“ཅན་བཅུའི”ཏང་འཛུགས་ཀྱི་བྱ་བའི་བྱེད་ཐབས།
རྩོམ་པ་པོ།:
ཡོང་ཁུངས།:ཡོངས་འཛིན་དྲ་བ།
དུས་ཚོད།:2026-04-30 08:35:55
ཀློག་གྲངས།:
ཏང་འཛུགས་སྐྱོང་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་དང་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་བ་གཉིས་ཟུང་འབྲེལ་བྱས་ཏེ། ཏང་གི་འགོ་ཁྲིད་དེ་འདུ་ཤེས་འཛིན་སྟངས་དང་། གཞི་རིམ་བཅོས་སྐྱོང་། ཐོན་སྐྱེད་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག བསམ་པའི་རིག་གནས། འགལ་བ་འདུམ་སེལ། རྒྱལ་ཁབ་བདེ་འཇགས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་སོགས་བྱེ་བྲག་གི་བྱ་བའི་ཁྲོད་དུ་འདྲེས་པར་བྱས་ཏེ། “མི་དམངས་ལྟེ་བར་འཛིན་པའི”འདུ་ཤེས་དོན་འཁྱོལ་དང་། མང་ཚོགས་ཀྱི་རེ་འདོད་ལ་བརྩི་འཇོག་གང་ལེགས་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་དཀྱིལ་སྙིང་དུ་འཛིན་པ། ཚད་མཐོན་པོའི་སྒོ་ནས་མང་ཚོགས་ཀྱི་ཤེས་རབ་དང་སྟོབས་ཤུགས་སྔོགས་འདོན་བྱེད་པ་དང་། མང་ཚོགས་ལ་ཏང་འཛུགས་སྐྱོང་གི་ཡིད་འཕྲོལ་གི་ནུས་པ་དང་ཏང་འཛུགས་སྐྱོང་གི་བྱམས་བརྩེ་དྲོན་མོ་མྱོང་དུ་འཇུག་པ། ཏང་འཛུགས་སྐྱོང་གི་བྱེད་ནུས་ལ་ཤེས་རྟོགས་བྱེད་དུ་འཇུག་པ། ཏང་འཛུགས་སྐྱོང་གི་བདེ་སྐྱིད་ལ་ཟབ་ཞུགས་བྱེད་པ། བཅོས་བསྒྱུར་གྱི་བསམ་བློས་བསམ་གཞིག་གི་འཆིང་རྒྱ་ལས་གྲོལ་བར་བྱེད་དུ་འཇུག་པ། བྱེད་ཐབས་ཐད་མུ་མཐུད་དུ་འཚོལ་ཞིབ་གསར་གཏོད་དང་། བརྒྱུད་རིམ་ཁྲོད་ལེགས་བསྒྱུར་རིམ་སྤར་བྱེད་པ། ཐབས་ལམ་ཐད་གནད་ཁེལ་ཤུགས་འདོན་བཅས་བྱེད་དགོས་ཤིང་། ཆབ་སྲིད་ཀྱི་སྣེ་ཁྲིད་དང་རྩ་འཛུགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་གྱིས་འབོད་བརྡ་གཏོང་བ་དང་སྡེ་ཁག་གིས་རོགས་སྒྲུབ་བྱེད་པ་བཅས་བརྒྱུད་གཙོ་གནད་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྤེལ་བ་བཅས་བྱས་ནས། དུས་རབས་ཀྱི་ཁྱད་ཆོས་དང་མཚོ་ལྷོའི་ཁྱད་ཆོས་ལྡན་པའི་ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་དེང་རབས་ཅན་དུ་བསྒྱུར་དགོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号