• ཉེ་བའི་ལོ་འདི་དག་ལ་དེང་རབས་བོད་ཀྱི་སྒྲུང་གཏམ་གྱི་མི་གཤིས་མངོན་སྟངས་ལ་སྨྱུག་ཁ་སྐོར་སྟངས་རྣམ་པ་སྣ་ཚོགས་སུ་སོང་ཡོད་ཙང་།དུས་རབས་སྔོན་མའི་མཇུག་དང་བསྡུར་ན།མི་སྣའི་སེམས་ཁམས་གསོ་སྐྱོང་གི་སྒྲུང་གཏམ་མང་དུ་འབྱུང་བཞིན་ཡོད་ཅིང་།བལྟོས་བཅས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྟགས་སུ་ངོས་བཟུང་ན་འགྲིག་སྙམ།རྩོམ་ཐུང་འདིར་སྒྲུང་ཐུང«ནད»ཀྱི་མི་གཤིས་ཀྱི་མངོན་སྟངས་ལས་ཁེར་ཧྲེང་ནི་མི་ཆོས་ཀུན་སྤྱོད་ཀྱི་སྙིང་སྟོབས་མཚོན་པ་དང་།ལོ་རྒྱུས་འཕེལ་རྒྱས་ཀྱི་ཁེར་ཧྲེང་གི་སེམས་ངལ་དང་ཁུར་བོ་སོགས་གང་ཡང་མཚོན་གྱི་མེད་པར།སྒྲུང་འདིའི་མི་སྣ་གཙོ་བོ་ཉིད་ཁོར་ཡུག་དང་མཐུན་འཇུག་མེད་པའི་སེམས་ཚོར་གསལ་རྫོགས་བྱས་ཡོད་པ་དང་།ཕྱི་དོན་བསལ་སྒྲིབ་བྱས་མེད་པའི་ཁེར་ཧྲེང་གི་འདུ་ཤེས་ཀྱི་མཛེས་པ་ལ་དཔྱད་པ་རགས་ཙམ་བཏང་བའོ།།...

    2022-04-07 08:45:24 འཇམ་དཔལ་ཚེ་རིང་། བསོད་རིན། 23393
  • དཔྱད་རྩོམ་འདིར་བོད་ཀྱི་གནའ་བོའི་སྒྱུར་གཞུང་སྒྲ་སྦྱོར་བམ་པོ་གཉིས་པ་གཏན་ལ་ཕབ་པ་དེས་སྐབས་དེའི་སམ་བོད་ཡིག་སྒྱུར་གཞུང་ལུགས་ལ་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་མ་ཟད།ཕྱིས་བོད་ཀྱི་རྒྱ་བོད་ཡིག་སྒྱུར་གྱི་ལག་ལེན་དངོས་ཀྱི་ནང་ལའང་བྱེད་ནུས་ཆེན་པོ་ཐོན་ཚུལ་སྐོར་གླེང་འདུག...

    2022-04-06 09:03:40 ​​​​​​​འཆི་མེད་ཚེ་རིང་། 24155
  • མཛེས་རྟོག་རིག་པའི་རང་བཞིན་གྱི་གོ་དོན།མཛེས་དཔྱོད་འདུ་ཤེས་འཛིན་སྟངས།མཛེས་རྟོག་སློབ་གསོའི་ནུས་པ།...

    2022-03-30 08:30:15 ལྷ་འབུམ་རྒྱལ། 24595
  • ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི་རྡོ་ཐེམ།...

    2022-03-23 09:10:07 མཚོ་སྔོན་པོ་དྲ་བ། 23932
  • ༄༅།།ནུབ་ཕྱོགས་ཀྱི་འཆར་ཡན་རིང་ལུགས་དང་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྩོམ་རིག་སྐོར་རགས་ཙམ་གླེང་བ།...

    2022-03-14 09:24:26 རིན་ཆེན་མཚོ། 23364
  • ༄༅།།བོད་ཀྱི་དེང་རབས་བརྩམས་སྒྲུང་གི་མ་འོངས་སྒྱུ་རྩལ་འཕེལ་ཕྱོགས་སྐོར་གྱི་བསམ་གཞིག...

    2022-02-28 10:15:11 བདེ་ལེགས། 23495
  • དཔྱད་རྩོམ་འདིར་རྒྱ་ནག་གོང་མ་ཆྭན་ལུང་དུས་སོག་པོ་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་ཐང་རྒྱལ་རབས་སྐབས་སྡེ་སྣོད་འཛིན་པ་ཐང་ཞོན་ཙང་དང་ཁོང་གི་སློབ་མ་པན་ཅི་རྣམ་གཉིས་ཀྱིས་མཛད་པའི་ཡོངས་གྲགས་ཐང་སན་ལམ་ཡིག་འདི་ཉིད་བོད་ཀྱི་སྐད་ལ་བསྒྱུར་བ་ཚུན་དུ་རང་རེའི་ཕྱིས་ཀྱི་མཁས་པ་འགའ་ཞིག་གིས་བོད་འགྱུར་མ་དེའི་འགྱུར་འཁྲུལ་ལ་སྣང་འཇོག་ཡེ་ནས་བྱུང་མེད་པའི་ཚུལ་བརྗོད་རྗེས།གུང་མགོན་པོ་སྐྱབས་ཀྱི་བོད་འགྱུར་དཔར་མ་དང་རྒྱ་ཡིག་མ་ཕྱི་གཉིས་ཀྱི་བརྗོད་དོན་ལ་གཤིབ་བསྡུར་བགྱིས་པའི་ཐོག་ནས་རྒྱ་ཡིག་མ་ཕྱིར་བསྟན་པའི་སྐབས་དེ་ཤེད་ཀྱི་རྒྱ་གར་ཡུལ་བྱེ་བྲག་པའི་བྱུང་རབས་ཇི་མ་ཇི་བཞིན་མི་འཛོལ་བར་བོད་ཡིག་ཏུ་བསྒྱུར་མི་བཏུབ་པའི་དོགས་གནད་དམིགས་བསལ་ཅན་ཁ་ཅིག་ཟུར་དུ་ཕྱུང་ནས་དཔྱད་བརྗོད་བགྱིས་པ་དང་སྦྲགས་བོད་འགྱུར་མར་རྒྱ་ཡིག་ཕྱི་མོའི་བྱེ་བྲག་གི་བརྗོད་བྱའི་དོན་གནད་ཧྲིལ་པོ་ཆད་པའམ་ཆ་ཤས་མ་བསྒྱུར་བའི་རྣམ་པ་ཇི་ལྟ་བུ་ཡིན་མིན་གསལ་ཁ་གཏོད་འདུག...

    2022-02-25 09:54:10 རྨེ་རུ་ཚེ་རིང་དོན་གྲུབ། 22713
  • སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱིས་དབུགས་ལྒང་ལ་སྤྱིའི་ཆ་ནས་བཤད་ན་པར་རིས་ཀྱི་གསལ་ཚད་དང་སྙོམས་སྒྲིགམཐུད་སྦྱོར་སོགས་ལ་འཁྲབ་ཁྲིད་པའི་བཀོད་སྒྲིག་དང་ལག་རྩལ་གྱིས་འདང་ཡོད་པར་མ་ཟད།གློག་བརྙན་རང་སྟེང་གི་སྒེར་གཤིས་ཤིག་དང་ཁྱད་ཆོས་ཤིག་མངོན་པར་གསལ་འདུག་སྙམ།།...

    2022-02-18 10:58:02 ཁྱུང་ཐར་རྒྱལ། 22805
  • གུང་ཐང་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ནི།ལོ་རྒྱུས་ཀྱི་རྒྱུ་ཆ་ཁུངས་འཕེར་ཞིག་ཡིན་པ་ད་ལྟ་མཁས་པའི་སྡེ་ལ་གྲགས་པས།འདིར་རྩོམ་པ་པོས་རྒྱལ་རབས་བསྟན་བཅོས་འདིའི་པར་གཞི་གསུམ་གྱི་མི་འདྲ་བའི་ཁྱད་ཆོས་ཏེ།ལག་བྲིས་མའི་པར་གཞི་དང་སྤྱི་ལོ༡༩༩༠ལོའི་པར་མ།སྤྱི་ལོ༢༠༠༦ལོའི་པར་མ་གསུམ་གྱི་གནས་ཚུལ་མདོར་བསྡུས་དང་ཡིག་ཆའི་རིན་ཐང་སྐོར་ནས་མདོ་ཙམ་གླེང་ཡོད།...

    2022-02-16 09:26:08 སྔོ་ལ་བཀྲ་ཤིས་ཚེ་འཕེལ། 22212
  • <strong>སྔགས་བཀླག་ཐབས་ལས་འཕྲོས་ཏེ་བོད་ཡིག་གི་སྒྲ་གདངས་དང་སྒྲ་སྒྱུར་ཡུལ་མིང་འགའི་འཕེལ་འགྱུར་ལ་དཔྱད་པ།</strong>

    ཐོག་མར་སམ་བོད་དང་རྒྱ་བོད་ཀྱི་སྒྲ་སྒྱུར་རྣམ་པ་ཕན་ཚུན་བསྡུར་ཚེ་དབྱངས་ཀཻ་ཤ་ཅན་ལ་ཀློག་ཚུལ་ལམ་སྒྲ་སྒྱུར་བྱེད་ཚུལ་རིགས་གཉིས་ཡོད་ཀྱང་སྐད་བརྡ་རིག་པའི་ངོས་ནས་དེ་དག་གི་སྒྲ་གནས་གཅིག་མཚུངས་ཡིན་འདུགཀྵ་དང་ཥ་ཡིག་བོད་ཀྱིས་ཁྱ་དང་ཁ་ཡི་སྒྲ་འདྲ་བར་ཀློག་པ་ནི་རྒྱ་གར་གྱི་ཡུལ་སྐད་བྱེ་བྲག་དང་འབྲེལ་བ་ཡོད་པར་མ་ཟད།རྒྱ་གར་གྱི་“རྒྱ་”ཡང་ཐོག་མའི་དུས་སུ་“ཨརྱ་”ཞེས་པའི་སྒྲ་སྒྱུར་ཙམ་ཡིན།དེ་མིན་ཨ་མདོའི་འབྲོག་སྐད་དང་འབྲེལ་ནས་ག་ཛ་ཌ་ད་བའི་སྒྲའི་ངོ་བོ་ལ་བརྟག་ཚེ་སྔགས་བཀླག་ཐབས་ནང་“མིང་ཐོག་སྡེ་པའི་གསུམ་པ་རྣམས།།འ་ཡིས་འཕུལ་བ་ལྟ་བུར་ཀློག།”ཅེས་འ་ཡིས་འཕུལ་བ་ལྟ་བུར་ཀློག་དགོས་པར་བཤད་པ་ནི་སྒྲ་ལྡན་གྱི་ངོ་བོ་སྲུང་འཛིན་བྱེད་ཆེད་ཡིན་ལ།“དབུས་མཐར་ཡོད་ན་བོད་དང་མཚུངས་”པ་ནི་བོད་ཀྱི་སྐད་གཤིས་དང་འབྲེལ་བ་ངེས་ཅན་ཡོད།གཞན་ས་སྐྱ་བསོད་ནམས་རྩེ་མོ་སོགས་ཀྱིས་ཡི་གེའི་སྐྱེ་གནས་ཀྱི་ལྟ་བ་ལ་གཞི་བཅོལ་ཚེ་སྔགས་ཡིག་ཙ(ca)ཚ(cha)ཛ(ja)གསུམ་བོད་ཡིག་ནང་ཙ་ཚ་ཛ་ལྟར་སྒྲ་སྒྱུར་བྱས་ཡོད་ནའང་།སྐྱེ་གནས་དང་སྒྲ་གདངས་ཀྱི་ཆ་ནས་བོད་ཀྱི་ཅ་ཆ་ཇ་གསུམ་དང་ཉེ་བར་འདོད།...

    2022-02-11 08:38:53 ལྷ་མོ་ཚེ་རིང་། 17660

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།