ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > «གྲུབ་ཆེན་ཐང་སྟོང་རྒྱལ་པོའི་མཛད་འཕྲིན་ཞིབ་འཇུག»ཅེས་པའི་དེབ་གསར་འགྲེམས་སྤེལ་ཚོགས་འདུ་ལྷ་ས་རུ་བསྡུས་པ།
«གྲུབ་ཆེན་ཐང་སྟོང་རྒྱལ་པོའི་མཛད་འཕྲིན་ཞིབ་འཇུག»ཅེས་པའི་དེབ་གསར་འགྲེམས་སྤེལ་ཚོགས་འདུ་ལྷ་ས་རུ་བསྡུས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-05-21 08:30:37
ཀློག་གྲངས།:
ཟླ5ཚེས16ཉིན། «གྲུབ་ཆེན་ཐང་སྟོང་རྒྱལ་པོའི་མཛད་འཕྲིན་ཞིབ་འཇུག»ཅེས་པའི་དེབ་གསར་འགྲེམས་སྤེལ་ཚོགས་འདུ་ལྷ་ས་ནས་བསྡུས། ཐེངས་འདིའི་བྱ་འགུལ་བོད་རང་སྐྱོང་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། བོད་ལྗོངས་ཀྱི་ཆེད་མཁས་མི་སྣ་དང་མཁས་པ་མང་པོ་མཉམ་དུ་འཛོམས་ཏེ་ཐུན་མོང་ངང་བོད་ལྗོངས་ཀྱི་རིག་གཞུང་ཞིབ་འཇུག་ལ་ཕན་འབྲས་མངོན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་གསར་སྤེལ་ལ་རམ་འདེགས་བྱས་པས། ས་གནས་ཀྱི་རིག་རྩལ་དང་ཚན་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

པར་འདི་ནི«གྲུབ་ཆེན་ཐང་སྟོང་རྒྱལ་པོའི་མཛད་འཕྲིན་ཞིབ་འཇུག»དེབ་གསར་འགྲེམས་སྤེལ་གྱི་ཡུལ་དངོས་རེད།
དེབ་འདི་ནི་ལྷ་ས་དགེ་འོས་སློབ་གླིང་གི་འབུམ་རམས་པ་པད་མ་ཚེ་རིང་གིས་ལོ་ངོ་བརྒྱད་རིང་ལ་ཡུལ་དངོས་རྟོག་ཞིབ་དང་རྒྱུ་ཆ་ཁུངས་ཐུབ་འཚོལ་སྡུད་བྱས་ཏེ་བརྩམས་པ་ཡིན། ཐང་སྟོང་རྒྱལ་པོ་ནི་བོད་ཀྱི་ལོ་རྒྱུས་སྟེང་ཆེས་ཤུགས་རྐྱེན་ལྡན་པའི་སྔོན་ཐོན་མི་སྣ་ཞིག་ཡིན་པས། བཟོ་བཀོད་དང་སྒྱུ་རྩལ། གསོ་རིག་སོགས་ལ་བྱང་ཆུབ་ཀྱང་མི་རིགས་ཕན་ཚུན་བར་སྤེལ་རེས་དང་མཉམ་འདྲེས་ལ་ཤུགས་རྐྱེན་ཆེས་ཆེར་ལྡན་པའི་ལོ་རྒྱུས་མི་སྣ་ཞིག་ཡིན།
དེབ་ཧྲིལ་བོ་ལེའུ་ཆེན་པོ་བཞིའི་བདག་ཉིད་ཅན་གྱིས་གྲུབ་ཅིང་། བྱེ་བྲག་ཐང་སྟོང་རྒྱལ་པོས་མི་རིགས་སོ་སོའི་དཔལ་འབྱོར་དང་རིག་གནས་མཉམ་འདྲེས་ཐད་བྱས་རྗེས་བཞག་པའི་ལོ་རྒྱུས་དང་། དེས་ལྕགས་ཟམ་འཛུགས་སྐྲུན་ལག་རྩལ་བཅོས་སྒྱུར་ཁྱབ་ཁོངས་ཀྱི་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་བཀོད་པ་མ་ཟད། བོད་ཀྱི་ལྷ་མོའི་ཟློས་གར་གྱི་འབྱུང་ཁུངས་དང་འཕེལ་རྒྱས་གོ་རིམ་གསལ་བོར་བརྗོད། དུས་མཚུངས་སུ་ཕྱོགས་ཡོངས་ནས་ཐང་སྟོང་རྒྱལ་པོས་བོད་ཀྱི་གསོ་རིག་ཁྱབ་ཁོངས་ཀྱི་བྱས་རྗེས་སྣ་ཚོགས་ཕྱོགས་བསྡུས་བྱས་ནས། གཏིང་ཟབ་ངང་གཟུགས་འདས་རིག་གནས་རྒྱུད་འཛིན་དང་རིན་ཐང་སྔོག་འདོན་གྱིས་རིག་གཞུང་ཁྱབ་ཁོངས་ཀྱི་ཐང་སྟོང་རྒྱལ་པོ་དང་འབྲེལ་བའི་རིག་གཞུང་ཞིབ་འཇུག་གི་སྟོང་ཆ་ཡོངས་སུ་བསྐངས་ཡོད་པ་རེད།

པར་འདི་ནི«གྲུབ་ཆེན་ཐང་སྟོང་རྒྱལ་པོའི་མཛད་འཕྲིན་ཞིབ་འཇུག»ཅེས་པའི་དེབ་གསར་འགྲེམས་སྤེལ་གྱི་ཡུལ་དངོས་རེད།
ཚོགས་ཞུགས་ཆེད་མཁས་པ་ཚོས་མགྲིན་གཅིག་ཏུ་བསྟན་དོན། དེབ་འདི་ལ་མཚོན་ན་རིག་གཞུང་ཞིབ་འཇུག་ལས་བརྒལ་བའི་ཁུངས་ཐུབ་ཀྱི་ཚད་ལྡན་ཡིག་ཆ་དང་ཡུལ་དངོས་རྟོག་ཞིབ་ཟུང་དུ་འབྲེལ་པའི་ཞིབ་འཇུག་གི་ཁ་ཕྱོགས་གསར་བ་དང་རིག་གཞུང་གི་རྨང་གཞི་བརྟན་པོ་ལྡན་པར་རེད།ཐེངས་འདིའི་དེབ་གསར་ཁྱབ་བསྒྲགས་བཞུགས་མོལ་ཚོགས་འདུ་བསྡུས་པ་དེ་ནི་བོད་ལྗོངས་ཀྱིས་བོད་རིག་པ་ཞིབ་འཇུག་དང་ས་གནས་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་རྒྱས་པའི་ལག་ལེན་གལ་ཆེན་ཡིན་པར་མ་ཟད། མ་འོངས་པར་བོད་རང་སྐྱོང་ལྗོངས་ཀྱིས་མུ་མཐུད་སྔར་ལས་མང་བའི་ཆེད་མཁས་མི་སྣ་གསོ་སྐྱོང་བྱས་ཏེ་ཕུལ་བྱུང་རིག་གནས་ཞིབ་འཇུག་ནང་ཞུགས་པར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་པ་དང་། རང་ཚུགས་ཐུབ་པ་དང་རྒྱུད་འཛིན་ཐུབ་པའི་རིག་གཞུང་རྩེ་གྲ་མང་དུ་སྤེལ་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་བསྐྲུན་པའི་ཐད་ལག་རྗེས་དང་སྟོབས་ཤུགས་འབུལ་རྒྱུ་རེད། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号