ཆང་བཤད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-02-19 22:55:58
ཀློག་གྲངས།:
ཡ། ད་ངས་ཉི་ཤར་གྱི་རྩེ་མོ་དང་། །
རྟེན་འབྲེལ་གྱི་འགོ་མ་ལ། །
ནས་འབྲུ་སྔོན་མོའི་ཉིང་ཁུ། །
བདག་གཞི་མགྲོན་གྱི་སྤྱི་མ། །
གླུ་ཀུ་རེ་གཉིས་ཀྱི་སྒོ་འབྱེད། །
ཆང་བདུད་རྩི་འདིར་བཤད་ཀ་ལན་གསུམ་ར་བརྗོད་ན། །
ངའི་ལག་གི་བདུད་རྩི་ཆང་དཀར་འདིའི། །
ཁ་ན་མི་འཇིག་གཡུང་དྲུང་ཡོད། །
སྐེད་ན་བཀྲ་ཤིས་རྟགས་བརྒྱད་ཡོད། །
ཞབས་ན་པད་མ་འདབ་བརྒྱད་ཡོད། །
ནང་ན་བདུད་རྩི་བསིལ་མ་ཡོད། །
བདག་གཞི་མགྲོན་གཉིས་ཀྱི་གསོལ་སྐལ་ཡིན་ཟེར་རྒྱུ།
ཡ། ད་ངས་བདུད་རྩི་ཆང་འདིའི་བྱུང་སྲོལ་ཚོ་བཤད་ན། །
སྔོན་བསྐལ་བ་དང་པོའི་དུས་སྐབས་སུ། །
མི་མགོ་ནག་རྣམས་ཀྱིས་ནས་འབྲུ་བཙལ། །
དུས་དང་པོར་ལྷ་ཡུལ་ཁམས་ལ་བཙལ། །
དེའི་འཕྲོ་ནས་འཇིག་རྟེན་ཁམས་ལ་བཙལ། །
དུས་མཐའ་མར་ཀླུ་ཡུལ་ཁམས་ནས་རྙེད། །
ས་དོག་མོ་དྲོད་ཀྱིས་དྲོས་དུས་སུ། །
ཆུ་གཙང་བོ་ཆབ་རོམ་ཞི་དུས་དུས། །
ཞིང་ལུད་རྫས་སྨན་ཆུ་དཀྱོལ་དཀྱོལ་བྱས། །
ནས་སོན་བཟང་ཆར་བ་འབབ་འབབ་བྱས། །
ཆུ་གཙང་བོ་གསོལ་ཇ་འདྲེན་འདྲེན་བྱས། །
ནས་མྱུ་གུ་རྦ་རླབས་འཕྱུར་འཕྱུར་བྱས། །
ཟོར་གོར་མོས་ཐང་མ་སྡུད་སྡུད་བྱས། །
ཆང་བསྙལ་བའི་རྟེན་འབྲེལ་དེ་ནས་འགྲིགས། །
ལག་ལས་ཀ་ཅན་གྱི་མ་སྲུ་ཚོས། །
ཟངས་སོར་བོའི་འཁར་ཟངས་གོར་མོ་ལ། །
ཆུ་གཙང་མོ་བླུགས་ནས་དག་འཁྲུད་བྱས། །
ཤིང་འབྲི་ཤུག་བདུགས་ནས་དག་གཙང་བྱས། །
ཐབ་གྲུ་བཞིའི་གསེར་ཁྲི་སྟེང་དུ་བསྐྱོན། །
ནས་སྔོན་མོ་བླུགས་ནས་རླངས་བཙོ་བྱས། །
སྟོད་རྒྱ་གར་ཡུལ་གྱི་སྨན་རྩི་བསྲེས། །
སྨད་རྒྱ་ནག་ཡུལ་གྱི་ཆང་བཅུད་བསྲེས། །
ཁྱོན་ཡངས་པའི་གཡུ་རྫ་མདོངས་མོར་བསྙལ། །
ལོ་ལ་བསྙལ་ནས་ལོ་ཆང་བཙགས། །
ཟླ་ལ་བསྙལ་ནས་ཟླ་ཆང་བཙགས། །
ཞག་ལ་བསྙལ་ནས་ཞག་ཆང་བཙགས། །
ཆང་འགོ་མའི་འགོ་མ་འབབ་དུས་ན། །
ཤིང་ཅན་དན་འདྲ་བའི་དྲི་ཞིག་ཁྱབ། །
ཤེལ་དྭངས་མ་འདྲ་བའི་མདངས་ཤིག་ཤར། །
དེ་བླངས་ནས་ནམ་མཁའི་ལྷ་ལ་མཆོད། །
ལྷ་ཆོས་སྐྱོང་སྲུང་མས་མགོན་སྐྱོབ་བྱས། །
མི་མགོ་ནག་སྐྱིད་དོན་དེ་རེད་ཟེར། །
ཆང་བར་མའི་བར་མ་འབབ་དུས་སུ། །
ཟས་སྦྲང་རྩི་འདྲ་བའི་དྲི་ཞིག་ཁྱབ། །
གཡུ་དྭངས་མ་འདྲ་བའི་མདངས་ཤིག་ཤར། །
དེ་བླངས་ནས་གཉེན་པོ་བཙན་ལ་མཆོད། །
བཙན་གཉེན་པོ་དགྱེས་ནས་སྡོང་གྲོགས་མཛད། །
མི་མགོ་ནག་བཙན་དོན་བདེ་རེད་ཟེར་གི །
ཆང་གཞུག་མའི་གཞུག་མ་འབབ་དུས་སུ། །
ཟས་བུ་རམ་འདྲ་བའི་དྲི་ཞིག་ཁྱབ། །
ཆུ་དྭངས་མོ་འདྲ་བའི་མདངས་ཤིག་ཤར། །
དེ་བླངས་ནས་འོག་གི་ཀླུ་ལ་མཆོད། །
ཀླུ་གདེངས་ཅན་དགྱེས་ནས་ཕྱྭ་གཡང་གནང་། །
མི་མགོ་ནག་ཕྱུག་དོན་དེ་རེད་ཟེར། །
ཆང་བྱུང་སྲོལ་བཤད་ན་དེ་འདྲ་རེད་ཟེར་རྒྱུ། །
ཡ། ད་ངས་ཆང་བདུད་རྩི་འདིའི་ཆེ་བ་ལན་གསུམ་བརྗོད་ན། །
ལོ་ལ་བསྙལ་བའི་ལོ་ཆང་ཡིན། །
ལོ་ཆང་བདུད་རྩི་ཁམ་པ་ཡིན། །
ཟླ་ལ་བསྙལ་བའི་ཟླ་ཆང་ཡིན། །
ཟླ་ཆང་བདུད་རྩི་བསིལ་མ་ཡིན། །
ཞག་ལ་བསྙལ་བའི་ཞག་ཆང་ཡིན། །
ཞག་ཆང་བདུད་རྩི་འཁྱིལ་བ་ཡིན། །
གངས་ཅན་ཡུལ་གྱི་ནས་བཅུད་ཡིན། །
འཇིག་རྟེན་སྲིད་པའི་སྒྲུབ་ཆང་ཡིན། །
གེ་སར་རྒྱལ་བོའི་གསོལ་ཆང་ཡིན། །
སྔགས་པ་རྣམས་ཀྱི་བུམ་ཆང་ཡིན། །
མཁས་པ་རྣམས་ཀྱི་གཏམ་ཆང་ཡིན། །
གཉེན་པོ་རྣམས་ཀྱི་སྟོན་ཆང་ཡིན། །
དཔའ་བོ་རྣམས་ཀྱི་དཔའ་ཆང་ཡིན། །
གཞོན་པ་རྣམས་ཀྱི་རྩེད་ཆང་ཡིན། །
ཆེ་རྒན་པ་བཀུར་བའི་འབུལ་བ་ཡིན། །
མགྲོན་ཚུར་ཡོང་རྣམས་ཀྱི་བསུ་བ་ཡིན། །
མགྲོན་ཕར་འགྲོ་རྣམས་ཀྱི་རྫོང་བ་ཡིན། །
གྲོགས་བློ་མཐུན་སྒྲིག་པའི་བར་བ་ཡིན། །
གཏམ་ཀུ་རེ་འབྱེད་པའི་ལྡེ་མིག་ཡིན། །
གླུ་རྩེད་རིག་གཉིས་ཀྱི་སྒོ་འབྱེད་ཡིན། །
ཐག་ཉེ་རིང་མེད་པར་གྲོགས་པོ་ཡིན། །
དམན་ནད་དུག་འཇོམས་པའི་གཉེན་པོ་ཡིན། །
སྐྱིད་མི་ལ་རེ་བའི་རྔན་པ་ཡིན། །
གཉེན་ཉེ་བོ་སྒྲིག་པའི་ཉེ་རྟགས་ཡིན། །
སྨན་བཟང་བོ་སྡེབ་པའི་གྲུབ་ཆ་ཡིན། །
སྐྱིད་གནམ་ལོ་གསར་བའི་ཟས་མཆོག་ཡིན། །
སྒོས་རྟགས་ཀ་སྟོན་མོའི་རྒྱན་ཆ་ཡིན། །
ཉིན་དེ་རིང་མགྲོན་པོའི་གསོལ་ཆང་ཡིན་ཟེར་རྒྱུ།
ཡ། ད་ངས་ཆང་འདིའི་བཟང་བ་རྣམ་གསུམ་རེ་བརྗོད་ན། །
སྟེང་ལྷ་ལ་མཆོད་ན་མགོན་སྐྱོབ་གནང་། །
བར་བཙན་ལ་མཆོད་ན་སྡོང་གྲོགས་མཛད། །
འོག་ཀླུ་ལ་མཆོད་ལ་ཕྱྭ་གཡང་བསྩལ། །
ཕྱི་མགྲོན་པོར་དྲངས་ན་འགྲུལ་ངོ་ལོན། །
ནང་ཕ་ཁུར་དྲངས་ན་ཐུགས་དགོངས་དགྱེས། །
ཕ་ཨ་ཁུས་འཐུང་ན་དགྲ་ལྷ་འཁོར། །
སྟག་ཤ་རས་འཐུང་ན་དཔའ་རྩལ་རྒྱས། །
མ་བུ་མོས་འཐུང་ན་ཟས་ལྷ་འཁོར། །
གཏམ་བཤད་དུས་འཐུང་ན་ཁ་ལྕེ་བདེ། །
གླུ་ལེན་དུས་འཐུང་ན་སྐད་ངག་བདེ། །
སེམས་སྐྱིད་དུས་འཐུང་ན་ཚེ་ཐག་རིང་། །
ཡིད་སྐྱོ་དུས་འཐུང་ན་སྤྲོ་བ་འཕེལ། །
ཐང་ཆད་དུས་འཐུང་ན་ངལ་བ་སངས། །
བློ་དུབ་དུས་འཐུང་ན་རིག་པ་རྒྱས། །
ལུས་གྲང་དུས་འཐུང་ན་དྲོད་ཤ་སྟེར། །
དགུང་ཉལ་ཁར་འཐུང་ན་གཉིད་ཀྱང་ཁུག །
ལམ་རིང་བོ་བརྒྱུད་དུས་འགྲོ་རོགས་ཉན། །
རང་གཅིག་པུ་ཡིན་དུས་འདུག་རོགས་ཉན། །
གྲོགས་བཟང་བོར་ཐུག་དུས་ལབ་རོགས་ཉན་ཟེར་རྒྱུ། །
ཡ། ད་ངས་ཡོན་ཏན་བརྒྱད་དང་ལྡན་པའི་བདུད་རྩི་འདི། །
དང་པོར་ནམ་མཁའི་ལྷ་ལ་མཆོད། །
མི་མགོ་ནག་རྣམས་ལ་བདེ་སྐྱིད་ཟེར། །
དེ་ནས་གཉན་པོ་བཙན་ལ་མཆོད། །
མི་མགོ་ནག་རྣམས་ལ་སྡོང་གྲོགས་ཟེར། །
དེ་ནས་གདེངས་ཅན་ཀླུ་ལ་མཆོད། །
མི་མགོ་ནག་རྣམས་ལ་ཕྱྭ་གཡང་ཟེར། །
དེ་ནས་ཁྲོམ་པའི་གྲལ་ལ་འདྲེན། །
སྐྱིད་ལ་གླུ་ལེན་གར་རྩེད་ཟེར་རྒྱུ། །
རྟེན་འབྲེལ་གྱི་འགོ་མ་ལ། །
ནས་འབྲུ་སྔོན་མོའི་ཉིང་ཁུ། །
བདག་གཞི་མགྲོན་གྱི་སྤྱི་མ། །
གླུ་ཀུ་རེ་གཉིས་ཀྱི་སྒོ་འབྱེད། །
ཆང་བདུད་རྩི་འདིར་བཤད་ཀ་ལན་གསུམ་ར་བརྗོད་ན། །
ངའི་ལག་གི་བདུད་རྩི་ཆང་དཀར་འདིའི། །
ཁ་ན་མི་འཇིག་གཡུང་དྲུང་ཡོད། །
སྐེད་ན་བཀྲ་ཤིས་རྟགས་བརྒྱད་ཡོད། །
ཞབས་ན་པད་མ་འདབ་བརྒྱད་ཡོད། །
ནང་ན་བདུད་རྩི་བསིལ་མ་ཡོད། །
བདག་གཞི་མགྲོན་གཉིས་ཀྱི་གསོལ་སྐལ་ཡིན་ཟེར་རྒྱུ།
ཡ། ད་ངས་བདུད་རྩི་ཆང་འདིའི་བྱུང་སྲོལ་ཚོ་བཤད་ན། །
སྔོན་བསྐལ་བ་དང་པོའི་དུས་སྐབས་སུ། །
མི་མགོ་ནག་རྣམས་ཀྱིས་ནས་འབྲུ་བཙལ། །
དུས་དང་པོར་ལྷ་ཡུལ་ཁམས་ལ་བཙལ། །
དེའི་འཕྲོ་ནས་འཇིག་རྟེན་ཁམས་ལ་བཙལ། །
དུས་མཐའ་མར་ཀླུ་ཡུལ་ཁམས་ནས་རྙེད། །
ས་དོག་མོ་དྲོད་ཀྱིས་དྲོས་དུས་སུ། །
ཆུ་གཙང་བོ་ཆབ་རོམ་ཞི་དུས་དུས། །
ཞིང་ལུད་རྫས་སྨན་ཆུ་དཀྱོལ་དཀྱོལ་བྱས། །
ནས་སོན་བཟང་ཆར་བ་འབབ་འབབ་བྱས། །
ཆུ་གཙང་བོ་གསོལ་ཇ་འདྲེན་འདྲེན་བྱས། །
ནས་མྱུ་གུ་རྦ་རླབས་འཕྱུར་འཕྱུར་བྱས། །
ཟོར་གོར་མོས་ཐང་མ་སྡུད་སྡུད་བྱས། །
ཆང་བསྙལ་བའི་རྟེན་འབྲེལ་དེ་ནས་འགྲིགས། །
ལག་ལས་ཀ་ཅན་གྱི་མ་སྲུ་ཚོས། །
ཟངས་སོར་བོའི་འཁར་ཟངས་གོར་མོ་ལ། །
ཆུ་གཙང་མོ་བླུགས་ནས་དག་འཁྲུད་བྱས། །
ཤིང་འབྲི་ཤུག་བདུགས་ནས་དག་གཙང་བྱས། །
ཐབ་གྲུ་བཞིའི་གསེར་ཁྲི་སྟེང་དུ་བསྐྱོན། །
ནས་སྔོན་མོ་བླུགས་ནས་རླངས་བཙོ་བྱས། །
སྟོད་རྒྱ་གར་ཡུལ་གྱི་སྨན་རྩི་བསྲེས། །
སྨད་རྒྱ་ནག་ཡུལ་གྱི་ཆང་བཅུད་བསྲེས། །
ཁྱོན་ཡངས་པའི་གཡུ་རྫ་མདོངས་མོར་བསྙལ། །
ལོ་ལ་བསྙལ་ནས་ལོ་ཆང་བཙགས། །
ཟླ་ལ་བསྙལ་ནས་ཟླ་ཆང་བཙགས། །
ཞག་ལ་བསྙལ་ནས་ཞག་ཆང་བཙགས། །
ཆང་འགོ་མའི་འགོ་མ་འབབ་དུས་ན། །
ཤིང་ཅན་དན་འདྲ་བའི་དྲི་ཞིག་ཁྱབ། །
ཤེལ་དྭངས་མ་འདྲ་བའི་མདངས་ཤིག་ཤར། །
དེ་བླངས་ནས་ནམ་མཁའི་ལྷ་ལ་མཆོད། །
ལྷ་ཆོས་སྐྱོང་སྲུང་མས་མགོན་སྐྱོབ་བྱས། །
མི་མགོ་ནག་སྐྱིད་དོན་དེ་རེད་ཟེར། །
ཆང་བར་མའི་བར་མ་འབབ་དུས་སུ། །
ཟས་སྦྲང་རྩི་འདྲ་བའི་དྲི་ཞིག་ཁྱབ། །
གཡུ་དྭངས་མ་འདྲ་བའི་མདངས་ཤིག་ཤར། །
དེ་བླངས་ནས་གཉེན་པོ་བཙན་ལ་མཆོད། །
བཙན་གཉེན་པོ་དགྱེས་ནས་སྡོང་གྲོགས་མཛད། །
མི་མགོ་ནག་བཙན་དོན་བདེ་རེད་ཟེར་གི །
ཆང་གཞུག་མའི་གཞུག་མ་འབབ་དུས་སུ། །
ཟས་བུ་རམ་འདྲ་བའི་དྲི་ཞིག་ཁྱབ། །
ཆུ་དྭངས་མོ་འདྲ་བའི་མདངས་ཤིག་ཤར། །
དེ་བླངས་ནས་འོག་གི་ཀླུ་ལ་མཆོད། །
ཀླུ་གདེངས་ཅན་དགྱེས་ནས་ཕྱྭ་གཡང་གནང་། །
མི་མགོ་ནག་ཕྱུག་དོན་དེ་རེད་ཟེར། །
ཆང་བྱུང་སྲོལ་བཤད་ན་དེ་འདྲ་རེད་ཟེར་རྒྱུ། །
ཡ། ད་ངས་ཆང་བདུད་རྩི་འདིའི་ཆེ་བ་ལན་གསུམ་བརྗོད་ན། །
ལོ་ལ་བསྙལ་བའི་ལོ་ཆང་ཡིན། །
ལོ་ཆང་བདུད་རྩི་ཁམ་པ་ཡིན། །
ཟླ་ལ་བསྙལ་བའི་ཟླ་ཆང་ཡིན། །
ཟླ་ཆང་བདུད་རྩི་བསིལ་མ་ཡིན། །
ཞག་ལ་བསྙལ་བའི་ཞག་ཆང་ཡིན། །
ཞག་ཆང་བདུད་རྩི་འཁྱིལ་བ་ཡིན། །
གངས་ཅན་ཡུལ་གྱི་ནས་བཅུད་ཡིན། །
འཇིག་རྟེན་སྲིད་པའི་སྒྲུབ་ཆང་ཡིན། །
གེ་སར་རྒྱལ་བོའི་གསོལ་ཆང་ཡིན། །
སྔགས་པ་རྣམས་ཀྱི་བུམ་ཆང་ཡིན། །
མཁས་པ་རྣམས་ཀྱི་གཏམ་ཆང་ཡིན། །
གཉེན་པོ་རྣམས་ཀྱི་སྟོན་ཆང་ཡིན། །
དཔའ་བོ་རྣམས་ཀྱི་དཔའ་ཆང་ཡིན། །
གཞོན་པ་རྣམས་ཀྱི་རྩེད་ཆང་ཡིན། །
ཆེ་རྒན་པ་བཀུར་བའི་འབུལ་བ་ཡིན། །
མགྲོན་ཚུར་ཡོང་རྣམས་ཀྱི་བསུ་བ་ཡིན། །
མགྲོན་ཕར་འགྲོ་རྣམས་ཀྱི་རྫོང་བ་ཡིན། །
གྲོགས་བློ་མཐུན་སྒྲིག་པའི་བར་བ་ཡིན། །
གཏམ་ཀུ་རེ་འབྱེད་པའི་ལྡེ་མིག་ཡིན། །
གླུ་རྩེད་རིག་གཉིས་ཀྱི་སྒོ་འབྱེད་ཡིན། །
ཐག་ཉེ་རིང་མེད་པར་གྲོགས་པོ་ཡིན། །
དམན་ནད་དུག་འཇོམས་པའི་གཉེན་པོ་ཡིན། །
སྐྱིད་མི་ལ་རེ་བའི་རྔན་པ་ཡིན། །
གཉེན་ཉེ་བོ་སྒྲིག་པའི་ཉེ་རྟགས་ཡིན། །
སྨན་བཟང་བོ་སྡེབ་པའི་གྲུབ་ཆ་ཡིན། །
སྐྱིད་གནམ་ལོ་གསར་བའི་ཟས་མཆོག་ཡིན། །
སྒོས་རྟགས་ཀ་སྟོན་མོའི་རྒྱན་ཆ་ཡིན། །
ཉིན་དེ་རིང་མགྲོན་པོའི་གསོལ་ཆང་ཡིན་ཟེར་རྒྱུ།
ཡ། ད་ངས་ཆང་འདིའི་བཟང་བ་རྣམ་གསུམ་རེ་བརྗོད་ན། །
སྟེང་ལྷ་ལ་མཆོད་ན་མགོན་སྐྱོབ་གནང་། །
བར་བཙན་ལ་མཆོད་ན་སྡོང་གྲོགས་མཛད། །
འོག་ཀླུ་ལ་མཆོད་ལ་ཕྱྭ་གཡང་བསྩལ། །
ཕྱི་མགྲོན་པོར་དྲངས་ན་འགྲུལ་ངོ་ལོན། །
ནང་ཕ་ཁུར་དྲངས་ན་ཐུགས་དགོངས་དགྱེས། །
ཕ་ཨ་ཁུས་འཐུང་ན་དགྲ་ལྷ་འཁོར། །
སྟག་ཤ་རས་འཐུང་ན་དཔའ་རྩལ་རྒྱས། །
མ་བུ་མོས་འཐུང་ན་ཟས་ལྷ་འཁོར། །
གཏམ་བཤད་དུས་འཐུང་ན་ཁ་ལྕེ་བདེ། །
གླུ་ལེན་དུས་འཐུང་ན་སྐད་ངག་བདེ། །
སེམས་སྐྱིད་དུས་འཐུང་ན་ཚེ་ཐག་རིང་། །
ཡིད་སྐྱོ་དུས་འཐུང་ན་སྤྲོ་བ་འཕེལ། །
ཐང་ཆད་དུས་འཐུང་ན་ངལ་བ་སངས། །
བློ་དུབ་དུས་འཐུང་ན་རིག་པ་རྒྱས། །
ལུས་གྲང་དུས་འཐུང་ན་དྲོད་ཤ་སྟེར། །
དགུང་ཉལ་ཁར་འཐུང་ན་གཉིད་ཀྱང་ཁུག །
ལམ་རིང་བོ་བརྒྱུད་དུས་འགྲོ་རོགས་ཉན། །
རང་གཅིག་པུ་ཡིན་དུས་འདུག་རོགས་ཉན། །
གྲོགས་བཟང་བོར་ཐུག་དུས་ལབ་རོགས་ཉན་ཟེར་རྒྱུ། །
ཡ། ད་ངས་ཡོན་ཏན་བརྒྱད་དང་ལྡན་པའི་བདུད་རྩི་འདི། །
དང་པོར་ནམ་མཁའི་ལྷ་ལ་མཆོད། །
མི་མགོ་ནག་རྣམས་ལ་བདེ་སྐྱིད་ཟེར། །
དེ་ནས་གཉན་པོ་བཙན་ལ་མཆོད། །
མི་མགོ་ནག་རྣམས་ལ་སྡོང་གྲོགས་ཟེར། །
དེ་ནས་གདེངས་ཅན་ཀླུ་ལ་མཆོད། །
མི་མགོ་ནག་རྣམས་ལ་ཕྱྭ་གཡང་ཟེར། །
དེ་ནས་ཁྲོམ་པའི་གྲལ་ལ་འདྲེན། །
སྐྱིད་ལ་གླུ་ལེན་གར་རྩེད་ཟེར་རྒྱུ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号