ངོས་དང་པོ > སློབ་གསོ། > སློབ་གསོའི་རིགས་གཞུང་། > བོད་ཀྱི་སྲོལ་རྒྱུན་སློབ་གསོའི་འཆད་རྩོད་རྩོམ་གསུམ་དང་དེང་རབས་སློབ་གསོའི་ལྟ་ཁྲིད་སྦྱོང་གསུམ་གཉིས་བསྡུར་ཏེ་རགས་ཙམ་དཔྱད་པ།
བོད་ཀྱི་སྲོལ་རྒྱུན་སློབ་གསོའི་འཆད་རྩོད་རྩོམ་གསུམ་དང་དེང་རབས་སློབ་གསོའི་ལྟ་ཁྲིད་སྦྱོང་གསུམ་གཉིས་བསྡུར་ཏེ་རགས་ཙམ་དཔྱད་པ།
རྩོམ་པ་པོ།:དབང་གྲགས་སྐྱབས།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2026-01-16 09:05:12
ཀློག་གྲངས།:
དང་པོ། འཆད་རྩོད་རྩོམ་གསུམ་གྱི་མཚན་ཉིད་གླེང་བ།
ཡོངས་གྲགས་སུ་འཆད་རྩོད་རྩོམ་གསུམ་ནི་མཁས་པའི་བྱ་བ་རྣམ་གསུམ་དུ་འབོད་ལ། «དུང་དཀར་ཚིག་མཛོད་ཆེན་མོ»རུ་འཆད་རྩོད་རྩོམ་གསུམ་ནི“ཆོས་འཆད་པ་དང་། རྩོད་གླེང་བྱེད་པ། རྩོམ་ཡིག་འབྲི་བ་གསུམ་མོ། །”ཞེས་གསུངས་ཡོད་པ་དང་། «བོད་རྒྱ་ཚིག་མཛོད་ཆེན་མོ»རུ“ཆོས་ཀྱི་སྙིང་དོན་འཆད་པ་དང་དེ་དོན་བརྩད་དེ་བརྡར་ཤ་གཅོད་པ། གཙུག་ལག་གཉིས་ཀྱི་དོན་གང་རུང་ལེགས་པར་རྩོམ་པ་གསུམ་ཡིན།”ཞེས་པའི་མཚན་ཉིད་བཞག་ཡོད། «མཐོ་འབྲིང་གི་བོད་ཀྱི་སྐད་ཡིག་བསླབ་གཞིའི་མིང་ཚིག་འགྲེལ་བཤད»དུ་འཆད་རྩོད་རྩོམ་གསུམ་ནི“མཁས་པའི་བྱ་བ་རྣམ་གསུམ་སྟེ། ཆོས་སོགས་རིག་པའི་གཞུང་ལུགས་ཀྱི་སྙིང་དོན་གཞན་ལ་འཆད་པ་དང་། གཞན་དང་དེ་དོན་བརྩད་དེ་བརྡར་ཤ་གཅོད་པ་དང་། དེའི་དོན་གང་རུང་ཞིག་རང་གིས་བསྟན་བཅོས་ལེགས་པར་རྩོམ་པ་སྟེ་མཁས་པའི་བྱ་བ་རྣམ་གསུམ་མོ། །”ཞེས་འགྲེལ་བཤད་གནང་ཡོད།
གཉིས་པ། དེང་རབས་སློབ་གསོའི་ལྟ་ཁྲིད་སྦྱོང་གསུམ་གྱི་མཚན་ཉིད་གླེང་བ།
ལྟ་ཁྲིད་སྦྱོང་གསུམ་ཞེས་པའི་དེང་རབས་ཀྱི་སློབ་ཁྲིད་ཐབས་ལམ་འདི་ངོ་སྤྲོད་ཉུང་བསྡུས་ཤིག་བྱ་བ་ལ། འདིའི་སྐབས་ཀྱི་ལྟ་བ་ནི་མི་སུ་ཞིག་གི་བསམ་པའི་འཁྱེར་སོ་དང་སེམས་ཀྱི་དྲན་ཚུལ། བསམ་ཚུལ་ལ་སོགས་པ་མཚོན་པའི‘ལྟ་བ’ཟེར་བའི་མིང་བརྡ་དེའམ་ཁྱད་གཞིའི་མིང་དེ་མིན་པར། འདིའི་སྐབས་ཀྱི་ལྟ་བ་ནི་བྱ་ཚིག་གམ་བྱ་བའི་མིང་སྟེ། ལྟ་བྱེད་མིག་གིས་བལྟ་བྱའི་གཟུགས་དཔེ་ཆ་སོགས་བློའི་ཡུལ་དུ་བྱ་རུང་བ་སོགས་ལ་བལྟ་བ་ལ་ཟེར། དེ་བས་ལྟ་བ་ནི་སློབ་ཐུན་གྱི་སྐབས་སུ་དགེ་རྒན་གྱི་མཛུབ་སྟོན་འོག་ཁྲིད་ཚན་གང་དེ་ལ་སློབ་མ་རང་ངོས་ནས་ཞིབ་ཏུ་བལྟ་བ་དང་། ཁྲིད་པ་ནི་དགེ་རྒན་གྱིས་སློབ་ཁྲིད་ཀྱི་གནད་དག་དོན་འདུས་ཤིང་ཉོག་བཤད་དང་བྲལ་བའི་ཚིག་གིས་ཁ་གསལ་གོ་བདེར་སློབ་ཚན་ཁྲིད་པ་དེ་དང་། སྦྱོང་བ་ནི་སློབ་ཁྲིད་སྐབས་སུ་སྦྱངས་པའི་ཤེས་བྱའི་གནད་རྣམས་ཚོགས་ཐོག་དེར་སྦྱོང་བརྡར་བྱེད་པའམ་ཤེས་པ་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དེ་ལ་ཟེར།
གསུམ་པ། བོད་ཀྱི་སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོའི་ལྟ་ཁྲིད་སྦྱོང་གསུམ་གཉིས་ཀྱི་འདྲ་ས་གླེང་བ།
༡ དགེ་བའི་བཤེས་གཉེན་ནམ་དགེ་རྒན་གྱིས་མཛུབ་སྟོན་དང་དགེ་རྒན་གྱིས་དཔེ་ཁྲིད་བྱེད་པའི་ཆ་ནས་འདྲ་བ།
དེང་རབས་ཀྱི་སློབ་གསོ་རིག་པ་བ་རྣམས་ཀྱིས་ཀྱང་སློབ་གསོ་ཞེས་པ་ལ་གཞི་རྩའི་གྲུབ་ཆ་གསུམ་དུ་བཤད་དེ། སློབ་གསོ་གཏོང་མཁན་དང་སློབ་གསོ་གཏོང་ཡུལ། སློབ་གསོའི་ཤུགས་རྐྱེན་བཅས་གསུམ་ཡིན། སློབ་གསོ་གཏོང་མཁན་དང་སློབ་གསོ་གཏོང་ཡུལ་གཉིས་བལྟས་པ་ཙམ་གྱིས་ཧ་གོ་སླ་ཞིང་། རྗེས་ཀྱི་སློབ་གསོའི་ཤུགས་རྐྱེན་ཞེས་པ་ནི་སློབ་གསོ་གཏོང་མཁན་དང་སློབ་གསོ་གཏོང་ཡུལ་གཉིས་སྦྲེལ་བྱེད་ཀྱི་བར་བ་ལྟ་བུ་ཡིན་པ་སྟེ། དེར་སློབ་གསོའི་ནང་དོན་དང་སློབ་གསོའི་ཐབས་ལམ་སོགས་འདུ། སློབ་གསོའི་གཞི་རྩའི་གྲུབ་ཆ་གསུམ་གྱི་ཐད་ནས་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་འཆད་རྩོད་རྩོམ་གསུམ་དང་འདྲ་སྟེ། ངག་དབང་བསྟན་དར་ལྷ་རམས་པས་མཛད་པའི«འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ་ཞེས་བྱ་བ་བཞུགས་སོ»ཞེས་པ་རུ། “དེ་ལ་འདིར་འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་བཤད་པ་ལ་གསུམ། འཆད་པའི་རྣམ་གཞག་དང་། རྩོད་པའི་རྣམ་གཞག་དང་། རྩོམ་པའི་རྣམ་གཞག་གོ དང་པོ་ལ་ཡང་གསུམ། འཆད་པ་པོ་རྟེན་གྱི་གང་ཟག་དང་། འཆད་རྒྱུའི་ཆོས་དང་། དེས་དེ་ཇི་ལྟར་འཆད་པའི་ཚུལ་ལོ། །”ཞེས་གསུངས་ཡོད་པ་ལྟར། སློབ་གསོའི་གཞི་རྩའི་གྲུབ་ཆ་གསུམ་གྱི་ཐད་ནས་བོད་ཀྱི་སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོ་གང་ཡིན་ནའང་གཉིས་ཀ་འདྲ་བོ་འདུག དེར་མ་ཟད་འཆད་རྩོད་རྩོམ་གསུམ་གཙོ་བྱས་པའི་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལས་ཀྱང་མཚན་ཉིད་ཚང་བའི་དགེ་བའི་བཤེས་གཉེན་གང་དེས་གདུལ་བྱ་གང་དེ་ལ་ཆོས་གསུང་བ་དང་མཛུབ་སྟོན་བྱེད་པའི་ཆ་ནས་འདྲ། རྗེ་ཞབས་དཀར་བ་ཚང་གིས་ཀྱང“དང་པོ་བླ་མ་བླ་མར་བསྟེན། །བར་དུ་དཔེ་ཆ་བླ་མར་བསྟེན། །ཐ་མར་རང་སེམས་བླ་མར་བསྟེན། །”ལྟ་བུ་དང་། «བེའུ་བུམ་སྔོན་པོ»རུ“མན་ངག་ཐམས་ཅད་བསྡུས་པའི་མགོ་ནི། །བཤེས་གཉེན་དམ་པ་མི་གཏོང་བ་ཡིན། །དེ་ལས་དད་དང་བྱང་ཆུབ་སེམས་སོགས། །ཡོན་ཏན་ཀུན་འབྱུང་ཀུན་གྱི་གཏེར་ཡིན། །”ཞེས་པ་དག་ལས་ཀྱང་དགེ་བའི་བཤེས་གཉེན་གྱིས་གཙོ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད་པ་དེ་རྟོགས་སླ།
༢ སྦྱངས་ཟིན་གྱི་ཤེས་བྱ་གང་དེར་བསྐྱར་སྦྱོང་བྱེད་པ་ལ་མཐོང་ཆེན་བྱེད་པའི་ཆ་ནས་འདྲ་བ།
བོད་ཀྱི་སྲོལ་རྒྱུན་གྱི་འཆད་རྩོད་རྩོམ་གསུམ་དང་དེང་རབས་ཀྱི་ལྟ་ཁྲིད་སྦྱོང་གསུམ་གང་ཡིན་ཡང་གཉིས་ཀས་སློབ་མའམ་ཐོས་པ་འཚོལ་མཁན་གང་དེས་དགེ་རྒན་གྱིས་གསུངས་པའི་ཤེས་བྱའི་གནད་དག་ལ་ཡང་དང་བསྐྱར་དུ་སྦྱོང་བ་བྱེད་པའི་ཆ་ནས་འདྲ་ས་ཡོད་དེ། འཆད་རྩོད་རྩོམ་གསུམ་གྱི་རྩོད་པ་དང་ལྟ་ཁྲིད་སྦྱོང་གསུམ་གྱི་སྦྱོང་བ་གཉིས་ལས་རྟོགས་ནུས། མདོར་ན་རྩོད་པ་དང་སྦྱོང་བ་གཉིས་ཀྱི་དམིགས་ས་གཅིག་ཏུ་འདུག་ལ། དེ་ནི་ཤེས་པ་སྔར་ལས་ཇེ་ཟབ་ཏུ་གཏོང་ཕྱིར་དང“རྙིང་པ་གསར་དུ་སྦྱངས་ན་གོ་བ་གསར་པ་ལོན”ཆེད་དུ་རེད། གུང་ཐང་བསྟན་པའི་སྒྲོན་མེའི«སློབ་གཉེར་བསླབ་བྱ»རུའང“དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་། །”ཞེས་གསུངས་པས་ཀྱང་ཤེས་བྱའི་བསྐྱར་སྦྱོང་ལ་དང་དོད་བྱེད་པ་མཐོང་ཐུབ།
བཞི་པ། བོད་ཀྱི་སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོའི་ལྟ་ཁྲིད་སྦྱོང་གསུམ་གཉིས་ཀྱི་མི་འདྲ་ས་གླེང་བ།
༡ སློབ་མའི་རང་འདེགས་ནུས་པ་དང་སློབ་སྦྱོང་གི་ནུས་པ་མཐོར་འདེགས་ལ་དང་དོད་བྱེད་པའི་ཆ་ནས་མི་འདྲ་བ།
སྲོལ་རྒྱུན་སློབ་གསོའི་འཆད་རྩོད་རྩོམ་གསུམ་དང་བསྡུར་ན་དེང་རབས་ཀྱི་སློབ་གསོ་སྤྱི་དང་ལྷག་ཏུ་ལྟ་ཁྲིད་སྦྱོང་གསུམ་གྱིས་དགེ་རྒན་གྱི་གཙོ་ཁྲིད་ནུས་ཤུགས་ཅུང་ཙམ་དམའ་རུ་བཏང་སྟེ་སློབ་མའི་རང་འདེགས་ནུས་པའམ་སློབ་མའི་རང་རྐྱ་འཕེར་བའི་བསམ་བློ་དང་ལྟ་བ་གྲུབ་པར་དེ་བས་མཐོང་ཆེན་དང་། སློབ་མའི་རེ་འདུན་ཨང་དང་པོར་བཞག་ཡོད།
༢ སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་སྔོག་འདོན་ལ་དང་དོད་བྱེད་པའི་ཆ་ནས་མི་འདྲ་བ།
སྲོལ་རྒྱུན་གྱི་འཆད་རྩོད་རྩོམ་གསུམ་དང་བསྡུར་ན་ལྟ་ཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་ཀྱིས་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་མཐོར་འདེགས་ལ་དེ་བས་དང་དོད་བྱས་ཡོད་པར་འདོད། སྲོལ་རྒྱུན་སློབ་གསོས་དགེ་རྒན་གྱིས་འཁྲིད་པའམ་འཆད་པ་གཙོར་བྱས་ནས་སློབ་མས་ཉན་པ་གཙོར་འཛིན་པ་དང་། དེའང་སྲོལ་རྒྱུན་གྱི་ཐོས་པ་བཙལ་ཟེར་བ་ལྟར་དགེ་རྒན་གྱི་ས་ནས་ཐོས་པ་བཙལ་བ་གཙོར་འཛིན་ལ། ལྟ་ཁྲིད་སྦྱོང་གསུམ་གཙོས་པའི་དེང་རབས་སློབ་གསོས་སློབ་མའི་ལྟ་བ་དང་ཀློག་པ། འབྲི་བ་དང་ཉན་པ། རང་རྐྱ་འཕེར་བའི་བསམ་གཞིག་དང་རང་འགུལ་ནུས་པ་སོགས་ལ་དང་དོད་བྱེད། དེ་ལས་གཞན“སློབ་མའི་གསོ་སྐྱོང་ལྔ”སྟེ། སློབ་མའི་ཤེས་བྱའི་གསོ་སྐྱོང་དང་ཀུན་སྤྱོད་ཀྱི་གསོ་སྐྱོང་། མཛེས་རིག་གི་གསོ་སྐྱོང་། ལུས་རྩལ་གྱི་གསོ་སྐྱོང་། ངལ་རྩོལ་ནུས་པའི་གསོ་སྐྱོང་བཅས་ལ་མཐོང་ཆེན་བྱེད།
༣ ཤེས་བྱའི་བེད་སྤྱོད་རང་བཞིན་ལ་མཐོང་ཆེན་བྱེད་པའི་ཆ་ནས་མི་འདྲ་བ།
སྲོལ་རྒྱུན་སློབ་གསོས་ཤེས་བྱའི་རྒྱུན་འཛིན་ནམ་ཤེས་བྱ་གང་ཞིག་རྒྱུད་ལ་གསལ་པོར་ངེས་པར་མཐོང་ཆེན་བྱེད་ཅིང་། ཤེས་བྱའི་བེད་སྤྱོད་རང་བཞིན་དང་ཤེས་བྱ་རང་བཞིན་གཉིས་ལས་ཤེས་བྱ་རང་བཞིན་ལ་མཐོང་ཆེན་བྱེད། ལྟ་ཁྲིད་སྦྱོང་གསུམ་གཙོར་བྱས་པའི་དེང་རབས་སློབ་གསོས་ཤེས་བྱ་རང་བཞིན་ལ་གཙིགས་ཆེན་བྱེད་པ་དང་ལྷན་དུ་ཤེས་བྱའི་བེད་སྤྱོད་རང་བཞིན་དང་དངོས་ཡོད་རང་བཞིན་སོགས་དངོས་ཡོད་འཚོ་བ་ལའང་དང་དོད་ཆེན་པོ་བྱེད།
༤ སློབ་ཁྲིད་བྱེད་ཐབས་ཀྱི་ལག་རྩལ་གྱི་ཆ་ནས་མི་འདྲ་བ།
སྲོལ་རྒྱུན་སློབ་གསོ་དང་བསྡུར་ན། དེང་རབས་སློབ་གསོའི་སློབ་ཁྲིད་བྱེད་ཐབས་སམ་སློབ་ཁྲིད་བྱེད་སྟངས་ནི་སྣ་མང་ཅན་དང་ཚན་རིག་ཅན་དུ་སྣང་། སྲོལ་རྒྱུན་སློབ་གསོའི་འཆད་རྩོད་རྩོམ་གསུམ་ནི་གཙོ་བོར་མཁས་པ་གོང་མ་དག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་གསུང་རབ་དང་གླེགས་བམ་དག་ལ་ཡང་དང་བསྐྱར་དུ་སྦྱངས་བརྩོན་བགྱི་བ་དང་། གཙོ་བོ་བླ་མའི་གསུང་དང་དཔེ་ངོས་ཀྱི་ཤེས་བྱ་གཙོར་འཛིན་པ་ཡིན་ལ། དཔེ་ཆ་དང་བླ་མ། བཤེས་གཉེན་ནི་ཤེས་བྱའི་ཡོང་ཁུངས་ཆེས་གཙོ་ཆེ་བར་གྱུར་ཡོད། དེང་རབས་སློབ་གསོའི་ལྟ་ཁྲིད་སྦྱོང་གསུམ་ལྟ་བུར་མཚོན་ན། སྲོལ་རྒྱུན་སློབ་གསོའི་འཆད་རྩོད་རྩོམ་གསུམ་ལས་གཞན། ད་དུང་དུས་རབས་གསར་པའི་ཚན་རིག་ལག་རྩལ་བེད་སྤྱོད་ལེགས་པོར་བགྱིས་ཏེ་སྨྱན་མང་གཟུགས་དང་དྲ་ལམ་སློབ་ཁྲིད། ཡང་ན་རྒྱང་བསྟེན་སློབ་ཁྲིད་སོགས་སྣ་མང་ཅན་དུ་སྣང་། ཤེས་བྱའི་གནས་གང་ཡི་གེའི་ལམ་ཁོ་ནས་མ་ཡིན་པར། རྣ་བས་གོ་ཐུབ་པ་དང་མིག་གིས་གསལ་པོར་མཐོང་ཐུབ་པའི་གཟུགས་རིས་ཅན་དང་གཟུགས་བརྙན་ཅན་དུ་འདུག དེས་ང་ཚོའི་ཤེས་བྱ་འཚོལ་བའི་ཐབས་ལམ་ཇེ་མང་དང་ཇེ་གསལ་དུ་བཏང་ཞིང་། ཤེས་བྱའི་གནས་གང་གསལ་པོར་བློ་ངོར་འཇགས་རྒྱུར་དེ་བས་ཀྱང་ནུས་པ་འགངས་ཆེན་ཐོན་ཡོད།
མདོར་ན། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་འཆད་རྩོད་རྩོམ་གསུམ་དང་དེང་རབས་སློབ་གསོའི་ལྟ་ཁྲིད་སྦྱོང་གསུམ་གཉིས་ལ་འདྲ་བའི་ཆ་དུ་མ་ཡོད་ལ། མི་འདྲ་བའི་ཁྱད་ཆོས་ཀྱང་དུ་མར་སྣང་། སྲོལ་རྒྱུན་སློབ་གསོ་ལས་ད་ལྟའི་དེང་རབས་སློབ་གསོ་རུའང་བཀོལ་རུང་ལ་བཀོལ་ན་ཕན་ནུས་ཆེ་བའི་སློབ་གསོའི་ཐབས་ལམ་དང་རིག་པ་རྣམས་བསྡུ་ལེན་དང་སྔོག་འདོན་ལེགས་པོར་བགྱིས་ཏེ། སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོའི་ཐབས་ལམ་སྣ་མང་མཉམ་འབྲེལ་གྱིས་སྤྱི་ཚོགས་སློབ་གསོ་ལ་ཤུགས་སྣོན་རྒྱུ་གལ་ཆེ་བར་སྣང་ངོ་། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号