ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > «མཚོ་བྱང་གེ་སར་རིག་གནས་ཀྱི་རྣམ་བཤད་རབ་གསལ་ཤེལ་གྱི་མེ་ལོང་།»སྒོར་ཐོན་པ།
«མཚོ་བྱང་གེ་སར་རིག་གནས་ཀྱི་རྣམ་བཤད་རབ་གསལ་ཤེལ་གྱི་མེ་ལོང་།»སྒོར་ཐོན་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-01-09 08:35:58
ཀློག་གྲངས།:
ཉེ་ཆར། གཅོད་པ་དོན་གྲུབ་དང་སྙིང་བོ་ཚེ་རིང་། ཕག་པོ་དོན་གྲུབ་བཅས་ཀྱི་སྒྲིག་རྩོམ་བྱས་པའི་དེབ་གསར«མཚོ་བྱང་གེ་སར་རིག་གནས་ཀྱི་རྣམ་བཤད་རབ་གསལ་ཤེལ་གྱི་མེ་ལོང་།»ཞེས་པ་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

མཚོ་བྱང་གེ་སར་རིག་གནས་ཀྱི་རྣམ་བཤད་རབ་གསལ་ཤེལ་གྱི་མེ་ལོང་ཞེས་པའི་དེབ་འདི་ནི་མཚོ་སྔོན་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། སྐོར་ཞིབ་པ། ཞིབ་འཇུག་པ་ཆེན་མོ། གེ་སར་རིག་པའི་ཆེད་མཁས་པ་གཅོད་པ་དོན་གྲུབ་དང་། སྙིང་བོ་ཚེ་རིང་། ཕག་མོ་དོན་གྲུབ་གསུམ་གྱིས་མཉམ་འབྲེལ་གྱིས་བྲིས་ཤིང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་མཚོ་བྱང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅོན་གཉིས་ཀྱིས་གླེང་གཞི་བྲིས། དེབ་ཧྲིལ་པོར་ལེའུ་བརྒྱད་ཀྱིས་གྲུབ་ཅིང་རྒྱ་བོད་ཤན་སྦྱར་དང་ཡིག་རིས་ཟུང་འབྲེལ་ཡིན། ཡིག་འབྲུ་ཁྲི50ཉེ་བས། མཚོ་བྱང་ས་ཁུལ་ལ་གེ་སར་ཞིབ་འཇུག་གི་ཆེད་དེབ་མེད་པའི་སྟོང་ཆ་བསྐངས་ཡོད།

འདིར་ཡུལ་དངོས་རྟོག་ཞིབ་དང་ཡིག་ཆ་ཞིབ་ཀློག་ཟུང་དུ་སྦྲེལ་ནས་མཚོ་བྱང་ས་ཆའི་གེ་སར་ཤུལ་རྟེན་གཏམ་རྒྱུད་བདུན་ཅུ་ལྷག་དང་། སྒྲུང་པ་བཅུ་གཅིག གེ་སར་ཟློས་གར་ཚོགས་པ་དྲུག་གི་ལོ་རྒྱུས་གསལ་བོར་བཀོད་ཡོད་པར་མ་ཟད། རྒྱལ་ཁབ་ཕྱི་ནང་དང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གེ་སར་རིག་གནས་སྲུང་སྐྱོབ་དང་ཞིབ་འཇུག་གི་གནས་ཚུལ་གསལ་བོར་བཀོད་ཡོད་པས། དེབ་འདི་པར་ཏུ་སྐྲུན་པ་ལ་བརྟེན་ནས་སྤྱིར་གེ་སར་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་སྐུལ་འདེད། ལྷག་པར་མཚོ་བྱང་ས་ཆའི་གེ་སར་རིག་གནས་སྔོག་འདོན་དང་སྲུང་སྐྱོབ། ཞིབ་འཇུག །རིག་གནས་ཡུལ་སྐོར་དང་རིག་གནས་ཐོན་ལས་གསར་སྤེལ་ལ་རིག་གཞུང་གི་རོགས་འདེགས་གང་ལེགས་བྱ་ནུས་པར་གདོན་མི་ཟའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号