“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་”གི་གསང་བ་གསར་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-05-14 08:30:25 ཀློག་གྲངས།:
       མཚོ་བོད་ས་མཐོར་“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་”ཅེས་པའི་མཚན་སྙན་ཀུན་ཏུ་གྲགས་ཤིང་། དེ་གའི་ཆུའི་འཁོར་རྒྱུག་ནི་འཕྲེད་ཐིག་བར་མའི་ནུབ་རླུང་དང་རྒྱ་གར་དབྱར་དུས་ཀྱི་དུས་རླུང་གཉིས་དུས་ཚིགས་ལྟར་བརྗེ་རེས་བྱེད་པ་ལས་གྲུབ་ཅིང་། རྒྱ་གར་གྱི་དབྱར་རླུང་གིས་ས་མཐོའི་ལྷོ་རྒྱུད་ཀྱི་ལོ་རེའི་ཆར་ཞོད70%ཙམ་མཁོ་འདོན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཞིབ་འཇུག་གསར་པ་མང་པོ་ལས་མངོན་པ་ལྟར་ན། ནུབ་རླུང་ནི་ས་མཐོའི་ཆུའི་འཁོར་རྒྱུག་གི་རིམ་འགྱུར་ལ་སྙོམས་སྒྲིག་བྱེད་པའི་སྒུལ་ཤུགས་གཙོ་བོའང་ཡིན་པར་བསྟན་ཡོད།
       ནུབ་རླུང་གིས་ས་མཐོའི་བྱང་རྒྱུད་དང་ནུབ་རྒྱུད་ཀྱི་ཆུ་དཔྱད་གནམ་གཤིས་བརྒྱུད་རིམ་ལ་གཙོ་ཁྲིད་བྱེད་པ་མ་ཟད། ནུབ་རླུང་དང་དུས་རླུང་ཕན་ཚུན་འཐབ་སྦྱོར་བྱས་པ་བརྒྱུད། ཆར་ཞོད་ཀྱི་དུས་ཚིགས་འགྱུར་ལྡོག་དང་རྒྱ་གར་གྱི་དབྱར་རླུང་ཤུགས་ཚད་ལ་སྙོམས་སྒྲིག་བྱེད་ཅིང་། དེས་ས་ཁུལ་དེའི་དཔྱིད་དུས་ཀྱི་གངས་གསོག་དང་འཁྱགས་རོམ་དོ་སྙོམས་སོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་ནུབ་རླུང་གི་ཆུ་རླངས་སྐྱེལ་འདྲེན་ལ་དམ་འཛིན་བྱ་རྒྱུ་ནི། འབྱུང་འགྱུར་གྱི་ཆུའི་ཐོན་ཁུངས་བརྟན་ལྷིང་དང་ཉེན་ཁའི་དོ་དམ་ལ་སྔོན་དཔག་བྱ་རྒྱུར་དོན་སྙིང་ཤིན་ཏུ་ཆེན་པོ་ཡོད།
       མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ནང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀའོ་ཅིང་དང་ཡོན་ཧྲི་ཡའོ་ཐན་ཏུང་གཉིས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་སྒྲིག་གཞི་མང་པོ་དང་མཉམ་འབྲེལ་གྱིས། ལོ་ངོ་བརྒྱད་རིང་འབད་འཐབ་འགག་སྒྲོལ་བྱས་ཤིང་། ཁོང་ཚོས་ས་བབ་མཐོ་བའི་ས་ཁུལ་དུ་འཕྱོ་གཡེང་གྲུ་གཟིངས་སྒྲིག་ཆས་བེད་སྤྱོད་བྱས་ཏེ། རླུང་ཁམས་ཆེན་མོའི་ཆུ་རླངས་བརྟན་པོའི་གནས་མཐུན་རྒྱུ་དང་གནམ་གཤིས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ལྟ་ཞིབ་ཐེངས32བྱས་ཤིང་། གནས་མཐུན་རྒྱུའི་གཞུང་ལུགས་དཔེ་དབྱིབས་དང་རླུང་ཁམས་ཆེན་པོའི་འཁོར་རྒྱུག་ཚད་གཞིའི་དཔེ་དབྱིབས་ཟུང་འབྲེལ་བྱས་པ་བརྒྱུད། ནུབ་རླུང་གིས་གཙོ་ཁྲིད་བྱེད་པའི་དགུན་དཔྱིད་དུས་ཚིགས་ཀྱི་གནམ་གཤིས་འོག “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་ཆུ་རླངས་དྲང་འཕྱང་སྐྱེལ་འདྲེན་གྱི་“སྐྱེལ་འདྲེན་ཁུལ”གྱི་ལམ་སྲོལ་གསར་པ་ཞིག་གསལ་འདོན་བྱས་ཡོད།
       ཞིབ་འཇུག་ལས་མངོན་པར། ཉིང་ཁྲི་ཀླུ་ནང་ས་ཁུལ་གྱི་ཆུ་རླངས་ལ་བང་རིམ་གསལ་པོ་ཡོད་པ་མ་ཟད། དགུན་དཔྱིད་དུས་ཚིགས་ཀྱི་ཁྱད་པར་མངོན་གསལ་དོད་པས་མཐའ་མཚམས་བང་རིམ་དང་། མཉམ་བསྲེས་བང་རིམ། རང་མོས་གཏད་རྒྱུག་བང་རིམ་བཅས་ཀྱི་མཐོ་ཚད་གསལ་པོར་འབྱེད་ཐུབ། ས་མཐོའི་ཆུ་རླངས་དྲང་འཕྱང་སྐྱེལ་འདྲེན་ནི་“སྐྱེལ་འདྲེན་ཁུལ”ཉིས་བརྩེགས་ཀྱིས་སྒུལ་ཤུགས་བྱེད་ཀྱི་ཡོད་དེ། མཁའ་དབྱིངས་ནུབ་རླུང་གིས་ཕྱི་ཁུངས་ཆུ་རླངས་སྐྱེལ་ཡོང་བ་དང་། ས་ངོས་ཁུལ་དུ་ས་གནས་རང་གི་ཆུ་རླངས་རླངས་འཕྱུར་ལ་གཙོ་བོ་བྱེད་པ། མཚན་མོའི་དུས་སུ་ནུབ་རླུང་གི་ཆུ་རླངས་ས་ངོས་སུ་བྱིངས་པ་དང་ས་གནས་ཀྱི་ཆུ་རླངས་ཕན་ཚུན་འཐབ་སྦྱོར་གྱིས། ཆུ་རླངས་བང་རིམ་བར་གྱི་འདྲེས་སྦྱོར་ལ་ཚོད་འཛིན་བྱེད་པ་དང་། ནུབ་རླུང་གི་ཆུ་རླངས30%ཙམ་ས་གནས་རང་གི་ཆུའི་འཁོར་རྒྱུག་ནང་དུ་འདྲེས་ཀྱི་ཡོད། དེ་བཞིན་ས་ངོས་ཀྱི་སྔོ་ཁེབས་ཀྱིས་ཀྱང་བརྒྱུད་རིམ་འདིར་ཤུགས་རྐྱེན་ཐེབས་ཀྱི་ཡོད།
       ཞིབ་འཇུག་གི་འབྲས་བུ་འདིས་རླུང་ཁམས་ཆེན་པོའི་དཔེ་དབྱིབས་ལེགས་བཅོས་དང་། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་ཆུའི་འཁོར་རྒྱུག་མགྱོགས་སུ་འགྲོ་བའི་གནམ་གཤིས་སྔོན་དཔག དེ་བཞིན་འཁྱགས་སྙིང་སོགས་གནས་མཐུན་རྒྱུའི་ཟིན་ཐོར་གཞིར་བཟུང་གནམ་གཤིས་ཀྱི་འགྲེལ་བཤད་རྒྱག་རྒྱུ་བཅས་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།