ངོས་དང་པོ > སྐབས་དོན། > སྣ་ཚོགས། > ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་མེ་མོ་ལུག་ལོའི་ལོ་སར་དགོང་ཚོགས་ལ་རིག་རྩལ་བརྩམས་ཆོས་བསྡུ་མགོ་བརྩམས་ཡོད།
ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་མེ་མོ་ལུག་ལོའི་ལོ་སར་དགོང་ཚོགས་ལ་རིག་རྩལ་བརྩམས་ཆོས་བསྡུ་མགོ་བརྩམས་ཡོད།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2026-08-20 08:35:26
ཀློག་གྲངས།:
ཉིས་སྟོང་ཉེར་དྲུག་ལོའི་ལོ་ཡི་འཁོར་མོ་ངང་གིས་འཁོར་ཏེ། འབྲས་ལྡན་སྟོན་གྱི་མཛེས་སྡུག་གི་དུས་ཚིགས་ཤིག་ལ་དབྱེ་མཚམས་འགོད་བཞིན་པའི་སྐབས་འདིར། ངེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་བོད་རབ་རྒྱན་མེ་མོ་ལུག་ལོའི་ལོ་སར་དགོང་ཚོགས་ལ་རིག་རྩལ་བརྩམས་ཆོས་བསྡུ་མགོ་བརྩམས་ཡོད། རྒྱལ་ཡོངས་ཀྱི་བོད་འབྲེལ་ས་གནས་སོ་སོའི་ཟློས་གར་ཚོགས་པ་དང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ། གླུ་བ་གླུ་མ་ཚོས་ཐུན་མིན་གྱི་ཁྱད་ཆོས་མངོན་པར་གསལ་བའི་ཕུལ་བྱུང་བརྩམས་ཆོས་དུས་ལྟར་བསྐུར་བར་དགའ་བསུ་ཞུ་རྒྱུ་དང་ཆབས་ཅིག ལོ་གསར་དགོང་ཚོགས་ཀྱི་འོས་སྦྱོར་སྒྱུ་རྩལ་བརྩམས་ཆོས་ལ་བཏོན་པའི་རེ་བ་ནི་གཤམ་གསལ་ལྟར།
གཅིག དམངས་གླུ་དང་གླུ་དབྱངས་བརྩམས་ཆོས་ཀྱི་གླུ་ཚིག་ནི། ཆེ་ཕྱོགས་ནས་ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་མཐུན་དགོས་ཤིང་། ལོ་གསར་མཆོད་བསྟོད་དང་དགའ་སྐྱིད་ལྷན་འཛོམས། བདེ་སྐྱིད་འཚོ་བ་དང་འཆམ་མཐུན་ཡར་སྐུལ་གྱི་རིགས་བརྗོད་བྱའི་གནད་དུ་འཛིན་དགོས།
གཉིས། འོས་སྦྱོར་བརྩམས་ཆོས་ཅི་ནས་ཀྱང་སྤྱི་སྟེགས་གང་ལའང་མ་བཀོད་པའི་བརྩམས་ཆོས་གསར་རྐྱང་ཡིན་དགོས་པ་དང་། རོལ་མོའི་སྒྲིག་སྦྱོར་སོགས་ལ་སྲོལ་རྒྱུན་དང་དེང་རབས་གཉིས་ཆའི་མི་རིགས་ཁྱད་ཆོས་མངོན་གསལ་ལྡན་དགོས།
གསུམ། བརྩམས་ཆོས་འོས་སྦྱོར་བྱེད་སྐབས་ལེན་མཁན་གྱི་འདྲ་པར་གཅིག་དང་ངོ་སྤྲོད་ཐུང་ངུ་ཞིག འབྲེལ་གཏུག་ཁ་པར་ཨང་གྲངས་བཅས་གསལ་བོར་བསྐུར་དགོས་པ་དང་གླུ་ཚིག་ཆ་ཚང་ལས་གཞན་ཚིག་དབྱངས་རྩོམ་མཁན་གྱི་ཆ་འཕྲིན་གསལ་བོར་འབྲི་དགོས།
བཞི། ཆེད་ལས་ཞབས་བྲོ་གསར་རྩོམ་རྐྱང་རྐྱང་ཡིན་དགོས་ལ་དམངས་ཁྲོད་ཞབས་བྲོ་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སམ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་ཀུན་ནས་ཕྱུག་པ་ཞིག་ཡིན་དགོས།
ལྔ། ཁ་ཤགས་དང་གར་ཆུང་སོགས་ཀྱི་བརྩམས་ཆོས་ཡིན་ཚེ། འཁྲབ་གཞུང་ཆ་ཚང་དང་རྩོམ་མཁན། འཁྲབ་མཁན་གྱི་མིང་སོགས་གསལ་བོར་བསྐུར་དགོས་པར་མ་ཟད། འཁྲབ་སྟོན་གྱི་བརྙན་རིས་ཀྱང་བསྐུར་དགོས།
དྲུག སྒྲ་ལམ་གྱི་རྒྱུ་ཆ་ཡིན་ཚེMP3དང་ཡང་ནWAVཡི་རྣམ་གཞག་ཅན་ཡིན་དགོས་ལ། བརྙན་ལམ་གྱི་རྒྱུ་ཆ་ཡིན་ཚེMP4ཡི་རྣམ་གཞག་ཅན་ཡིན་དགོས་ཤིང་། ཡིག་ཐོག་རྒྱུ་ཆ་ལTXTཧི་མ་ལ་ཡའི་ཡི་གཟུགས་ཅན་དང་། པར་རིས་རྒྱུ་ཆ་མཐའ་དགJPGཡི་རྣམ་གཞག་ཅན་ཡིན་དགོས།
བདུན། བརྩམས་ཆོས་བསྡུ་བའི་དུས་ཚོད་ནི། 2026ལོའི་སྤྱི་ཟླ8པའི་ཚེས20ཉིན་ནས་སྤྱི་ཟླ10པའི་ཚེས20བར་ཡིན་ལ། བརྩམས་ཆོས་ཡོད་ཚད་གཤམ་གྱི་ཡིག་ཟམ་བརྒྱུད་ནས་བསྐུར་དགོས། ཡིག་ཟམ་ཨང་གྲངས། 2063805997@qq.comདང1361833656@qq.comཡིན།
འབྲེལ་གཏུག་བྱ་ཡུལ། པདྨ་དཔལ་ཆེན། 17697219300 འབྲུག་ཆུང་རྒྱལ། 17697212128
གསལ་བཤད། འོས་སྦྱོར་བརྩམས་ཆོས་ཡོད་ཚད་དགོང་ཚོགས་འཁྲབ་ཁྲིད་ཚན་ཆུང་གིས་དཔྱད་བསྡུར་རྟིང་ཐག་བཅད་རྗེས། བདམས་ཐོན་བྱུང་མཁན་ལ་ཁ་པར་གྱི་ལམ་ནས་བརྡ་གཏོང་བ་ལས་བདམས་ཐོན་མ་བྱུང་མཁན་ལ་བརྡ་ལན་ཅི་ཡང་མི་གཏོང་བས་དགོངས་འགལ་མེད་པར་ཞུ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ནས།
སྤྱི་ལོ2026ལོའི་ཟླ8ཚེས19ཉིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号