མངའ་རིས་ཁྱུང་ལུང་དངུལ་མཁར་སྐོར་གྱི་ཚན་རིག་དཔྱད་འབྲས་གསར་པ།
རྩོམ་པ་པོ།:
ཡོང་ཁུངས།:ཇོ་རིའི་འཕྲིན་སྟེགས།
དུས་ཚོད།:2026-08-13 08:30:57
ཀློག་གྲངས།:
ཉེ་ཆར། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཡོན་རམས་པ་ཁྲེན་ཧྥ་ཧུའུ་ཚོགས་པས་དུས་དེབ«ས་ཁམས་ཞིབ་འཇུག»(བམ་པོ༤༥པའི་དེབ༧པ)ཐོག་བོད་ཀྱི་ནུབ་རྒྱུད་ཁྱུང་ལུང་གནའ་ཤུལ་ཁྱུང་ལུང་གྲོང་ཚོའི་ལོ་རབས་རིག་པ་དང་དེ་བཞིན་མིའི་རིགས་ཀྱི་བྱེད་སྒོའི་ལོ་རྒྱུས་དབྱེ་ཞིབ་ཅེས་པའི་ཞིབ་འཇུག་དཔྱད་རྩོམ་སྤེལ་ནས། བོད་ཀྱི་ནུབ་རྒྱུད་མངའ་རིས་ས་ཁུལ་ཁྱུང་ལུང་གནའ་ཤུལ་ཁྱུང་ལུང་ས་གནས་ཀྱི་གཅིག་སྡུད་བེད་སྤྱོད་ལོ་རབས་དང་མིའི་རིགས་ཀྱི་བྱེད་སྒོའི་ལོ་རྒྱུས་ལ་ཕྱོགས་བསྡུས་ཞིབ་འཇུག་བྱས་ཤིང་། རྩོམ་ཡིག་ནང་ཐཱན་བཅུ་བཞི(༡༤C)བརྒྱུད་ནས་ལོ་ཚད་འཇལ་བ་དང་། རྒྱང་ཚོར་པར་རིས་སོགས་ཚན་རྩལ་གནའ་རྫས་རྟོག་ཞིབ་དང་ལོ་རྒྱུས་ས་ཁམས་ཕྱོགས་བསྡུས་དབྱེ་ཞིབ་ཟུང་འབྲེལ་བྱེད་པའི་བྱ་ཐབས་ལ་བརྟེན་ནས། འདུས་སྡོད་གནའ་ཤུལ་གལ་ཆེན་དེ་བེད་སྤྱོད་བྱས་པའི་ལོ་རྒྱུས་སྔར་བས་ཁ་གསལ་བཟོས་པ་དང་འབྲེལ། རང་བྱུང་ཁོར་ཡུག་དང་ས་ཁོངས་འགྲིམ་འགྲུལ། ཆབ་སྲིད་དོན་རྐྱེན་གྱིས་གནའ་ཤུལ་དེའི་མིའི་རིགས་ཀྱི་བྱེད་སྒོར་ཤུགས་རྐྱེན་ཐེབས་ཚུལ་ལ་དཔྱད་བསྡུར་བྱས་ཡོད་པ་རེད།

ཁྱུང་ལུང་ས་ཆའི་གནའ་ཤུལ་ནི་མཚོ་བོད་ས་མཐོའི་ནུབ་རྒྱུད་ཀྱི་གླང་ཆེན་ཁ་འབབ་སྟོད་རྒྱུད་ཀྱི་ལུང་གཞུང་དུ་གནས་པའི་གཞི་ཁྱོན་ཧ་ཅང་ཆེ་བའི་ལོ་རྒྱུས་རང་བཞིན་ལྡན་པའི་འདུས་སྡོད་གནའ་ཤུལ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་སྔར་གྱི་ཁྱུང་ལུང་དངུལ་མཁར་གནས་ཡུལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་གནའ་ཤུལ་དེ་གནས་སའི་དྲུ་རིའི་མཛེས་ལྗོངས་ཀྱི་དབྱིབས་དེ་བྱ་རྒྱལ་ཁྱུང་ཆེན་གྱི་གཟུགས་བརྙན་དང་མཚུངས་པས་ཞིབ་འཇུག་པ་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་ཅིག་ཅར་འཕྲོག་ཡོད། འོན་ཀྱང་ལོ་མང་རིང་ཁྱུང་ལུང་ས་གནས་ཀྱི་འདུས་སྡོད་གནའ་ཤུལ་ཆགས་པ་དང་བེད་སྤྱོད་བྱེད་པའི་ཞིབ་ཕྲའི་དུས་ཚོད་སྐོར་རིག་གཞུང་ཁྱབ་ཁོངས་ནང་ལྟ་ཚུལ་མི་འདྲ་བ་བྱུང་ཡོད། ལྟ་ཚུལ་ཞིག་གིས་དེ་ནི་ཞང་ཞུང་རིག་གནས༼ཧ་ལམ་དུས་རབས་༧པའི་དུས་དཀྱིལ་གྱི་སྔོན༽དང་འབྲེལ་བ་ཡོད་པར་མ་ཟད། འབྲེལ་ཡོད་ལོ་རྒྱུས་ཀྱི་དཔྱད་གཞི་ལྟར་དེ་དང་ཞང་ཞུང་རྒྱལ་པོའི་གནའ་གྲོང་ཁྱུང་ལུང་དངུལ་མཁར་གྱི་ངག་རྒྱུན་དང་འབྲེལ་བ་ཡོད་པར་འདོད་པ་དང་། ལྟ་ཚུལ་གཞན་ཞིག་གིས་ནི་ཁྱུང་ལུང་ས་གནས་ཀྱི་གནའ་ཤུལ་ཆགས་པའི་དུས་སྐབས་ཅུང་འཕྱི་བ་དང་། གནའ་རྫས་རྟོག་ཞིབ་ཀྱི་མཇུག་འབྲས་ཁག་ཅིག་ལས་གཙོ་གྲས་ཁ་ཤས་གནའ་བོའི་ཞང་ཞུང་རྒྱལ་རབས་ཀྱི་དུས་སྐབས༼ཧ་ལམ་དུས་རབས་༡༠པ་ནས་༡༧པའི་དུས་འགོའི་བར༽སུ་ཆགས་ཤིང་། སྔོན་ཆད་མ་ལག་ཆ་ཚང་བའི་ཚན་རིག་གི་བྱ་ཐབས་སྤྱད་ནས་ལོ་རབས་འཇལ་བའི་གཞི་གྲངས་མེད་པའི་རྐྱེན་གྱིས་རྩོད་གཞི་འདི་ལ་ལན་གསལ་པོ་ཞིག་འདེབས་ཐུབ་མེད། དེ་བསྟུན་ས་ཁོངས་འདིའི་མིའི་རིགས་ཀྱི་འཚོ་གནས་དུས་ཚོད་ཀྱི་སྒྲོམ་གཞི་ཡང་གསལ་པོ་བྱུང་མེད།

གོང་གསལ་གྱི་དོགས་གནད་ལ་ལན་འདེབས་ཆེད། ཞིབ་འཇུག་ཚོགས་པས་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་པ་དང་། ད་ཡོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་དཔྱད་གཞིའི་ཡིག་རིགས་དང་ཟུང་འབྲེལ་བྱས་ཏེ། གནའ་ཤུལ་ས་ཁོངས་ལ་ཁྱོན་ཡོངས་ནས་དངོས་སུ་ཞིབ་འཇུག་བྱས་ཤིང་། ཁྱུང་ལུང་ས་གནས་ཀྱི་གནའ་ཤུལ་ཁུལ་དུ་དེ་སྔའི་མིའི་རིགས་ཀྱི་བྱེད་སྒོ་དང་འབྲེལ་བ་ཡོད་པའི་ཕྱིར་མངོན་དང་ཕྱེད་ཙམ་ཕྱིར་མངོན་པའི་ཕུང་གསོག་གི་གཤགས་ངོས༧ཙམ༼མཐུག་ཚད༣༠ནས༡༣༢cmམི་འདྲ་བ༽བདམས་ནས། གནའ་ཤུལ་དེའི་མིའི་རིགས་ཀྱི་བྱེད་སྒོ་སྤེལ་ཁུལ་གྱི་འགྲོ་ལམ་གཡས་གཡོན་གྱི་བྲག་ཕུག་ཉེ་འགྲམ་དང་ཆུ་ཤུར་གྱི་ལྡེབས་གཞུང་དང་རྩེ་མོ། དབུས་དང་གཤམ་མ། སོལ་ཐལ་རིམ་པ་དང་སྲོག་ཆགས་དང་རྩི་ཤིང་གི་ཤུལ་བཞག་གི་མ་དཔེ་འཚོལ་བསྡུ་བྱས་ཡོད་ལ། རིག་གནས་རིམ་པའི་རྗེས་ཤུལ་ཁ་གསལ་བ་དང་རིམ་པ་ཅུང་ཟབ་པའི་སྔོན་ཐོབ་རྩ་དོན་གཞིར་བཟུང་། གཤགས་ངོས༦གི་དཔེ་མཚོན་ཐོན་རྫས༩བདམས་པ་དང་། ལན་ཀྲོའུ་སློབ་ཆེན་ནུབ་རྒྱུད་ཁོར་ཡུག་སློབ་གསོ་པུའུ་ཡིས་གཙོ་གནད་ཚོད་ལྟ་ཁང་ཐཱན་བཅུ་བཞིའི་ཚོད་ལྟ་ཁང་དུ་དཔེ་མཚོན་ཐོན་རྫས་མ་ཐོན་གོང་ཐག་གཅོད་དང་། རྡོ་སྣག་ཅན་བཟོས་ཐོབ་དང་མགྱོགས་གཏོང་འཕྲུལ་ཆས་ཀྱི་སྤུས་རིམ་དཔྱད་ཆས༼AMS༽སོགས་བེད་སྤྱད་ནས་ཚོད་ལྟ་བྱས་པ་བརྒྱུད། ཚོགས་ཆུང་༨ལ་ནུས་ལྡན་གྱི་༡༤Cལོ་རབས་ཀྱི་གྲངས་གཞི(པར་རིས༢)ཐོབ་ཡོད། ལོ་ཚད་འཇལ་བའི་མཇུག་འབྲས་ལས་མངོན་པ་ལྟར་ན། མ་དཔེ་སྤྱིའི་ལོ་རབས་ཀྱི་ཁྱབ་ཁོངས་ནི༥༡༩-0calaBP(༡༩༥༠ལོ་དང་༩༥.༤%ཡིད་རྟོན་ཁོངས)ཡིན་པ་དང་། ཆེས་སྔ་བ་དང་ཆེས་ཕྱི་བའི་ལོ་རབས་སོ་སོར་༥༠༣±༧དང༡༠༣±༧༤calaBPཡིན་པ་དང་། ཆེས་སྔ་བ་ནི་སྤྱི་ལོ༡༤༣༡ལོ་ནས༡༤༦༡ལོའི་བར་ཡིན། (རེའུ་མིག༡) ཕྱོགས་བསྡུས་ལོ་རབས་ཀྱི་གྲངས་གཞིར་དབྱེ་ཞིབ་དང་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་དང་། སྔར་ཡོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་དང་། ཁྱུང་ལུང་ས་གནས་ཀྱི་གཅིག་སྡུད་བེད་སྤྱོད་དེ་ད་བར་ལོ་༥༠༠ལྷག་ཙམ་གྱི་གནའ་བོའི་རྒྱལ་པོའི་ཁབ་ཀྱི་དུས་མཇུག(ཧ་ལམ་དུས་རབས་༡༥པའི་དུས་དཀྱིལ)ནས་འགོ་ཚུགས་པ་དང་། དེའི་རྗེས་ཉེ་རབས་བར་རྒྱུན་མཐུད་བྱས་པ་དང་། དེ་མཚུངས་ཀྱི་མིའི་རིགས་ཀྱི་བྱེད་སྒོ་ཧྲིལ་པོའི་ཐོག་བསྟུད་མར་རླབས་འགུལ་རང་བཞིན་ལྡན་ཞིང་། གནའ་ཤུལ་ཁུལ་དེའི་འཛུགས་སྐྲུན་དང་དྲུ་རིའི་མཛེས་ལྗོངས་ནི་གནའ་བོའི་མིའི་འདུ་ཤེས་ཁྲོད་ཀྱི་བྱ་རྒྱལ་ཁྱུང་ཆེན་གྱི་མཁར་རྫོང་དང་འབྲེལ་བ་ཡོད་པ་ལས། སྲོལ་རྒྱུན་ཤེས་རྟོགས་ཁྲོད་ཀྱི་ཞང་ཞུང་རིག་གནས་དུས་སྐབས་ཀྱི་ཁྱུང་ལུང་དངུལ་མཁར་མིན་པར་བཞེད་ཡོད།


ལོ་རབས་ཀྱི་སྒྲིག་གཞི་གསར་པར་གཞིགས་ནས། གནའ་རྫས་རྟོག་ཞིབ་རིག་པ་དང་ལོ་རྒྱུས་རིག་པ། ས་ཁམས་ཆ་འཕྲིན་ཚན་རིག་སོགས་ཚད་ལྡན་ཡིག་ཆའི་དཔྱད་ཡིག་དང་། དེ་བཞིན་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་པ་ལས་ཁྱུང་ལུང་ས་གནས་གདམ་རྒྱུ་དེ། དམག་དོན་འགོག་སྲུང་གི་བླང་བྱ་དང་སྡོད་གནས་ཀྱི་ཆ་རྐྱེན་དང་ཧ་ཅང་འཚམ་པོ་ཡོད་ཅིང་། འཆར་གཞི་ཞིབ་ཚགས་བཀོད་པའི་ས་ཁོངས་ཤིག་ཡིན་པ་ཤེས་ཐུབ། ཆུ་ཁུངས་དང་རྩྭ་ར། དེ་བཞིན་ཆུ་འགྲམ་གྱི་ས་ཆ་བཅས་དང་ཐག་ཉེ་བས་ཞིང་འབྲོག་ལས་ཐོན་སྐྱེད་བྱེད་བདེ་པོ་ཡོད་ལ། གཡང་གཟར་གྱི་ནགས་ཚལ་དང་ཆུ་ལམ་ལ་རྒྱབ་བརྟེན་ཡོད་སྟབས་འགོག་སྲུང་ལ་ཕན་པ་ཡོད་པས། འཚོ་གནས་དང་བདེ་འཇགས་གཉིས་ཀར་ལྟ་རྟོག་བྱེད་པའི་ཕུགས་བསམ་གྱི་སྡོད་གནས་ཤིག་རེད། འདུས་སྡོད་གནའ་ཤུལ་དེའི་མིའི་རིགས་ཀྱི་བྱེད་སྒོ་སྤེལ་ཤུགས་ལ་རང་བྱུང་ཁོར་ཡུག་གི་ཚོད་འཛིན་ཕོག་པ་ཕུད། ས་ཁོངས་ཉོ་ཚོང་བགྲོད་ལམ་གྱི་དར་རྒུད(པར་རིས༣)དང་དེ་བཞིན་ས་ཁོངས་ཀྱི་ཆབ་སྲིད་དང་དམག་དོན་གྱི་དོན་རྐྱེན་གལ་ཆེན་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། དམིགས་བསལ་གྱི་ལོ་རྒྱུས་དུས་རིམ་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཡོད་ཤས་ཆེ། ཞིབ་འཇུག་འདིས་ཁྱུང་ལུང་ས་གནས་གནའ་ཤུལ་ལ་ཚན་རིག་དང་མཐུན་པའི་ལོ་ཚད་འཇལ་བའི་གྲངས་གཞི་ཁ་གསབ་བྱས་པ་དང་། ས་ཁོངས་ཀྱི་མི་དང་ས་གནས་དབར་གྱི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས། མཐོ་གྲང་ས་ཁུལ་གྱི་ཞང་ཞུང་ནས་གནའ་བོའི་དུས་སྐབས་བར་གྱི་ཤེས་དཔལ་དར་རྒུད་རིམ་འགྱུར་ལ་ཞིབ་འཇུག་བྱེད་པར་ཞིབ་འཇུག་གི་ཟབ་ཚད་དང་ཚན་རིག་གི་གཞི་འཛིན་ས་གསར་པ་མཁོ་འདོན་བྱས་ཡོད།

ཞིབ་འཇུག་ཚོགས་པས་ཀྱང་ཞིབ་འཇུག་འདིར་ལོ་ཚད་འཇལ་བའི་མཇུག་འབྲས་ནི་གོང་གི་ནུས་ལྡན་གྱི་མ་དཔེ་བརྒྱད་ཁོ་ནར་བརྟེན་པ་ལས། གནའ་ཤུལ་འདིའི་ཁྲོད་དུ་དེ་ལས་སྔ་བའི་མིའི་རིགས་བྱ་འགུལ་བྱས་པའི་བདེན་དཔང་སྦས་ཡོད་མེད་དེ་མ་འོངས་པའི་གནའ་རྫས་རྟོག་ཞིབ་སྔོག་འདོན་གྱི་བྱ་བར་རག་ལས་ཡོད། ཞིབ་འཇུག་འདི་ནི་རིག་ཚན་ལས་བརྒལ་བའི་ཞིབ་འཇུག་གི་ཚོད་ལྟ་ཞིག་ཡིན་ལ། ཐཱན༡༤Cལོ་རབས་ཚད་འཇལ་ལག་རྩལ་བརྒྱུད་ནས་གནའ་ཤུལ་བཀོལ་སྤྱོད་ཀྱི་ལོ་རྒྱུས་བརྒྱུད་རིམ་རྗེས་འདེད་བྱ་ཐུབ་པར་མ་ཟད། རྩོམ་ཡིག་འདིས་གདོད་མའི་གྲངས་གཞི་དེ་ལོ་རབས་རིག་པའི་ཆེད་ལས་ཚད་གཞི་ལྟར་ཡོངས་བསྒྲགས་བྱས་ཏེ། ལོ་རྒྱུས་གནའ་ཤུལ་གནའ་རྫས་རྟོག་ཞིབ་རིག་པའི་ལོ་རབས་ལས་དོན་ལ་སྐུལ་འདེད་བཏང་ནས། ས་ཁོངས་ཀྱི་ལོ་རྒྱུས་དང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལ་དཔྱད་གཞིའི་གྲངས་གཞི་ཞིག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཁྱུང་ལུང་ས་གནས་དང་དེའི་མཐའ་སྐོར་ས་ཁོངས་ཀྱི་དེ་བས་ཞིབ་ཅིང་ཕྲ་བའི་མིའི་རིགས་ཀྱི་བྱེད་སྒོ་སྤེལ་སྟངས་དང་། ཁོར་ཡུག་འགྱུར་ལྡོག་གི་བརྒྱུད་རིམ་དང་དེ་བཞིན་མི་དང་ས་གནས་དབར་གྱི་མཉམ་འགུལ་འབྲེལ་བའི་སྐོར་ལ་སྔར་བཞིན་རིག་ཚན་མང་པོ་མཉམ་དུ་ཞུགས་པ་དང་འཚོལ་ཞིབ་གཏིང་ཟབ་བྱ་དགོས་པ་སྨོས་མེད་རེད།
དཔྱད་གཞིའི་དཔེ་ཀློག
༡ ཁྲེན་ཧྥ་ཧུའུ། ཞ་ཧན། ཀའོ་ཡུས། ཀྲང་ཏུང་ཅུས། དབྱང་ཞའོ་ཡན། ཏུང་ཀོང་ཧུའེ། ༢༠༢༢ཡི་གེ་མ་བྱུང་གོང་གི་དུས་སྐབས་སུ་མིའི་རིགས་ཀྱིས་མཚོ་བོད་མཐོ་སྒང་དུ་ལོབས་པ་དང་གཏན་སྡོད་བྱེད་པའི་བརྒྱུད་རིམ་དང་དེའི་དུས་རིམ་རང་བཞིན་གྱི་གྲོས་བསྡུར། ས་ཁམས་ཚན་རིག་༤༢(༡)༡-༡༤.༢)
༢ པའེ་ཀྲོང་ཀྲོང་། ཀའོ་ཡུས། ཁྲེན་ཧའོ། ཁྲེན་ཧྥ་ཧུའུ། གོ་ལ་ཧྲིལ་བོའི་མཐོ་གྲང་ཤེས་རིག་གི་འབྱུང་ཁུངས་དང་ས་ཁོངས་འཕེལ་འགྱུར་བརྒྱུད་རིམ་གྱི་ལེགས་སྒྲིག་དང་ཚོད་དཔག [J] ས་ཁམས་རིག་པའི་ཚགས་པར། ༢༠༢༥(༩)༢༣༤༠-༢༣༥༣༣)
༣ ཀྲང་ཞའོ་ཧུང་། ཁྲེན་ཧའོ། ཧོང་ཡུས། ཞུས་ཅན་ཕིན། ཁྲེན་ཧྥ་ཧུའུ། ༢༠༢༣ལ་དྭགས་ས་ཁུལ་གྱི་ལོ་རྒྱུས་ས་ཁམས་འགྱུར་ལྡོག་དབྱེ་ཞིབ། ས་ཁམས་རིག་པའི་ཚགས་པར། ༧༨(༩)༢༣༥༨-༢༣༧༢.༤༤)
༤ ཧོང་པོ། ༢༠༢༤ རྩ་སྤུ་རངས་ཀྱི་ས་སྲོད། ༡༦༣༠ལོར་གུ་གེ་རྒྱལ་རབས་ཀྱི་ཉམས་ཉེན་དང་དེ་རྩ་མེད་དུ་སོང་ཚུལ། ཁྲིན་ཏུའུ། པ་ཧྲུའུ་དཔེ་ཀློག་ཁང་།
༥ ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། བོད་རང་སྐྱོང་ལྗོངས་རིག་དངོས་ཅུད། མངའ་རིས་ས་ཁུལ་རིག་དངོས་ཅུད། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་། ནུབ་བྱང་སློབ་ཆེན་རིག་གནས་ཤུལ་བཞག་སློབ་གླིང་། རྩྭ་མདའ་རྫོང་རིག་དངོས་ཅུད། ༢༠༡༩བོད་ལྗོངས་མངའ་རིས་རྩྭ་མདའ་རྫོང་ཁྱུང་ལུང་གནའ་ཤུལ་ཁྱུང་ལུང་ས་གནས། ༢༠༡༨ལོའི་ལོ་འཁོར་གྱི་གནའ་རྫས་རྟོག་ཞིབ་སྔོག་འཚོལ་གྱི་གནས་ཚུལ་མདོར་བསྡུས། གནའ་རྫས་རྟོག་ཞིབ་དང་རིག་དངོས། (༦)༥༡-༦༥
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号