ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་དཔའ་རིས་དམངས་གླུའི་བརྒྱུད་ཁྲིད་བྱེད་སྒོ་ཐེངས་བཞི་བ་སྤེལ།
རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་དཔའ་རིས་དམངས་གླུའི་བརྒྱུད་ཁྲིད་བྱེད་སྒོ་ཐེངས་བཞི་བ་སྤེལ།
རྩོམ་པ་པོ།:དཔའ་རིས་བོད་རང་སྐྱོང་རྫོང་བོད་
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-08-11 08:30:38
ཀློག་གྲངས།:
སྤྱི་ལོ༢༠༢༦ལོའི་ཟླ༨པའི་ཚེས༧ཉིན། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་དཔའ་རིས་དམངས་གླུའི་བརྒྱུད་ཁྲིད་བྱེད་སྒོ་ཐེངས་བཞི་བ་ཕྱིང་དཀར་ཐང་ལ་བརྡལ་འདྲའི་དཔའ་རིས་ཟུང་ཤན་ཨུ་རྟེའུ་རྩྭ་ཐང་ནས་གཟབ་རྒྱས་ངང་འཚོགས།

བྱེད་སྒོ་ཁྲོད་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བའི་ལས་བྱེད་མི་སྣས་ས་གནས་ཀྱི་དམངས་ཚོགས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་ཁ་གསལ་ཞིང་གོ་བདེ་བའི་ངང་དྲིལ་བསྒྲགས་བྱས་ཤིང་། རིགས་སོ་སོའི་མི་རིགས་ཕན་ཚུན་བར་མཐུན་སྒྲིལ་མཉམ་གནས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བར་དམིགས་ནས་ནན་གྱིས་བསྐུལ།

ཐེངས་འདིའི་བྱེད་སྒོ་ལ། དཔའ་རིས་དམངས་གླུའི་སྲོལ་རྒྱུན་གྱི་དབྱངས་རྟ་གྱེར་ལུགས་དང་། ཚིག་གི་སྡེབ་སྦྱོར་ལུགས་སོགས་ཀྱི་ཐད་ནས་རྫོང་རིམ་པའི་རྒྱུན་འཛིན་པ་ནོར་བུ་ལགས་ཀྱིས་སྦྱང་ཁྲིད་བྱས་ཤིང་། དེ་མིན་དམངས་གླུའི་རྒྱུན་འཛིན་པ་དང་དམངས་གླུ་ལ་དགའ་བའི་གླུ་བ་གླུ་མ་བཅུ་ལྷག་གིས་གླུ་ཤགས་དང་བར་འབྱེད་ཀྱི་གླུ། ཆང་གཞས། བཀྲ་ཤིས་འཇོག་པའི་གླུ རྩེད་རིག་སོགས་ཀྱི་དབྱེ་བ་གསལ་བོར་ཕྱེ་ནས་བླངས་ཤིང་བྲོ་འཁྲབ།

ཐེངས་འདིའི་དཔའ་རིས་དམངས་གླུའི་བརྒྱུད་ཁྲིད་བྱེད་སྒོ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏིང་ཟབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད། གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལག་ལེན་གལ་ཆེན་ཞིག་ཡིན། དེང་ཕྱིན་ཆད་དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་མུ་མཐུད་དུ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གོང་དུ་སྤེལ་བ་དང་། གཟུགས་མེད་རིག་གནས་ཤུལ་བཞག་བྱ་བའི་དྲིལ་བསྒྲགས་ཤུགས་ཆེར་གཏོང་བ། དམངས་ཀྱི་བསམ་པའི་དཔལ་ཡོན་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་དཔལ་འབྱོར་གོང་སྤེལ་ལ་རིག་གནས་ཀྱི་རྨང་གཞི་བརྟན་པོ་གདིང་བ། གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་བསྣན་ནས་ཐུན་མོང་བསམ་པའི་དཔལ་ཡོན་གྱི་ཁྱིམ་གཞིས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་བས་བརྟན་པོར་བཏང་ནས་རིགས་སོ་སོའི་རིག་གནས་འགྲོ་འོང་མཉམ་སྤེལ་མཉམ་འདྲེས་དང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་བར་ཧུར་ཐག་བྱ་རྒྱུ་དེའོ། །

བྱེད་སྒོའི་ཡུལ་དངོས།

བྱེད་སྒོའི་ཡུལ་དངོས།

བྱེད་སྒོའི་ཡུལ་དངོས།

བྱེད་སྒོའི་ཡུལ་དངོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号