རྫོགས་ཆེན་བྲིས་གཟུགས་བརྩམས་ཆོས་བདམས་བཀོད།

རྩོམ་པ་པོ།:པདྨ་སྐལ་བཟང་། ཡོང་ཁུངས།:གངས་ལྗོངས་ཉི་གཞོན། དུས་ཚོད།:2024-09-26 08:48:36 ཀློག་གྲངས།:
རྒྱབ་སྐྱོར།གནོན་ཀློག་པར་རིས།
| རེའུ་མིག་ལྟ་ཀློག
1/11
ད་མེད།
ངོས་གོང་མ།
ངོས་འོག་མ།
  • ཕུན་སུམ་ཚོགས་ཤིང་རྟག་ཏུ་སྐྱིད་པའི་ངོ་མཚར་དང་མ་བྲལ།

    (1/11)

  • རྫོགས་བྲིས་ནི་རྫོགས་ཆེན་དུ་དར་བའི་དབུ་མེད་ལ་ངོས་འཛིན་དགོས་ཤིང་། རྫོགས་ཆེན་པདྨ་སྐལ་བཟང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་བྲིས་རྒྱུན་ལས་བྱུང་། པདྨ་སྐལ་བཟང་མཆོག་སྐུ་ན་ཕྲ་བའི་དུས་ནས་མདོ་ཁམས་སྡེ་དགེ་འགུ་ཟིའི་ཕྱོགས་སུ་དར་ཁྱབ་ཆེ་བའི་རྣམ་པར་སྣང་མཛད་ཀྱི་བྲིས་གཟུགས་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་བྲིས་གཟུགས། དབུས་བྲིས་ཏེ་དབུས་གཙང་གི་བྲིས་གཟུགས་སོགས་ལ་སྦྱོང་བརྩོན་མཛད། གོང་གི་བྲིས་གཟུགས་དེ་དག་ལ་ནང་བྱན་ཆུབ་པའི་རྨང་གཞིའི་ཐོག །རིམ་བཞིན་ཁམས་ཕྱོགས་དང་དབུས་གཙང་གི་བྲིས་རྒྱུན་ཆེན་མོ་གཉིས་ཀྱི་ཁྱད་ཆོས་མཉམ་དུ་བསྡེབས་པར་མ་ཟད། མདོ་དབུས་ཁམས་གསུམ་གྱི་བོད་ཡིག་དབུ་མེད་ཀྱི་བྲིས་གཟུགས་ཀུན་གྱི་ཉིང་བཅུད་ཅིག་ཏུ་འདུས་ཤིང་། སྒྱུ་རྩལ་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པའི་རྫོགས་ཆེན་གྱི་བྲིས་གཟུགས་སྟེ་རྫོགས་བྲིས་གྲུབ་པ་རེད།

    (2/11)

  • རྫོགས་བྲིས་དབུ་མེད་ལ་གྲུང་ཆ་དོད་ཀྱང་བབ་བརླིང་དང་གཟབ་ནན་གྱི་ཉམས་འགྱུར་མ་ཤོར་བ་དང་འཁྱུག་འགྲོས་ཆེ་ཡང་བབ་ཆགས་དང་ཚུགས་ཀ་མི་འགྱུར་བའི་ཁྱད་ཆོས་ལྡན་པར་མ་ཟད། དེ་དང་དུས་མཚུངས་སུ་ཡིག་འབྲུ་རང་རྐྱ་ཐུབ་པ་དང་འབྲུ་ཚུགས་གྲལ་འགྲིག་པ། སྨྱུག་ཁ་གཟབ་ནན་ཡིན་པས། སྦྱོང་སླ་བ་དང་འབྲི་སླ་བ། ཁོང་དུ་ཆུད་སླ་བའི་ཁྱད་ཆོས་ལྡན། དེ་བས། རྫོགས་བྲིས་དབུ་མེད་ནི་ད་ལྟའི་བར་བོད་འབྲེལ་ས་ཁུལ་གྱི་ཡུལ་གྲུ་གང་མང་དུ་དར་ཁྱབ་ཆེ་ཞིང་། བྲིས་གཟུགས་སྒྱུ་རྩལ་ལ་དུངས་ཞེན་ཆེ་བའི་སྐྱེ་བོ་ཚོའི་འབད་ཡུལ་དང་ལད་འབྲི་བྱ་སའི་ཡུལ་དུ་གྱུར་ཏོ། །

    (3/11)

  • སེམས་མ་འཁྲུལ་ལྷོད་ལ་ཕོབ།

    (4/11)

  • བསོད་ནམས་རང་འཁོར།

    (5/11)

  • འདོད་དོན་ལྷུན་གྲུབ་བཀྲ་ཤིས་དཔལ་འཕེལ་ཤོག

    (6/11)

  • ཕུན་སུམ་ཚོགས་པའི་སྨོན་ཚིག

    (7/11)

  • ཡོན་ཏན་དང་ཤེས་རབ་ཀྱི་བདེ་སྐྱིད།

    (8/11)

  • སེམས་མ་ཡེངས།

    (9/11)

  • ཤེས་རབ་དང་སྙིང་རྗེས་འཚོ་བར་གྱིས།

    (10/11)

  • སྐྱིད་པའི་ཚིག་གསུམ།

    (11/11)

འབྲེལ་ཡོད་འོས་སྦྱོར།