ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > «གཙང་ཁུལ་དམངས་གླུའི་སྒྲ་སྙན་དཀྲོལ་གཏོང་བསླབ་གཞི་བློ་གསར་དགའ་བསྐྱེད།»པར་དུ་སྐྲུན།
«གཙང་ཁུལ་དམངས་གླུའི་སྒྲ་སྙན་དཀྲོལ་གཏོང་བསླབ་གཞི་བློ་གསར་དགའ་བསྐྱེད།»པར་དུ་སྐྲུན།
རྩོམ་པ་པོ།:
ཡོང་ཁུངས།:གཞིས་ཀ་རྩེ་རྩོམ་རིག་ལྷན་ཚོགས།
དུས་ཚོད།:2025-12-02 08:26:00
ཀློག་གྲངས།:
ཉེ་ཆར། བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་རྒན་གཙང་པ་ནོར་བུས་རྩོམ་སྒྲིག་གནང་བའི་དེབ་གསར«གཙང་ཁུལ་དམངས་གླུའི་སྒྲ་སྙན་དཀྲོལ་གཏོང་བསླབ་གཞི་བློ་གསར་དགའ་བསྐྱེད།»ཅེས་བ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན།

«གཙང་ཁུལ་དམངས་གླུའི་སྒྲ་སྙན་དཀྲོལ་གཏོང་བསླབ་གཞི་བློ་གསར་དགའ་བསྐྱེད།»ཅེས་པའི་དཔེ་དེབ་འདི་ལོ་མང་རིང་གི་དམངས་གཞས་གཏོང་ལེན་དང་སྒྲ་སྙན་དཀྲོལ་རྩལ་གྱི་མཐོང་ཐོས་མྱོང་གསུམ་བརྒྱུད་ནས་དགའ་དད་སྤྲོ་གསུམ་གྱིས་སྒྲ་སྙན་དཀྲོལ་གཏོང་ལ་མོས་པའི་བློ་གསར་རྣམས་དང་དམངས་གླུ་གཏོང་ལེན་ལ་སྤྲོ་བའི་མི་བུ་ཀུན་ལ་བཟང་པོའི་ཉམས་མྱོང་སྤེལ་བ་དང་གོ་བསྡུར་སློབ་སྦྱོང་བྱེད་ཆེད་བསྡུ་སྒྲིག་ནན་ཏན་བགྱིས་པ་ཞིག་ཡིན། དཔེ་དེབ་འདི་ལྟ་བུ་ཞིག་སྒྲིག་དགོས་དོན་ནི། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་དབུ་ཁྲིད་འོག་གོང་རིམ་གྱི་འབྲེལ་ཡོད་ཚན་པ་ཁག་ནས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྤྱི་དང་། ཡང་སྒོས་ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་པའི་གླུ་གར་སྒྱུ་རྩལ་ལ་གཙིགས་མཐོང་ཆེར་མཛད་ཀྱིས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་མཛད་ཕྱོགས་དོན་འཁྱོལ་གནང་དང་གནང་མུས་ཡིན་གཤིས། ཉི་མའི་ཟེར་གྱིས་རབ་བསྐྱངས་པའི། །འདམ་སྐྱེས་པདྨའི་ལང་ཚོ་རྒྱས། །ཞེས་པ་ལྟར། ས་ཁོངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་དམངས་ཁྲོད་རིག་རྩལ་ལའང་གསོན་ཤུགས་ཀྱི་རེ་བ་ཉམས་མེད་སྦྱིན་བཞིན་མཆིས།
རྩོམ་སྒྲིག་པའི་ངོ་སྤྲོད།

གཙང་པ་ནོར་བུ། སྤྱི་ལོ༡༩༧༩ལོར་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་རྟ་ནག་མདའ་ཤང་བཀྲ་ཤིས་ལྡིང་གྲོང་ཚོའི་ཁྱིམ་ཚང་ཕལ་པ་ཞིག་ཏུ་སྐྱེས་ཤིང་། ཆུང་མིང་ལ་ནོར་བུ་ཚེ་རིང་ཞེས་འབོད། ༢༠༠༠ལོར་རྫོང་དམའ་འབྲིང་སློབ་འབྲིང་ནས་སློབ་གྲྭ་ཐོན་རྗེས་མུ་མཐུད་སློབ་གྲྭར་འགྲོ་བའི་སྐལ་བ་མ་ཐོབ། དེ་ཡང་ཆུང་དུས་ནས་མུ་མཐུད་འཚར་ལོངས་ཀྱི་ཁོར་ཡུག་དང་ཁྱིམ་རྒྱུད་ཀྱི་ཤུགས་རྐྱེན་འོག་དམངས་ཁྲོད་གླུ་གར་ལ་དད་མོས་ཤུགས་ཆེར་འཕེལ་ཏེ། སྔ་རྗེས་སུ་སྤོ་བོ་ཟླ་བ་འཕྲིན་ལས་ལགས་དང་གཅེན་པོ་བསྟན་འཛིན་དངོས་གྲུབ་སོགས་ཀྱི་མདུན་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆ་སྒྲ་སྙན་ལ་གོམ་པ་རིམ་བགྲོད་ཀྱི་སློབ་གཉེར་བྱས། ད་བར་དམངས་གླུ་བསྡུ་སྒྲིག་དང་གཏོང་ལེན་ཆེད་བསྒྲིགས་ཁག་བཞི་དང་། དྲ་ཐོག་ཏུ་འགྲེམས་སྤེལ་བྱས་པའི་རྐྱང་གཞས་སོགས་ཁྱོན་བསྡོམས་གླུ་སྣ་དྲུག་བཅུ་ལྷག་ཙམ་ཡོངས་འགྲེམ་ཞུས། ༢༠༡༦ལོར་བོད་ལྗོངས་གཙང་པ་ནོར་བུ་རིག་གནས་སྒྱུ་རྩལ་ཟབ་སྦྱོང་ཚད་ཡོད་ཀུང་སི་གསར་དུ་བཙུགས་ཏེ། ཕ་ཡུལ་གཙང་གི་དམངས་ཁྲོད་སྒྱུ་རྩལ་སྤྱི་དང་། བྱེ་བྲག་གཙང་པའི་སྒྲ་སྙན་དཀྲོལ་སྲོལ་དང་། སྟོད་གཞས་འཁྱབ་སྲོལ། དམངས་གླུ་འཚོལ་བསྡུ་སོགས་གང་ས་ཅི་ཐད་ལ་འབྲས་བཟང་མི་དམན་པ་ཐོབ་རྐྱེན། ༢༠༢༢ལོར་གཞིས་ཀ་རྩེ་གྲོང་ཁྱེར་རོལ་དབྱངས་དང་ཞབས་བྲོ་ཟློས་གར་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ༢༠༢༥ལོར་བོད་རང་སྐྱོང་ལྗོངས་རོལ་དབྱངས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མིར་བདམས་ཐོན་བྱུང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号