ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་སྲུང་སྐྱོང་། > བོད་ལྗོངས་གཞིས་ཀ་རྩེ་ལ་འདབ་ཆགས་རྩ་ཆེན་འདི་འདྲ་ཞིག་ཐོན་འདུག
བོད་ལྗོངས་གཞིས་ཀ་རྩེ་ལ་འདབ་ཆགས་རྩ་ཆེན་འདི་འདྲ་ཞིག་ཐོན་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2026-03-24 09:24:29
ཀློག་གྲངས།:
ཉིས་སྟོང་ཉེར་དྲུག་ལོའི་ཟླ་བ་གསུམ་པའི་ཚེས་བཅོ་བརྒྱད་ཉིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཞང་དུ། ས་གནས་དེ་གའི་པར་ལེན་མཁན་གྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་ལ་གཏོགས་པའི་རི་སྐྱེས་འདབ་ཆགས་བཞད་ནག་པར་བླངས་ཡོད་པ་རེད།

བཞད་ནག་གི་གཟུགས་པོའི་རིང་ཚད་ནི་སྨི་གཅིག་ནས་གཅིག་ཚེག་གཉིས་བར་ཡིན་ལ། ལྗིད་ཚད་ལ་སྤྱི་རྒྱ་གཉིས་ནས་གསུམ་བར་རེད། དེའི་མཆུ་ཏོ་རིང་ཞིང་དྲང་ལ་མདོག་མཚལ་ཁ་ཡིན་པ་དང་རྐང་པ་ཤིན་ཏུ་རིང་། སྐེའི་མན་ཆད་དང་མིག་གི་མཐའ་འཁོར་གྱི་གཅེར་བུར་གནས་པའི་ཆ་ཤས་ཀྱང་མཚལ་ཁའི་མདོག་ཏུ་མངོན། བྲང་ཁོག་དང་གསུས་པ་ཕུད་ལུས་ཀྱི་བྱ་སྒྲོ་ཚང་མ་དཀར་པོ་ཡིན་ལ། དེ་ནི་གཟུགས་བྱད་མཛེས་ཉམས་ལྡན་པའི་འདབ་ཆགས་ཆེ་གྲས་ཀྱི་རིགས་ཤིག་རེད།

བཞད་ནག་ཁྱབ་རྒྱ་ཆེན་པོ་ཡོད་པ་དང་། ཡོ་རོབ་དང་ཨེ་ཤ་ཡ། ཧྥེ་གླིང་བཅས་གླིང་ཆེན་གསུམ་དུ་ཁྱབ་ཡོད་མོད། འོན་ཀྱང་དེའི་གྲངས་འབོར་ཤིན་ཏུ་དཀོན་པ་རེད། ཀྲུང་གོའི་མངའ་ཁོངས་སུ་བཞད་ནག་ཆིག་སྟོང་ལྷག་ལས་མེད་པས། བཞད་ནག་ལ་འདབ་ཆགས་ཁྲོད་ཀྱི་དོམ་ཁྲ་ཞེས་འབོད་ཀྱི་ཡོད། འདབ་ཆགས་རིགས་དེས་འཚོ་གནས་ཁུལ་གྱི་ཆུའི་སྤུས་ཚད་དང་རྒུམ་བུ། ཁོར་ཡུག་དབེན་འཇགས་ཡིན་མིན་སོགས་ལ་ཆ་རྐྱེན་མཐོན་པོ་ཡོད། བཞད་ནག་གཞིས་ཀ་རྩེར་འཁོར་བ་ལས་ཀྱང་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དེ་ལེགས་པོར་འགྱུར་བཞིན་ཡོད་པ་ར་སྤྲོད་ཐུབ་ཡོད།


འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号