པ་སངས་ནོར་བུ་དང་སྟོབས་ལྡན་ཚེ་རིང་ལ་རྒྱལ་སྤྱིའི་བྱ་དགའ་ཞིག་རག་པ།

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2026-08-07 08:30:42 ཀློག་གྲངས།:
       ཟླ7ཚེས16ནས་ཚེས20ཉིན་བར་མཐོ་རིམ་སྒྱུ་རྩལ་སློབ་གླིང་གི་རྒྱལ་ཡོངས་གླུ་གར་འཁྲབ་སྟོན་སྐབས་བཅུ་གཉིས་པ་དངSesto Bruscantiniརྒྱལ་སྤྱིའི་གླུ་དབྱངས་འགྲན་བསྡུར་སྐབས་བཞི་པ་ཅི་ལིན་ཡན་ཅི་རུ་བྱས་པ་རེད། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་གཞོན་ནུའི་གླུ་དབྱངས་འཁྲབ་སྟོན་པས་འགྲན་བསྡུར་དྲག་པོ་བྱས་ནས་བྱ་དགའ་ཨང་དང་པོ་གཉིས་བླངས་པ་རེད།
       པ་སངས་ནོར་བུར2026ལོའིSesto Bruscantiniརྒྱལ་སྤྱིའི་གླུ་དབྱངས་འགྲན་བསྡུར་སྐབས་བཞི་པའི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
       སྟོབས་ལྡན་ཚེ་རིང་ལ། “མཐོ་རིམ་སྒྱུ་རྩལ་སློབ་གླིང་གི་རྒྱལ་ཡོངས་གླུ་གར་འཁྲབ་སྟོན”སྐབས་བཅུ་གཉིས་པའི་གདོད་མའི་རྣམ་པའི་སྒྱུ་རྩལ་སློབ་གླིང་གི་རབ་འབྱམས་ཞིབ་འཇུག་སློབ་མ་དང་། འབུམ་རམས་ཞིབ་འཇུག་སློབ་མ། དགེ་རྒན། ཆེད་ལས་སློབ་གླིང་དང་ཚོགས་པའི་འཁྲབ་སྟོན་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།  
       ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་རིམ་སྒྱུ་རྩལ་སློབ་གླིང་གི་རྒྱལ་ཡོངས་གླུ་གར་འཁྲབ་སྟོན་དེ2007ལོ་ནས་ད་བར་བསྟུད་མར་སྐབས་བཅུ་གཉིས་གཉེར་ཞིང་། རྒྱལ་ཡོངས་ཀྱི་སྒྱུ་རྩལ་སློབ་གླིང་ཆེ་གྲས་ཁག་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་ཐད་སྐྱོང་ཆེད་ལས་རིག་རྩལ་སློབ་གླིང་དང་ཚོགས་པ་འགྲན་བསྡུར་ལ་ཞུགས་ཆོག་པ་དང་། དཔྱད་འདེམས་ཨུ་ཡོན་ནི་རྒྱལ་ནང་གི་གྲགས་ཅན་གཞས་པ་གཞས་མ་དང་གླུ་དབྱངས་སློབ་གསོ་མཁས་ཅན་ཡིན་པས། གདོད་མའི་རྣམ་པའི་གླུ་གཞས་དང་ཆེད་ལས་སློབ་གླིང་དང་ཚོགས་པའི་འཁྲབ་སྟོན་པའི་ཆེད་དོན་འགྲན་ལམ་ཆེད་མངགས་བཀོད་སྒྲིག་བྱས་ཏེ། རྒྱལ་ཡོངས་ཀྱི་ཆེད་ལས་གླུ་དབྱངས་འཁྲབ་སྟོན་པར་སྒྱུ་རྩལ་ལ་གྲོས་བསྡུར་དང་། ཉམས་འགྱུར་ངོམ་པ། རིག་གཞུང་སྤེལ་རེས་བཅས་བྱེད་པར་ལས་སྟེགས་བཏོད་པ་རེད།
       དུས་མཉམ་དུ་གཉེར་བའིSesto Bruscantiniརྒྱལ་སྤྱིའི་གླུ་དབྱངས་འགྲན་བསྡུར་ནི་དབྱི་ཐ་ལིའི་ངོ་མཚར་ཆེ་བའི་གླུ་གར་མཁས་ཅན་གྱི་མིང་བཏགས་པ་ཞིག་ཡིན་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱིས་མཉམ་དུ་བཏོད་པའི་གླུ་དབྱངས་འགྲན་བསྡུར་ཞིག་རེད། 2019ལོར་བཙུགས་པ་ནས་བཟུང་། རྒྱལ་སྤྱིའི་གླུ་དབྱངས་འཁྲབ་སྟོན་གྱི་ཚད་གཞི་དང་བསྡུར་བ་ཡང་ཡང་བྱས་ཏེ་རྒྱལ་ཁབ་མང་པོའི་གླུ་དབྱངས་རིགས་གཅིག་མཁས་ཅན་གདན་དྲངས་ནས་རྒྱལ་སྤྱིའི་ཞིབ་དཔྱད་ཚོགས་པ་བཙུགས་ཏེ་རྒྱལ་ནང་གི་གཞོན་ནུ་གླུ་དབྱངས་མཁས་པར་རྒྱལ་སྤྱིར་འབྲེལ་མཐུད་དང་འཛམ་གླིང་ལ་འཁྲབ་སྟོན་ཐུབ་པའི་ཆེད་ལས་སྒྱུ་རྩལ་གྱི་བགྲོད་ལམ་ཞིག་བཏོད་ཡོད། སྐབས་འདིའི་འགྲན་བསྡུར་ཆེ་གྲས་གཉིས་གར་སྟེགས་གཅིག་ཏུ་མཉམ་དུ་བྱས་ནས་རྒྱལ་ཡོངས་ཀྱི་སློབ་གླིང་དང་སློབ་གྲྭ177དང་ཆེད་ལས་བདམས་ཐོན་པ600ཙམ་གྱིས་གར་སྟེགས་གཅིག་ཏུ་འགྲན་བསྡུར་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།