ངོས་དང་པོ > སྐབས་དོན། > སྣ་ཚོགས། > བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེ་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2025-02-10 09:56:41
ཀློག་གྲངས།:
ཉེ་ཆར། རང་བྱུང་ཐོན་ཁུངས་དངོས་རྫས་ས་གཤིས་རྒྱུ་ཆའི་ལྟེ་གནས་ཀྱི་ཚན་ཞིབ་རུ་ཁག་གིས་བོད་ལྗོངས་ཤར་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་གདུང་མདོ་སྡེ་བའི་ཀྲུའུ་ལུའོ་ཐོང་བར་མའི་ཤར་ཟམ་ཆེན་ཚོ་ཆུང་དུ་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་གལ་ཆེན་གཉིས་གསར་རྙེད་བྱུང་ཞིང་། དེའི་ཁྲོད་ཀྱི་གཅིག་ནི་མིག་སྔར་རྙེད་པའི་འཛམ་གླིང་ཐོག་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་འགྱུར་རྡོ་ཡིན་པ་རེད། ལས་གཞི་འདི་ལ་ཀྲུང་གོའི་ས་གཤིས་བརྟག་དཔྱད་ཅུས་དང་ཀྲུང་གོའི་ས་གཤིས་སློབ་ཆེན(པེ་ཅིན)དུས་བརྟག་གྲངས་འཛིན་ས་ངོས་མདུན་གྲལ་ཚན་རིག་ལྟེ་གནས་སོགས་ཀྱིས་མ་དངུལ་བཏང་ཡོད།

མདོང་མདོ་ས་ཁུལ་ནས་རྙེད་པའི་རྐང་རྗེས་ཡོད་ས་གཉིས་ཀྱི་ཁྲོད་དུ་སྔ་དུས་ཀྱི་རྩངས་པའི་རྐང་པའི་རིགས་དང་གཅན་གཟན་གྱི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྗེས་ཤུལ་ཟིན་ཐོ་འདུས་པ་དང་། རྗེས་ཤུལ་འགྱུར་རྡོ་དང་པོ་ནི་གཅན་གཟན་གྱི་རྐང་པའི་རིགས་ཀྱི་ཁུང་འབྲུག་ཆེ་གྲས་ཀྱི་རྐང་རྗེས་གསུམ་བསྟུད་མར་བཀོད་པའི་རྗེས་ཤུལ་ཞིག་ཡིན་ལ། དེ་ཐོག་འབྲུག་གི་རྐང་རྗེས་ཚནEubrontidaeལ་གཏོགས། རྗེས་ཤུལ་འགྱུར་རྡོ་གཉིས་པ་ཅུང་ཆུང་ལ། ཁེར་རྐྱང་གི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་ལས་ཐོག་འབྲུག་ཕལ་བའི་རྐང་རྗེས་གཏན་འཁེལ་བྱས་མེད་པའི་རིགསParabrontopodus ispལ་གཏོགས། རྐང་རྗེས་ཀྱི་ཆེ་ཆུང་ལ་ལི་སྨི8.8ནས15.5ཡི་བར་ལྟར་ཡོད་ལ། ལོ་རྒྱུས་ཐོག་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་རྐང་རྗེས་དང་འདྲ་ཞིང་། རྐང་རྗེས་འགོད་མཁན་ཁུང་འབྲུག་གི་གཟུགས་པོའི་རིང་ཚད་ལ་སྨི2ནས3ཙམ་ཡོད་ངེས།

ཐེངས་འདིར་གསར་རྙེད་བྱུང་བའི་འགྱུར་རྡོ་གསར་བའི་བདེན་དཔང་གིས་གོམ་གང་མདུན་སྤོས་ངང་སྔར་གྱི་ཆ་འཇོག་དེ་ཁུངས་བཙུན་དུ་བཏང་ཡོད་པ་སྟེ། དེ་ནི་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དུ་གནའ་བོའི་ཐི་ཐེ་སི་རྒྱ་མཚོའི་ཆ་ཤས་ཡོད་མྱོང་བ་དང་། ཀྲུའུ་ལུའོ་ཅི་དུས་སྐབས་བར་མའི་ཁུང་འབྲུག་ཁྱུ་ཚོགས་ནི་གཙོ་བོ་རྩངས་པའི་ཚང་རུས་ཅན་གྱི་ཁུང་འབྲུག་ཡིན། ཟིན་ཐོ་གསར་བ་འདི་དག་གིས་ཆབ་མདོ་ས་ཁུལ་གྱི་རྩངས་པའི་རྐང་པའི་རིགས་ཀྱི་རྐང་རྗེས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ས་གནས་འདི་རུ་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་ཆུང་གྲས་བྱུང་མྱོང་སྲིད་པ་མཚོན་པར་མ་ཟད། རྩངས་པའི་རྐང་པའི་རིགས་ཀྱི་སྔ་གྲུབ་རང་བཞིན་དང་ལོ་ཚོད་བར་ཁྱད་ལ་བདེན་དཔང་མཁོ་འདོན་བྱས་ཡོད། གཞན་གཅན་གཟན་གྱི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་ནི་ཐོག་འབྲུག་གི་རྐང་རྗེས་ཚན་དུ་གཏོགས་པ་དང་། གཅན་གཟན་གྱི་རྐང་པའི་རིགས་ཀྱི་ཁུང་འབྲུག་ཆེ་གྲས་འདི་དག་གི་རྐང་རྗེས་ནི་ས་ཁུལ་འདི་རུ་ཅུང་ཙམ་མཐོང་དཀོན། མདོར་ན། མ་མཐའ་ཡང་རྗེས་ཤུལ་འགྱུར་རྡོའི་ཚོགས་པ་ལ་གཞིགས་ན། བོད་ལྗོངས་ཤར་རྒྱུད་འདུས་པའི་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་ཀྲུའུ་ལུའོ་དུས་རབས་ཀྱི་ཁུང་འབྲུག་ཁྱུ་ཚོགས་ནི་གཙོ་བོ་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་ཡིན་པ་རྟོགས་ཐུབ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།