-
[སྐབས་བབ་སྲིད་དོན།]
མཚོ་སྔོན་པོའི་འབབ་རྒྱུད་དུ་རི་ཆུ་ནགས་ཞིང་མཚེའུ།རྩྭ་ཐང་དང་བྱེ་མ་གཞི་གཅིག་ཅན་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།
ཉེ་ལམ།གསར་འགོད་པས་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱ་བ་སྤེལ་བ་ནས་བཟུང་།མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་གསུམ་དང་ས་ཞིང་།མཚེའུ།རྩྭ་ཐང་དང་བྱེ་མ་གཞི་གཅིག་ཅན་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་ཕྱོགས་ཡོངས་ནས་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་།མིག་སྔར་བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བདུན་བཏང་།...
2025-02-10 09:18:40 མཚོ་སྔོན་པོ་དྲ་བ། 649 -
[སྐབས་བབ་སྲིད་དོན།]
སློབ་གསོ་པུའུ་ཡིས«སློབ་གྲྭ་ཆུང་འབྲིང་སློབ་མའི་སློབ་ཁོངས་དོ་དམ་བྱེད་ཐབས»ལ་བཟོ་བཅོས་བརྒྱབ་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སློབ་ཁོངས་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་།སློབ་ཁོངས་དོ་དམ་ཚད་ལྡན་ཅན་དང་ཚན་རིག་ཅན།གྲངས་གཞི་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།སློབ་ལོ་རན་པའི་བྱིས་པ་ལོ་ཆུང་གི་སློབ་གསོའི་ཁེ་དབང་ལ་འགན་ལེན་བྱ་ཆེད།སློབ་གསོ་པུའུ་ཡིས«སློབ་གྲྭ་ཆུང་འབྲིང་སློབ་མའི་སློབ་ཁོངས་དོ་དམ་བྱ་ཐབས»(གཤམ་དུ་བསྡུས་མིང་ལ«བྱ་ཐབས»ཞེས་བརྗོད་རྒྱུ)ལ་བཟོ་བཅོས་བརྒྱབ་པ་རེད།ཉེ་ཆར་གསར་དུ་བཟོ་བཅོས་བརྒྱབ་པའི«བྱ་ཐབས»དངོས་སུ་པར་འགྲེམས་བྱས།«བྱ་ཐབས»ལ་སྤྱིའི་སྒྲིག་སྲོལ་དང་།སློབ་ཁོངས་འཛུགས་པ་དང་གསར་བསྒྱུར།སློབ་ཁོངས་འགྱུར་ལྡོག་དོ་དམ།འགན་སྲུང་བྱེད་ཐབས།ཟུར་བཀོད་སྒྲིག་སྲོལ་བཅས་ལེའུ་ལྔ་དང་དོན་ཚན30དབྱེ་ཡོད།...
2025-02-08 08:47:51 རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 1032 -
ཟླ1པོའི་ཚེས23ཉིན་གྱི་ཕྱི་དྲོར།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ཁུལ་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས།...
2025-01-24 10:04:41 མཚོ་སྔོན་པོ་དྲ་བ། 1355 -
[སྐབས་བབ་སྲིད་དོན།]
ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་འཚོགས།
ཟླ1པོའི་ཚེས13ཉིན།ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་འཚོགས་ཤིང་།ཚང་འཛོམས་གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ།ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་ནན་མོ་བྱས...
2025-01-15 08:55:07 མཚོ་སྔོན་པོ་དྲ་བ། 1600 -
ཉེ་སྔོན།མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་གུང་ཧོ་རྫོང་དུ་སོང་ནས་དུས་ཆེན་གཉིས་ལ་འཚམས་འདྲི་ཞུ་བའི་བྱ་འགུལ་སྤེལ་བ་རེད།ཁུལ་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་རྡོ་རྗེ་ཚེ་བརྟན་དང་ཁུལ་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ཀྲུའུ་རེན་འཕགས་མོ་ཚེ་རིང་གི་ཁྱིམ་དུ་ཀརྨ་ཕུན་ཚོགས་ཀྱིས་ཁོ་ཚོ་དང་གླེང་མོལ་བྱས་ཏེ་ཁོང་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་རེད།...
2025-01-14 09:27:08 མཚོ་སྔོན་པོ་དྲ་བ། 1851 -
[སྐབས་བབ་སྲིད་དོན།]
མཚོ་ལྷོ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྣེ་ཁྲིད་ཁུལ་སྐྲུན་པ།
ཉེ་ཆར།མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“མཚོ་སྔོན་ཤེས་པ་མཚོ་སྔོན་ལ་དགའ་མཚོ་སྔོན་དར་རྒྱས་ཡོང་བ་བྱེད་པའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་ཧའེ་ནན་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་དོན་ཡོངས་བསྒྲགས་ཚོགས་འདུ་འཚོགས།མཚོ་ལྷོ་ཁུལ་གྱིས་ལྗང་མདོག་རྨང་གཞི་ཟབ་འཛུགས་དང་།རིགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ལ་དམིགས་བ།དམངས་འཚོ་དམའ་ཐིག་སྲ་བརྟན་དུ་གཏོང་བ།བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་བ་བཅས་ཕྱོགས་ལྔའི་ཐད་ནས་ཁྱབ་སྒྲོག་ངོ་སྤྲོད་བྱས།...
2025-01-09 08:49:17 མཚོ་སྔོན་པོ་དྲ་བ། 1788 -
ཉེ་སྔོན།མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཐུན་ཏེ་རྫོང་དང་ཞིན་ཧེ་རྫོང་དུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་ཡོང་བ།གཞི་རིམ་ཏང་འཛུགས་སྐྱོང་གི་གཅིག་ཅན་དྲུགགཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ།ལས་གཞི་གཙོ་བོའི་འཛུགས་སྐྲུན་དང་དགོན་སྡེ་དོ་དམ་སོགས་ཀྱི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་སོང་བ་རེད།...
2024-12-18 11:55:41 མཚོ་སྔོན་པོ་དྲ་བ། 2460 -
ཉེ་སྔོན།མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་མགོ་འཛིན་བྱས་ཏེ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།འབྲེལ་ཡོད་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས་རྗེས་ཕྱོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།...
2024-12-05 07:48:40 མཚོ་སྔོན་པོ་དྲ་བ། 3014 -
[སྐབས་བབ་སྲིད་དོན།]
མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་གྱི་འཕེལ་ཚད་རྒྱལ་ཡོངས་དཔེ་སྟོན་ཁུལ11ཁྲོད་ཨང་དང་པོར་སླེབས་པ།
ཟླ11པའི་ཚེས29ཉིན།གསར་འགོད་པས་ཤེས་གསལ་ལྟར་ན།ཉེ་སྔོན་ཀྲུང་གོའི་དུས་རབས21པའི་གྲོས་རིམ་དོ་དམ་ལྟེ་གནས་ཀྱིས་ཧྲེན་ཀྲེན་དུ«རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་གྱི་ལོ་འཁོར་སྙན་ཞུ2024»ཁྱབ་སྒྲོག་བྱས་ཤིང་།དཔེ་སྟོན་ཁུལ11གི2023ལོ་འཁོར་གྱི་ལས་དོན་སྤེལ་ཚུལ་དང་ཚན་རྩལ་པུའི་ལྟ་ཞིབ་ཚད་ལེན་གཞིར་བཟུང་ནས་དཔེ་སྟོན་ཁུལ་གྱི་ལས་དོན་སྤེལ་ཚུལ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྟོན་གྲངས་གཉིས་ནས་དཔེ་སྟོན་ཁུལ་གྱི་དཔྱད་དཔོག་སྟོན་གྲངས་མ་ལག་བཙུགས་ཏེ།དཔེ་སྟོན་ཁུལ་ཁག་གི་ལས་དོན་སྤེལ་ཚུལ་ལ་དོན་དངོས་དང་ཚད་འབེབས་ཀྱི་གདེང་འཇོག་བྱས་པ་རེད།དེའི་ནང་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཁག་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ11གི་གསོན་ཤུགས་ལ་གདེང་འཇོག་བྱེད་པའི་ཁྲོད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱིའི་གནས་ཚུལ་དང་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་ལ“ཨང་དང་པོ་གཉིས”ཐོབ་ཡོད་པ་རེད།...
2024-12-03 13:16:11 མཚོ་སྔོན་པོ་དྲ་བ། 3408 -
ཉེ་སྔོན།རང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་ནུབ་ཁུལ་དུ་རྟོག་ཞིབ་ཏུ་ཕྱིན་ནས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ།ས་ཁོངས་བར་གྱི་མཉམ་འབྲེལ་བྱེད་པའི་བྱ་བར་གྲོས་མོལ་བྱས་ནས་ས་ཁུལ་གཉིས་ཀྱིས་སྔར་ལས་མཉམ་འབྲེལ་ནན་མོ་དང་།ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ལ་གྲོས་བསྡུར་བྱས།ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་གསུང་བཤད་གནང་བ་དང་།མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་ཀྲུའུ་ཞང་ཏུང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་རེད།མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས།མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་ཆའོ་ཡཱ་ཆོན་གཉིས་ཀྱིས་ས་གནས་སོ་སོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།...
2024-11-28 08:35:36 མཚོ་སྔོན་པོ་དྲ་བ། 3450