ལོ༡༤༠༠སྔོན་གྱི་སྟོན་པའི་སྐུའི་དབུ་ཞིག་རྙེད་འདུག

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2026-07-14 08:30:28 ཀློག་གྲངས།:
       ཉེ་ཆར། ཧྲན་ཞི་ཞིང་ཆེན་ཧྥུན་དབྱང་གྲོང་ཁྱེར་སན་ཆོན་གྲོང་རྡལ་ཏུང་ཀྲའོ་གྲོང་ཚོའི་གྲོང་མིས་ཞིང་ཁ་ནས་སྟོན་པའི་སྐུའི་དབུ་ཞིག་ས་བརྐོས་ནས་རྙེད་པ་དང་། མིག་སྔར་སྐུ་དེར་རིན་མི་དགོས་པར་ཧྥུན་དབྱང་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་ལ་སྤྲད་འདུག
       ཆེད་མཁས་པས་དབྱེ་ཞིབ་བྱས་པ་བརྒྱུད། སྟོན་སྐུའི་དབུ་དེ་ནི་རྟེན་རྫས་བཤམས་མཛོད་ཁང་དེའི་བཞེངས་སྐུ་ཞིག་གི་དབུ་ཡིན་པ་དང་། དེའི་ལོ་རབས་ནི་ཝེ་བྱང་མའི་དུས་སྐབས་ཡིན་པ་གཏན་འཁེལ་བྱས། མིག་སྔར་ཆེད་མཁས་པས་སྟོན་སྐུ་དེ་ཇི་ལྟར་ཉམས་གསོ་བྱེད་ཐབས་ལ་ཞིབ་འཇུག་གྲོས་བསྡུར་བྱེད་བཞིན་ཡོད།
       རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་མི་སྣས་གསར་འགོད་པར་བཤད་རྒྱུར། སྐུ་བརྙན་དེའང་སྔོན་མ་ཏུང་ཀྲའོ་གྲོང་ཚོ་ནས་རྙེད་པ་དང་། ཆེད་མཁས་པས་་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་དབུ་དང་སྐུ་གཟུགས་གཉིས་འཚམ་པོ་ཡིན་པ་ར་སྤྲོད་བྱུང་ཡོད། ལོ་རབས་དེ་ལྟར་རྩིས་བརྒྱབ་ན། སྟོན་སྐུ་དེ་ད་ལྟའི་བར་ཉུང་མཐར་ཡང་ལོ་ངོ༡༤༠༠ལྷག་གི་ལོ་རྒྱུས་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།