མཚོ་ལྷོ་ཁུལ་ཡོངས་ཀྱི་སྲིད་གྲོས་སྡེ་ཁག་གི་གསར་འགྱུར་དྲིལ་སྒྲོག་བྱ་བའི་མཐོར་འདེགས་ལོའི་བྱ་འགུལ་དང་ཨུ་ཡོན་ལས་སྒྲུབ་ཁང་གི་འཛུགས་སྐྲུན་བཀོད་སྒྲིག་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2026-04-10 08:55:59 ཀློག་གྲངས།:
       ཉེ་ལམ། མཚོ་ལྷོ་ཁུལ་ཡོངས་ཀྱི་སྲིད་གྲོས་སྡེ་ཁག་གི་གསར་འགྱུར་དྲིལ་སྒྲོག་བྱ་བའི་མཐོར་འདེགས་ལོའི་བྱ་འགུལ་དང་ཨུ་ཡོན་ལས་སྒྲུབ་ཁང་གི་འཛུགས་སྐྲུན་བཀོད་སྒྲིག་ཚོགས་འདུ་བསྡུས་ཤིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅིན་ཡུང་ཅེ་ཡིས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་བཤད། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོའམ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གསེར་བཟང་། ཨུ་ཡོན་ལྷན་ཁང་དང་གཞུང་སྒྲུབ་ཁང་སོ་སོའི་འགན་འཁུར་བློ་མཐུན། དེ་མིན་རྫོང་སོ་སོའི་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཚོགས་འདུ་ལ་ཞུགས།
       ཚོགས་འདུ་ལས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བྱེད་ཐབས་ཞེས་པར་སློབ་སྦྱོང་བྱས་ཤིང་། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིང་གི་གསར་འགྱུར་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། ཁུལ་ཡོངས་ཀྱི་སྲིད་གྲོས་སྡེ་ཁག་གི་གསར་འགྱུར་དྲིལ་སྒྲོག་བྱ་བའི་མཐོར་འདེགས་ལོའི་བྱ་འགུལ་ལག་བསྟར་ཇུས་གཞི་དང་ཁུལ་སྲིད་གྲོས་ཨུ་ཡོན་ལས་སྒྲུབ་ཁང་གི་འཛུགས་སྐྲུན་ཇུས་གཞིར་གསལ་བཤད་གནང་བ་རེད།
       ཚོགས་འདུ་ལས་གསར་འགྱུར་དྲིལ་སྒྲོག་མཐོར་འདེགས་ལོའི་བྱ་འགུལ་དམ་འཛིན་སྒོས་སྲིད་གྲོས་ཀྱི་ལས་འགན་གཙོ་བོར་དམིགས་ཏེ། ཁྱོན་ཡོངས་ནས་དྲིལ་སྒྲོག་ལས་འགན་ལག་ལེན་དང་དཔེ་མཚོན་ཉམས་མྱོང་སྔོག་འདོན་བྱས་ནས། འབྲེལ་མཐུད་དྲིལ་སྒྲོག་གི་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། དྲིལ་སྒྲོག་བྱ་བའི་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས། ཡོད་པ་དྲུག་གི་ཚད་གཞི་ལག་བསྟར་ནན་མོ་བྱས་ཏེ། ཨུ་ཡོན་ལས་སྒྲུབ་ཁང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། ཁྱད་ལྡན་སྤྱི་སྟེགས་བསྐྲུན་པར་ཟུང་འབྲེལ་བྱེད་པ་དང་། འགན་ནུས་གཙོ་བོར་གཞིགས་ནས་དུས་རྒྱུན་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་། མང་ཚོགས་ལ་འབྲེལ་འདྲིས་དང་གྲོས་མོལ་བྱེད་པའི་གནས་གཙོ་བོ་ཞིག་ཏུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན། 
       ཚོགས་འདུ་ལས་ཁུལ་ཡོངས་ཀྱི་སྲིད་གྲོས་སྡེ་ཁག་གིས་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བཟུང་སྟེ། དྲིལ་སྒྲོག་བྱ་བའི་སྤུས་ཚད་དང་ཨུ་ཡོན་ལས་སྒྲུབ་ཁང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ། མཐུན་སྦྱོར་མཉམ་ལས་ཇེ་དྲག་ཏུ་གཏོང་བ། དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྔོན་ཐོན་དཔེ་མཚོན་དྲིལ་སྒྲོག་བཅས་བྱས་ཏེ་སྲིད་གྲོས་ཀྱི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་ལས་རིགས་ཁག་གི་ལྟ་བ་གཅིག་མཐུན་ཡོང་བར་བྱས་ནས། མཚོ་ལྷོའི་དེང་རབས་ཅན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་བླང་བྱ་བཏོན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།