམས་བརྟན་པོ་དང་། བྱང་ཚད་ལེགས་པ། སྤྱོད་ཚུལ་སྲ་ཐེག་བཅས་ཀྱི་ཚད་ལྡན་འཛུགས་སྐྲུན་པར་འགྱུར་བར་སྐུལ་འདེད་གཏོང་དགོས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཁྱོན་ཡོངས་ནས་ཤུགས་སྣོན་དང་། མ་ལག་ལེགས་སྒྱུར། ཕུགས་ཕན་སྲ་བརྟན་བཅས་ཡོང་བར་སྐུལ་འདེད་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་ཤུགས། ལག་བསྟར་བྱེད་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།མང་ཚོགས་ཀྱི་བསམ་བློ་དང་བསམ་པའི་རྣམ་པ་མངོན་གསལ་དོད་པ། དྲིན་ཚོར་དེ་བྱ་སྤྱོད་དངོས་སུ་བསྒྱུར་བ་དང་། “བྱས་རྗེས་ང་ལ་བརྟེན་མི་དགོས་པའི”བསམ་པའི་འཁྱེར་སོ་དང“བྱས་རྗེས་འགྲུབ་ན་ང་ཡོད་ངེས་ཡིན་པའི”ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་། དྲིན་ཚོར་ཤེས་པ། བརྩེ་སེམས་ལྡན་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱས་ཏེ་ལག་ལེན་ཐེག་ཐུབ་པ་དང་། མི་དམངས། ལོ་རྒྱུས་ཞིབ་བཤེར་གྱི་གྲུབ་འབྲས་དངོས་ཧུར་ཐག་གཏོད་པ།ཏང་གིས་གཞི་རིམ་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བ།ལོ་ལྔ་ཚན་བཅོ་ལྔ་པའི་འགོ་འཛུགས་ལེགས་པོ་དང་གོམ་སྟབས་ལེགས་པོ་སྤོ་རྒྱུར་སྐུལ་འདེད་བཏང་སྟེ།དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱིས་འགན་སྲུང་དགོས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།