༄༅།།སྐུ་ཕྱོགས་རྡོ་རྗེ་འཆང་ཨོའུ་རྒྱ་རིན་པོ་ཆེ།
རྩོམ་པ་པོ།:ཨ་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-22 10:06:02
ཀློག་གྲངས།:
༄༅།།བཀའ་བཅུའི་ཡོངས་འཛིན་སྐུ་ཕྱོགས་རྡོ་རྗེ་འཆང་ཨོའུ་རྒྱ་རིན་པོ་ཆེ(ཨ་ལགས་གསེར་ལག)མཆོག་གི་ཞལ་སྔ་ནས་ནི། དཀར་མོ་དགོན་མཁའ་སྤྱོད་གསང་ཆེན་སྒྲུབ་སྡེ་དགའ་ལྡན་བཀྲ་ཤིས་ཆོས་འཁོར་གླིང་གི་ལུགས་གཉིས་ཀྱི་བདག་པོ་དམ་པ་ཡིན་ཞིང་། གསེར་ལག་དགོན་པའི་རྡོ་རྗེ་འཆང་རྣམ་གཉིས་ཀྱི་གྲས་ཡིན།
ད་ལྟ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་ཞུས་ཞིབ་འཇུག་པ་དང་། ཀྲུང་གོ་བོད་བརྒྱུད་ནང་བསྟན་ཡོན་གནས་མཛུབ་སྟོན་ཨུ་ལྷན་གྱི་ཨུ་ཡོན། ནང་སོག་རང་སྐྱོངས་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ཆེད་ཞུས་བོད་ཀྱི་མཁས་པ། མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། མཚོ་ལྷོ་ཁུལ་བོད་གསང་སྔགས་རིག་གནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ། མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་སྟོན་ཁྲུའུ་ཀྲང་སྐུ་གཞོན་དང་བཀའ་བཅུའི་ཡོངས་འཛིན་གྱི་འགན་སོགས་གཅིག་ལྕོགས་སུ་མཛད་ཅིང་བསྟན་འགྲོའི་རླབས་ཆེན་གྱི་བྱ་བ་ཁུར་དུ་འདེགས་བཞིན་བཞུགས།
1968ལོར། མཚོ་ལྷོ་ཁུལ་འབའ་རྫོང་དཔའ་མཆོག་འཇམ་སྐོར་ཡུལ་ཚོའི་གསེར་གཞུང་ཞེས་པའི་སའི་ཆར་སྐུ་བལྟམས།
1984ལོར། མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་མཐར་ཕྱིན་རྗེས་གསེར་ལག་དགོན་དུ་ངུར་སྨྲིག་གི་ན་བཟའ་གསོལ་ཏེ་རབ་ཏུ་བྱུང་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། སྐྱབས་རྗེ་ལྕང་སྐྱ་རིན་པོ་ཆེ་ཚང་གི་མདུན་ནས་སུམ་རྟགས་དག་གསུམ་ལ་སྦྱངས་ཤིང་ཁྱད་པར་དུ་ཁྲིད་མན་ངག་གི་རིགས་ལ་གསན་སྦྱངས་གཤིས་ཕྱིན་པ་བྱས། དེ་ནས་རྗེ་ལྕང་སྐྱ་རིན་པོ་ཆེས་བཀས་བསྐུལ་ཏེ1986ལོར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་བར་སློབ་གཉེར་དུ་ཕེབས།
1993ལོར་ལ་མོའི་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གིས་བཤད་སྒྲུབ་བསྟན་པའི་གསལ་བྱེད་དམ་པ་སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེའི་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་གསེར་ལག་དགོན་དང་དཀར་མོ་དགོན་གཙོས་དགོན་གོང་མ་བཅས་ལྷ་སྡེ། སྐུ་གོང་མའི་སྐུ་བདག་སོགས་ཀྱིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཁ་བཏགས་འཐེན། ལོ་དེར་དགོན་པ་གོང་འོག་གཉིས་ནས་ཁྲི་སར་འཁོད།
2004ལོར་པེ་ཅིན་སློབ་གྲྭ་ཆེན་མོ་ནས་ཞིབ་འཇུག་སློབ་མཐར་ཕྱིན།
2009ལོར། མཚོ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་འབའ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བྱས།
2016ལོར་བཀའ་བཅུའི་ཡོངས་འཛིན་གྱིས་ཐོབ་ཐང་བླངས།
སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེ་མཆོག་གིས་བོད་ཀྱི་སློབ་གསོའི་ལས་དོན་ལ་བྱ་བ་རླབས་ཆེན་སྒྲུབ་ཡོད་པར་མ་ཟད། དགོན་སྡེ་འཛུགས་བསྐྲུན། འཆད་ཉན་འཛུགས་སྤེལ། སྒྲུབ་པ་ཉམས་ལེན། ཆོས་བརྒྱུད་དར་སྤེལ། གསུང་རྩོམ། དཔེ་ཚོགས་པར་བསྐྲུན། གཞན་ཕན་རོགས་སྐྱོར། འབལ་ཡུལ་པོ་ཏ་ལ་རྟེན་བཞེངས་བཅས་མཛད་ཡོད།
ཁོང་གིས་བྱ་བ་སྒྲུབ་པའི་སྐོར་རགས་ཙམ་བཤད་ན།
1.བླ་བྲང་དགོན་དང་གསེར་ལག་དགོན། དཀར་མོ་དགོན། ཐར་ཤུལ་དགོན། ཁྱུང་དམར་དགོན། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་སོགས་སུ་བློ་རྟགས་དང་དྲང་ངེས་དང་ལམ་རིམ་ཆེ་ཆུང་། སྤྱོད་འཇུག་ཆེན་མོ། སྙན་ངག་རྟོགས་བརྗོད་སོགས་ཀྱི་དཔེ་ཁྲིད་གང་མང་གནང་།
2.འབལ་རྫོང་དང་མང་རྫོང་། གསེར་ཆེན་རྫོང་། བྲག་དཀར་རྫོང་། ཡང་ན་ཁུལ་གཞན་དུ་དུས་འཁོར་དབང་ཆེན་ཐེངས་གཉིས་གནང་བ་གཙོ་བྱས་ཏེ་དབང་གནང་བ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་ཆེན་པོ30ལྷག་སྤེལ་ཏེ་རྒྱ་ཆེའི་ཚོས་དད་མང་ཚོགས་ལ་ཆོས་ཀྱི་འཁོར་ལོ་བསྐོར།
3.འབལ་རྫོང་ནང་བསྟན་ཟབ་སྦྱོང་ཐེངས་དགུ། མཚོ་ལྷོ་ཁུལ་ནང་བསྟན་ཟབ་སྦྱོང་བདུན། མཚོ་སྔོན་མི་རིགས་སློབ་ཆེན། པེ་ཅིན་མི་རིགས་སློབ་ཆེན། ཀྲུང་གོ་བོད་རིག་པ་ལྟེ་གནས། མཚོ་སྔོན་ནང་བསྟན་སློབ་ཆེན་སོགས་སུ་འཆད་ཁྲིད་ཐེངས60ལྷག་བྱས།
4.ཕྱག་རྩོམ་སྙན་རྩོམ་དད་པའི་མེ་ཏོག དཀའ་སྡུག་དང་བྱ་ཆུབ། གངས་མཚོ་གནས་གསུམ་གྱི་ལོ་རྒྱུས་དང་གནས་ཡིག། ཨོའུ་རྒྱ་ཚང་གི་ཚེད་རྩོམ་གཅེས་བསྒྲིགས། འཆད་ཁྲིད་དཔྱོད་ལྡན་དགྱེས་པའི་གཏམ་སོགས་དཔེ་དེབ་ལྔ་པར་བསྐྲུན་བྱས་པ་སོགས་ཀྱིས་མཚོན་བརྩམས་ཆོས་བརྒྱ་ལྷག་ཡོད། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་དུ་ཡིག་གྲངས་ཁྲི250ལྷག་ཡོད་པའི་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཕྱོགས་བསྒྲིགས་པར་བསྐྲུན་བྱས།
5.གསེར་ལག་ཏུ་འཇམ་དབྱངས་གསུང་རབ་ལྷ་ཁང་བཞེངས་པ་དང་། དཀར་མོ་དགོན་དུ་དཀྱོགས་བཅོ་བརྒྱད་ཡོད་པའི་རི་གཟར་ལུང་འགག་གི་གཞུང་ལམ་ལས་པ་དང་ཆོས་གྲྭ་འཆད་ཉན་བཙུགས་པ་དང་སློབ་གྲྭ་བཙུགས་པ་སོགས་མི་ཕལ་བའི་བློ་ཡུལ་ལས་འདས་པའི་དགོན་པ་འཛུགས་བསྐྲུན་དང་འཆད་ཉན་སློབ་སྦྱོང་གི་ལྟེ་གནས་བཙུགས། རི་ཁྲོད་ཆུང་ཆུང་ཞིག་བཤད་སྒྲུབ་གཉིས་ཀྱི་ལམ་ལུགས་སུ་བསྒྱུར། ད་ལྟ་གྲྭ་བ170ལྷག་ཡོད་ཅིང2019ལོར་རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ཚུལ་བསྟན་ནས་ལོ་འཁོར600ལོན་པའི་རྗེས་དྲན་དང་འབྲེལ་ཏེ་ཚད་མ་རབ་འབྱམས་པའི་དམ་བཅའ་ཐེངས་དང་པོ་བཞག
6.འབལ་རྫོང་དུ་དཀར་མོ་དགོན་པའི་བོད་སྨན་ཐོག་ཁང་ལས་པ་དང་འབལ་ཡུལ་ཇོ་བོའི་ལྷ་ཁང་དང་། འབལ་ཡུལ་པོ་ཏ་ལ་བཞེངས་པ། འབལ་རྫོང་དཔེ་མཛོད་ཁང་བཞེངས་པ། སྨྲྀ་སྟིའི་རིག་གནས་རྟེན་མཛོད་ཁང་བཞེངས་ཡོད་པ་སོགས་ཆོས་དང་རིག་གནས་ཟབ་སྦྱོང་གི་ལྟེ་གནས་དང་ཆོས་དད་མང་ཚོགས་ཀྱི་དགོས་མཁོ་སྐོང་ཕྱིར་དུས་རབས་དང་མཐུན་པར་བེད་སྤྱོད་ཀྱི་རིན་ཐང་ལྡན་པ་བཞེངས་ཡོད།
7.འབལ་རྫོང་པོ་ཏ་ལ་རུ་དབྱར་དགུན་གནང་གི་སྐབས་སུ་སློབ་ཡོན་སྒོར་གཅིག་མ་བླངས་པར་སློབ་མ་རྣམས་ལ་ཟབ་སྦྱོང་ཐེངས་བཅུ་དགུ་སྒྲུབ་ཅིང་སློབ་མ་ལྔ་སྟོང་ལྷག་ཞུགས་མྱོང་། གཞན་ཡང་། སློབ་གྲྭ་ཆུང་འབྲིང་བརྒྱད་ལ་སྐུ་ཕྱོགས་ཨོའུ་རྒྱའི་སློབ་བརྩོན་བྱ་དགའ་བཙུགས་ཤིང་དེ་ལ་སྒོར་ཁྲི་བརྒྱ་ལྷག་གིས་མ་དངུལ་བཏང་། དེའི་མཚུངས་སུ་དཀའ་ངལ་ཅན་གྱི་སློབ་མ་སུམ་བརྒྱ་ལྷག་ལ་སློབ་ཡོན་རོགས་དངུལ་སྤྲད། 2014ལོར། དེའི་མཚུངས་སུ་དཀའ་ངལ་ཅན་གྱི་སློབ་མ་སུམ་བརྒྱ་ལྷག་ལ་སློབ་ཡིན་རོགས་དངུལ་སྤྲད། དེ་བཞིན་ནད་པ་དབུལ་བོ150ལྷག་པེ་ཅིན་དུ་ཁྲིད་དེ་མིག་གི་ལིང་ཏོག་བཤའ་བཅོས་བྱས་པར་སྨན་རིན་དང་མགྲོན་ཁང་ཟ་མ། ཡར་མར་གྱི་ལམ་གླ་དང་བཅས་འགྲོ་གྲོན་ཕུལ་ཏེ་རོགས་སྐྱོར་བྱས། 2014ལོར། འབལ་ཡུལ་པོ་ཏ་རུ་མཚོ་ལྷོ་ཁུལ་འཇང་དགུན་ཆོས་ཐེངས་བཅུ་བཞི་བ་གཟབ་རྒྱས་ངང་ཚོགས།
8.འབལ་ཡུལ་པོ་ཏ་ལ་རུ་བླ་མ་དང་དགེ་བཤེས། མཁན་པོ་བཅས་གདན་ཞུ་བྱས་ཏེ་དགེ་བསྙེན་བཞི་སྟོང་སུམ་བརྒྱ་ལྷག་བསྒྲུབ་ཡོད་པ་དང་། དགེ་བསྙེན་གཙོ་བྱས་ཟབ་སྦྱོང་ཆེན་པོ་ཐེངས་བཅུ་གཉིས་སྒྲུབ། དེ་ལ་བོད་རྒྱ་སོག་གསུམ་གྱི་དགེ་བསྙེན་བརྒྱད་སྟོང་ལྷག་འཛོམས། འབལ་གྱི་ལུང་ར་ཆེན་མོ་ཞེས་པའི་ཆོས་ཚོགས་གསར་འཛུགས་མཛད་པ་ནས་ད་ལོའི་བར་ཐེངས་བཅུ་ལ་འཚོགས།
9.ཁོང་གིས་ནམ་རྒྱུན་རྒྱ་ཆེའི་མང་ཚོགས་དང་དགོན་སྡེ། ཆོས་ལུགས་མི་སྣ་མང་པོར་རྒྱལ་གཅེས་ཆོས་གཅེས་དང་མི་རིགས་མཐུན་སྒྲིལ། མེས་རྒྱལ་ལ་དགའ་དགོས་པའི་སློབ་གསོའི་ལས་དོན་ཁྱབ་བསྒྲགས་དང་ལག་ལེན་བྱས་ཡོད།
དགའ་རྟགས་ཐོབ་པའི་རིམ་པ་ནི།
2005ལོར་་ཐུན་ཏེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས“སློབ་དངུལ་རོགས་སྐྱོར་སྦྱིན་མཁན་གྱི་སྣེ་ཁྲིད་པ”འི་མཚན་སྙན་གནང་།
2009ལོར་འཛམ་གླིང་བྱམས་སེམས་ཐེབས་རྩ་ཚོགས་པས་འཛམ་གླིང་ཞི་བདེ་བྱམས་ལྡན་ཕོ་ཉ་ཆེན་མོའི་མཚན་སྙན་ཐོབ།
2010ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་ལེགས་མི་སྣའི་མཚན་སྙན་ཐོབ།
2010ལོར་རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུའུ་དང་འཐབ་སྒྲིལ་པུའུ་ཡི་སྐབས་དང་པོའི་རྒྱལ་ཡོངས་འཆམ་མཐུན་དགོན་སྡེའམ་ལྷ་ཁང་གསར་སྐྲུན་ལས་དོན་ཁྲོད་ཀྱི་སྔོན་ཐོན་མི་སྣའི་མཚན་སྙན་ཐོབ།
སྤྱི་ལོ2011ལོར་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་དགོན་སྡེ་འཛུགས་སྐྲུན་ལས་དོན་ཁྲོད་ཀྱི་སྔོན་ཐོན་མི་སྣའི་མཚན་སྙན་ཐོབ།
སྤྱི་ལོ2016ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་མི་སྣའུ་མཚན་སྙན་ཐོབ།

འབལ་ཡུལ་པོ་ཏ་ལ།
1997ལོར་མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གྲྭ་ཚང་འདུས་པ་རྒྱ་མཚོའི་དབུས་སུ་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག་པས་གཞུང་ཆེན་གྱི་ཞིབ་ཕྲའི་རིགས་ལམ་དང་མཁྱེན་དཔྱོད་ལ་ཀུན་ཀྱིས་བསྟོད་པའི་མེ་ཏོག་གཏོར་ཞིང་གསེར་ལག་ཅེས་མཁས་པའི་མཚན་སྙན་གྱི་བ་དན་ཕྱོགས་ཀུན་ཏུ་གཡོ་བར་བྱས། 2001ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་མཐར་ཕྱིན། 2004ལོར་པེ་ཅིན་སློབ་གྲྭ་ཆེན་མོ་ནས་ཞིབ་འཇུག་སློབ་མཐར་ཕྱིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།