ངོས་དང་པོ > སྒྱུ་རྩལ། > སྙན་དབྱངས་འགྱུར་ཁུག > “འཆམ་མཛེས་གུང་ཧོའི”ན་ཆུང་བྱིས་པའི་རིག་རྩལ་སྤྲོ་ཚོགས་ལེགས་པར་གྲུབ།
“འཆམ་མཛེས་གུང་ཧོའི”ན་ཆུང་བྱིས་པའི་རིག་རྩལ་སྤྲོ་ཚོགས་ལེགས་པར་གྲུབ།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2026-06-02 09:10:15
ཀློག་གྲངས།:
༼མེ་ཏོག་གངས་ལྷ༽ལེ་ཚན་གཏོང་འགོ་ཚུགས་ནས་ལོ་འཁོར་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུ་བའི“འཆམ་མཛེས་གུང་ཧོའི”ན་ཆུང་བྱིས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་ཐད་གཏོང་ལེགས་འགྲུབ་བྱུང་།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་དང་གུང་ཧོ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་ཨ་མདོ་བརྙན་འཕྲིན་གྱི༼མེ་ཏོག་གངས་ལྷ༽ལེ་ཚན་གཏོང་འགོ་ཚུགས་ནས་ལོ་འཁོར་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུ་བའི“འཆམ་མཛེས་གུང་ཧོའི”ན་ཆུང་བྱིས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ༼ལང་ཚོའི་མཆོད་དབྱངས༽ཞེས་པ་དེ་སྤྱི་ཟླ5པའི་ཚེས31ཉིན་གྱི་དགོང་མོའི་ཆུ་ཚོད8པའི་སྟེང་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་ལུས་རྩལ་ར་བ་རུ་གཟབ་རྒྱས་ངང་འཚོགས།

ཐེངས་འདིའི་ན་ཆུང་བྱིས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ༼ལང་ཚོའི་མཆོད་དབྱངས༽ ཀྱིས“ན་ཆུང་སེམས་པ་ཏང་ལ་ཕྱོགས”ཞེས་པ་བརྗོད་སྙིང་དུ་བཟུང་སྟེ། ས་གནས་ཀྱི་ཏང་དང་སྲིད་གཞུང་། སློབ་གསོ་སྡེ་ཁག་བཅས་ཀྱིས་ཏང་འཛུགས་སྐྱོང་གིས་སློབ་གསོ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ལོ་ཆུང་གཞོན་ནུའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གཙིགས་ཆེན་དུ་བཟུང་སྟེ། རྒྱ་ཆེའི་ཆུང་འབྲིང་སློབ་མ་ཡོངས་ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་གྱི་བསམ་པ་ཆུང་དུས་ནས་རྒྱུད་ལ་འཇགས་པར་བྱས་ནས། མེས་རྒྱལ་འཛུགས་སྐྲུན་ལ་ཞབས་འདེགས་དང་རིག་གནས་རྒྱུན་འཛིན་ལ་སྟོབས་ཤུགས་འབུལ་བར་ཁྲིད་སྟོན་བྱེད་པའི་སློབ་གསོ་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པར་བསྔགས་བརྗོད་དང་། བོད་འབྲེལ་ས་ཁུལ་སོ་སོའི་ན་ཆུང་བྱིས་པ་རྣམས་དུས་རབས་གསར་བའི་ཉི་འོད་ཀློང་དུ་བདེ་ཞིང་སྐྱིད་པའི་འཚར་ལོངས་འབྱུང་བཞིན་པའི་ངང་ཚུལ་བཟང་བོ་ལ་སྨོན་གླུ་བླངས་ཡོད་པ་རེད།

ཐེངས་འདིའི་ན་ཆུང་བྱིས་པའི་རིག་རྩལ་སྤྲོ་ཚོགས་དེ་འཁྲབ་ཚན་ཉི་ཤུ་ཐམ་པས་གྲུབ་པར་བྱས་ཡོད་ཅིང་། གླུ་དབྱངས་དང་ཞབས་བྲོ། རྩེད་རིག རྡུང་ལེན་སོགས་རྩེད་མོའི་རྣམ་གྲངས་ཕུན་སུམ་ཚོགས་ལ། བོད་ལྗོངས་དང་ཀན་སུའུ། ཟི་ཁྲོན་བཅས་ཞིང་ཆེན་ཕྱི་ནས་གདན་ཞུ་བྱས་པའི་ན་ཆུང་གཞས་པ་གཞས་མ་དང་འཁྲབ་སྟོན་པ། རང་ཞིང་གི་ཡུས་ཧྲུའུ་ཁུལ་དང་མགོ་ལོག་ཁུལ། ཟི་ལིང་གྲོང་ཁྱེར་བཅས་ནས་གདན་ཞུ་བྱས་པའི་འཁྲབ་སྟོན་པ། དེ་མིན་གུང་ཧོ་རྫོང་གི་སློབ་གྲྭ་ཆུང་འབྲིང་སོ་སོ་ནས་འཁྲབ་སྟོན་ལ་ཞུགས་པའི་སློབ་མ་སོགས་ཁྱོན་བསྡོམས་སློབ་མ་སུམ་བརྒྱ་ཉི་ཤུ་ལ་ཉེ་བ་ཙམ་ཐེངས་འདིའི་སྤྲོ་ཚོགས་ཀྱི་འཁྲབ་སྟོན་ལ་ཞུགས་ཡོད་པ་རེད།

ཐེངས་འདིའི་སྤྲོ་ཚོགས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱི་འཕྲིན་སྟེགས་སོ་སོ་ནས་ཐད་གཏོང་བྱས་ཤིང་། དྲ་ལམ་ནས་ཐད་གཏོང་ལ་ལྟ་མཁན་མི་གྲངས་ཁྲི་བཅོ་ལྔ་ལྷག་དང་། བསྟོད་བསྔགས་རྡེབ་མཁན་མི་གྲངས་ཁྲི་བརྒྱ་ལྷག་ལ་བུད་དེ་རྒྱ་ཆེའི་ལྟ་མཁན་ཡོངས་ཀྱི་དགའ་བསུ་དང་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་རེད།

པར་ལེན་པ། འགྱུར་མེད་རྡོ་རྗེ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号