ལིས་ཀང་གིས་གུང་ཧོ་རྫོང་དུ་བྱ་བར་རྟོག་ཞིབ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-09-04 08:05:35
ཀློག་གྲངས།:
ཟླ9པའི་ཚེས2ཉིན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་གུང་ཧོ་རྫོང་ཚལ་རྔ་འགག་ཆུ་མཛོད་མཐའ་འཁོར་དུ་གཙོ་གནད་སྐྱེ་ཁམས་བཟོ་བཀོད་འཛུགས་སྐྲུན་ལ་རྟོག་ཞིབ་བྱས་ཤིང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱེ་འགོག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་གུང་ཧོ་གཤོང་སའི་བྱེ་འགོག་ལས་དོན་ལེགས་པར་བསྒྲུབ་དགོས་ཞེས་བསྟན།
ལིས་ཀང་གིས་བྱེ་འགོག་བྱེ་བཅོས་དང་བྱེ་འགྱུར་ས་ཞིང་གི་སྐྱེ་ཁམས་ཉམས་གསོའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། བཟོ་བཀོད་འཛུགས་སྐྲུན་གྱི་འཕེལ་རིམ་དང་སྡོང་ཕྲུག་གི་སྐྱེས་ཚད་ལ་རྟོག་ཞིབ་བྱས་ཤིང་། ཁོས་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཁུང་དུ་ཆུད་པར་བྱས་ཏེ། འཆར་འགོད་སྔོན་ལ་ལག་བསྟར་བྱེད་པར་དོ་སྣང་དང1+3+Nགྱི་བྱེ་འགོག་བྱེ་བཅོས་ཀྱི་སྤྱིའི་བཀོད་པར་གཞིགས་ནས་སྐྱེ་ཁམས་བྱེ་འགོག་གི་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་ཚན་རྩལ་གྱི་རམ་འདེགས་དང་འཕྲུལ་ཆས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། བཟོ་བཀོད་བྱེ་འགོག་དང་སྐྱེ་དངོས་བྱེ་བཅོས། འོད་ནུས་བྱེ་འགོག་བཅས་ཀྱི་བྱེད་ཐབས་གཙོར་བཟུང་ནས་ལྗང་སྒྱུར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་བྱེ་རླུང་གི་གནོད་འཚེ་ཆུང་དུ་གཏོང་དགོས།
བཟོ་བཀོད་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལ་དམ་འཛིན་དང་ལས་ཀའི་དུས་ཚོད་ལྡོག་སྒྲིག་བྱས་ནས་ལོ་གསུམ་གྱི་འགག་སྒྲོལ་འགུལ་སྐྱོད་ཀྱི་ལས་འགན་སྔོན་ལ་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱས་ཏེ། རེས་སྐོར་གསར་བའི་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་གྱི་འགུལ་སྐྱོད་སྔོན་ལ་འཆར་འགོད་བྱ་དགོས། སྡོང་ཕྲུག་སྐྱེས་ཚད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཞིབ་མོ་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སྡོང་ཕྲུག་གི་སྐྱེས་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་ནུས་ལྡན་འཚོལ་ཞིབ་དང་། རྗེས་ཕྱོགས་ཀྱི་སྐོར་ཞིབ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྡོང་འཛུགས་ནགས་སྐྲུན་གྱི་སྤུས་ཚད་ལ་འགན་ལེན་དང་བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།