རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་སྐབས་བཅུ་བཞི་པ་མཇུག་བསྒྲིལ།

རྩོམ་པ་པོ།:གཙུག་ཏོར་སོགས། ཡོང་ཁུངས།:རྔ་བ་ཁུལ་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2026-04-30 08:40:10 ཀློག་གྲངས།:
       ལོ་ངོ་སྟོང་གི་བློ་གྲོས་ཀྱི་རྡེའུ། གྲུ་བཞི་ཁ་གང་དོ་ར་རུ་འགྲན་པ། ཉིན་གཉིས་དང་ཕྱེད་ཀའི་རིང་འགྲན་རྩོད་བྱས་པ་བརྒྱུད། ཟླ4ཚེས28ཉིན་གྱི་ཕྱི་དྲོར། རྔ་བ་རྫོང་གིས་གཙོ་གཉེར་བྱས་པའི་སྐབས་བཅུ་བཞི་པའི་བོད་འགྱིག་འགྲན་སྡུར་ཡོངས་སུ་བདེ་བླག་ངང་མཇུག་བསྒྲིལ། ཐེངས་འདིའི་འགྲན་སྡུར་གྱིས་མགོ་ཚུགས་མཛད་སྒོ་དང་མཇུག་སྒྲིལ་མཛད་སྒོ་འབྲེལ་མཐུད་དམ་ཟབ་བྱས་ནས་བོད་འགྱིག་རིག་གནས་ཀྱི་གཏིང་ཟབ་པའི་ནང་དོན་མངོན་ཡོད།
       མགོ་ཚུགས་འཛད་སྒོ་བརྗིད་ཉམས་ལྡན་ཞིང་སྤྲོ་སེམས་འཁོལ་བའི་རྣམ་པའི་ཁྲོད་ཞིང་ཆེན་ལྔ་དང་རྫོང་བཅུ་བཞི་ནས་ཡོང་བའི་འགྱིག་བ170ལྷག་གིས་མི་རིགས་ཀྱི་གྱོན་ཆས་གྱོན་ནས་མཉམ་དུ་གནས་འདིར་འཛོམས་ཡོད། བོད་འགྱིག་ནི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཤིག་ཡིན་ལ། བོད་མི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཀྱང་ཡིན། ཐེངས་འདིའི་འགྲན་སྡུར་གྱིས་གཙོ་བོ་སྲོལ་རྒྱུན་དང་དེང་རབས་བར་འབྲེལ་ཐག་བཙུགས་ནས་སྲོལ་རྒྱུན་རིག་གནས་ལ་དུས་རབས་གསར་བའི་ཁྲོད་གསོན་ཤུགས་རྒྱས་སུ་བཅུག
       ཉིན་འགའི་རིང་གི་འགྲན་རྩོད་བརྒྱུད། བྱེད་སྒོ་མཇུག་རྫོགས་པའི་མཛད་སྒོ་དང་བྱ་དགའ་སྤེལ་བའི་མཛད་སྒོའི་ཁྲོད། རྔ་བ་རྫོང་བོད་འགྱིག་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་འཛིན་མེ་ཏོག་གིས་འགྲན་སྡུར་གྱི་མཇུག་འབྲས་ཁྱབ་བསྒྲགས་བྱས། རྔ་བ་རྫོང་ཁྲིམས་འཛིན་ཅུས་ཀྱི་གཞུང་དཔང་མི་སྣས་ཡུལ་དངོས་ནས་གཞུང་དཔང་བྱས། བསྟུད་མར་ཉིན་གསུམ་གྱི་ཛ་དྲག་ཆེ་བའི་འགྲན་སྡུར་བརྒྱུད། རྔ་བ་རྫོང་གཅའ་རོ་ཡུལ་ཚོའི་འཇིགས་བྱེད་སྐྱབས་ཀྱིས་བྱ་དགའ་ཨང་དང་པོ་ཐོབ། ཁོང་གིས་ད་ཐེངས་ཀྱི་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་པ་གཟི་བརྗིད་དུ་བརྩིས་ཡོད་ལ། རྗེས་མར་ཡང་མུ་མཐུད་དུ་འབད་པ་བྱ་རྒྱུ་ཡིན་ཞེས་བཤད།
       མཇུག་མཐར། རྔ་བ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ད་ཐེངས་ཀྱི་མཛད་སྒོ་དངོས་སུ་མཇུག་བསྒྲིལ་བ་ཁྱབ་བསྒྲགས་བྱས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། འགྱིག་བ་རྣམས་ཀྱི་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་དགའ་འབོད་བྱས་པ་དང་བོད་འགྱིག་གི་རིག་གནས་འདི་ནམ་ཡང་གསོན་ཤུགས་རྒྱས་པའི་རེ་འབོད་བྱས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།