“ཅན་བཅུའི”ཏང་འཛུགས་ཀྱི་སྤྱིའི་བླང་བྱ།
རྩོམ་པ་པོ།:
ཡོང་ཁུངས།:ཡོངས་འཛིན་དྲ་བ།
དུས་ཚོད།:2026-04-29 08:35:15
ཀློག་གྲངས།:
“ཅན་བཅུའི”ཏང་འཛུགས་ལ་སྐུལ་འདེད་གཏོང་བ། དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བྱས་ཏེ། སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དངོས་འཛིན་དངོས་སྒྲུབ་བཅས་སྤྱིའི་བླང་བྱར་བྱས་ཏེ། “གཏན་འབེབས་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་གི་ལྷུ་ཚིགས་ཁག་དང་། ཕྱོགས་ཁག་སོ་སོ། བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། དངོས་ཐོག་བདེན་འཚོལ་དང་བདེན་འཚོལ་དངོས་གཉེར་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལ་བྱས་རྗེས་འཇོག་པ་དང་། དངོས་དོན་གྱིས་སྲིད་དོན་ལ་བྱས་རྗེས་འཇོག་པ། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བའི་ནོར་འཛོལ་སྔོན་འགོག་དང་ཡོ་བསྲང་ནུས་ལྡན་བྱེད་པ། ཏང་འཛུགས་སྐྱོང་གི་ལས་དོན་དེ་ཏང་རྩ་འཛུགས་དང་ཏང་ཡོན་རིམ་པའི་བསམ་གཞིགས་གཏན་འཁེལ་བྱེད་པ་ཁོ་ནའི་རྣམ་པ་ལས་བསྒྱུར་བ། ཏང་གི་ལས་དོན་གྱིས་ཏང་འཛུགས་སྐྱོང་གི་ལས་ཀའི་རྣམ་པའི་ཚབ་བྱེད་པ་དང་། ཏང་འཛུགས་ཀྱི་བྱ་བ་དང་མང་ཚོགས་ཀྱི་བསམ་པ། འདོད་བློ། ནུས་པ་སོགས་གཞི་གཅིག་ཏུ་འབྲེལ་ཏེ་མི་དམངས་གཙོར་བྱེད་པའི་གོ་གནས་ལ་བརྩི་སྲུང་བྱེད་པ་དང་། མི་དམངས་གཙོར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས། གཞི་རིམ་ཏང་འཛུགས་དུས་རབས་ཅན་དང་ལམ་ལུགས་ཅན། མ་ལག་ཅན། ཞིབ་ཕྲ་ཅན། ཚད་ལྡན་ཅན། གཏན་འཁེལ་ཅན། ས་ཁོངས་ཅན། མང་ཚོགས་ཅན། གོ་བདེ་ཅན། ཕན་འབྲས་ཅན་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་སྒོས་སྐུལ་སྤེལ་གཏོང་བ། རྩ་འཛུགས་ཀྱི་ནུས་པ་ཉམས་ཞན་དུ་སོང་བ་དང་། རྫུན་འགྱུར། ཕྱི་ཚུལ་ཅན་དུ་འགྱུར་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འོག་ཏང་ཡོན་དང་མང་ཚོགས་ཚང་མ་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། ཏང་གི་གཏན་འབེབས་ལག་བསྟར། བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྟན་ལྷིང་གི་སྟོབས་ཤུགས་ཆེན་པོར་ཆགས་དགོས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ཏུ་བསྟར་ནས་མཚོ་ལྷོ་གསར་བ་འཛུགས་སྐྲུན་གྱི་སྟོབས་ཤུགས་བརྟན་པོ་ལག་ལེན་བསྟར་བ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号