༄༅། །དཔའ་རིས་བོད་ཀྱི་གཉེན་སྲོལ་རྒྱུན་འཛིན་བྱེད་སྒོ་ཟབ་སྤེལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་འདུ་ཤེས་སྐྲུན།

རྩོམ་པ་པོ།:དཔའ་རིས་བོད་རང་སྐྱོང་རྫོང་བོད་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-08-19 08:30:24 ཀློག་གྲངས།:
       སྤྱི་ལོ2026ལོའི་ཟླ8པའི་ཚེས12ཉིན་ནས་ཚེས14བར། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་དཔའ་རིས་བོད་ཀྱི་གཉེན་སྲོལ་རིག་གནས་རྒྱུན་འཛིན་བྱེད་སྒོ་དཔའ་རིས་རྫོང་ཐོག་ནས་གཟབ་རྒྱས་ངང་སྤེལ། ཐེངས་འདིའི་བྱེད་སྒོ་ལ་གཉེན་སྲོལ་རྒྱུན་འཛིན་པ་དང་དཔའ་རིས་གཉེན་སྲོལ་ལ་དགའ་ཞེན་ཡོད་པའི་མང་ཚོགས། ན་ཆུང་གཞོན་རབས་རྒྱུན་འཛིན་པ་སོགས་མི་གྲངས་དྲུག་ཅུ་ལྷག་ཞུགས།
       བྱེད་སྒོའི་ཁྲོད་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བའི་ལས་བྱེད་མི་སྣས་བསླབ་སྦྱང་འཛིན་གྲྭར་ཞུགས་པའི་རྒྱུན་འཛིན་པ་དང་ཟུར་ཞུགས་མང་ཚོགས་རྣམས་ལ་ཞི་ཅིན་ཕིང་གི་མི་རིགས་མཐུན་སྒྲིལ་སྐོར་གྱི་གསུང་བཤད་གལ་ཆེན་གནས་ཚུལ་དངོས་ལ་སྦྱར་ནས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་དྲིལ་བསྒྲགས་ལེགས་པོར་བྱས་ཤིང་། རིགས་སོ་སོའི་མི་རིགས་ཕན་ཚུན་བར་མཐུན་སྒྲིལ་མཉམ་གནས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བར་ནུས་ཤུགས་ཅི་ཐུབ་བཏོན།
       ཐེངས་འདིའི་བྱེད་སྒོ་ཁྲོད། དམངས་ཁྲོད་ཆེད་མཁས་པ་དག་གིས་དཔའ་རིས་གཉེན་གྱི་སྣེ་འབྲེལ་ཚུལ་དང་གཉེན་གྱི་རྒྱ་བསྐྱེད་པ། གཉེན་གྱི་དོན་གྲུབ་པ་སྟེ་ལེའུ་གསུམ་གྱི་ནང་དོན་གཙོ་བོ་གཞིར་བཟུང་ནས། གཉེན་གྱི་འཕེལ་རིམ་ཁྲོད་ཀྱི་དམངས་གླུའི་ནང་གསེས་ཀྱི་རྣམ་གྲངས་དང་སོ་སོའི་དབྱངས་རྟ་འགུགས་འཁྱེར། ཚིག་གི་སྡེབ་སྦྱོར་ལུགས་སོགས་ཀྱི་ཐད་ནས་འཐུས་སྒོ་ཚང་བའི་སྦྱང་ཁྲིད་བྱས་ཤིང་། དེ་མིན་གཉེན་སྲོལ་ཁྲོད་ཀྱི་གོ་རིམ་གལ་ཆེན་འགའ་རུ་བཤད་པའི་ཤིས་བརྗོད་སྐོར་གོ་བདེ་ཞིང་ཁ་གསལ་བའི་སྒོ་ནས་ཀུན་ལ་སྦྱང་ཁྲིད་གསལ་བཤད་བྱས།མཇུག་ཏུ་རྒྱུན་འཛིན་པ་དག་གིས་སློབ་ཁྲིད་ཀྱི་དམིགས་པ་ལྟར་ཡུལ་དངོས་སུ་གཉེན་སྲོལ་ཐད་ཀྱི་གླུ་དང་རྩེད་རིག བཤད་པ་སོགས་ཤིས་པ་བརྗོད་ཅིང་འཁྲབ་སྟོན་རྒྱ་ཆེན་པོ་བྱས། མདོར་ན་མགོ་རྔ་ལྡན་ཞིང་ནང་དོན་ཕུན་སུམ་ཚོགས་པའི་གཉེན་སྲོལ་སྐོར་གྱི་བསླབ་སྦྱང་བྱེད་སྒོ་ཞིག་བདེ་ལེགས་ངང་ལེགས་འགྲུབ་བྱུང་བས། རྒྱ་ཆེའི་རྒྱུན་འཛིན་པ་དག་ལ་དཔའ་རིས་གཉེན་སྲོལ་གྱི་ཤེས་བྱ་ཆ་ཚང་བ་ཞིག་བག་ཆགས་ཟབ་མོ་བཞག་ཡོད།
       ཐེངས་འདིའི་བྱེད་སྒོ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏིང་ཟབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད། གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལག་ལེན་གལ་ཆེན་ཞིག་ཡིན། དེང་ཕྱིན་ཆད་དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་མུ་མཐུད་ནས་དཔའ་རིས་གཉེན་སྲོལ་གྱི་ཕུལ་བྱུང་རིག་གནས་འདི་ཉིད་ཉམས་པ་སླར་གསོ་དང་། མ་ཉམས་གོང་འཕེལ་གྱི་ཐད་དུ་ཕྱར་བ་གྲུ་འདེགས་ཀྱི་དགེ་མཚན་གང་ལེགས་ཐོན་པ་དང་། ཁྱད་པར་དཔའ་རིས་གཉེན་སྲོལ་གྱི་འགྲོ་ལུགས་དང་གླུ་རྟ་འགུག་ལུགས་སམ་ལྡབ་ཁྱེར། གླུ་ཚིག་འདྲ་མིན་སྣ་ཚོགས་སྔོག་འདོན་དང་། ཤིས་བརྗོད་བཤད་སྟངས་སོགས་ཀྱི་ཐད་ནས་ཐབས་དང་བཀོད་པ་འཐེན་སྟེ་རྒྱུན་འཛིན་ཡག་པོ་བྱེད་པ། མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་གྱི་འཚོ་བར་རྒྱགས་བྲོ་གང་ལེགས་སྟེར་བ་དང་ཆབས་ཅིག རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་དཔལ་འབྱོར་གོང་སྤེལ་ལ་རིག་གནས་ཀྱི་རྨང་གཞི་བརྟན་པོ་གདིང་བ། གཟུགས་མེད་རིག་གནས་ཤུལ་བཞག་ནང་གི་སྙིང་བཅུད་དེ་གཞན་ལ་ངོ་སྤྲོད་དང་རྒྱུན་འཛིན་སྲུང་སྐྱོང་ཐད་ཤུགས་བསྣན་ནས་ཐུན་མོང་གི་བསམ་པའི་དཔལ་ཡོན་གྱི་ཁྱིམ་གཞིས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་བས་བརྟན་པོར་བཏང་ནས་རིགས་སོ་སོའི་རིག་གནས་འགྲོ་འོང་མཉམ་སྤེལ་མཉམ་འདྲེས་དང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་བྱ་བར་སྐུལ་འདེད་ཡག་པོ་བྱ་རྒྱུ་དེའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།